དབྱངས་ཅན་མ་རྩོམ་རིག་འགྲན་བསྡུར་གྱི་གསལ་བརྡ།
རྣམ་དཔྱོད་ཡངས་པའི་རྒྱ་ཆེའི་སྨྱུག་ཐོགས་པ་རྣམ་པའི་སྤྱན་ལམ་དུ་ཞུ་འབྲས།
ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་བཀྲ་ཤིས་བརྩེགས་པའི་སྐལ་བཟང་གི་དུས་འདིར། འདས་པའི་ལོ་ཟླར་འོད་སྟོང་འབར་ཞིང་། མ་འོངས་པར་རེ་བས་བརྟས། བགྲང་བྱ་བདུན་ཅུའི་རིང་། རྩོམ་རིག་ཁོ་ནའི་ངོས་ནས་གླེང་ཡང་། ཡུལ་ཤུལ་གྱི་རྩོམ་རིག་གི་བྱ་བ་གོང་དུ་འཕེལ་ཞིང་། རྩོམ་པ་པོའི་རུ་དཔུང་སྔར་ལས་རྒྱས། ལྷག་པར། ཞི་ཅིན་ཕན་གྱི་རིག་གནས་ཡིད་རྟོན་ནི་མི་རིགས་འཕེལ་རྒྱས་ཀྱི་གལ་ཆེན་རང་བཞིན་ཡིན་པའི་དགོངས་དོན་ལག་བསྟར་བྱས་ཏེ། གཞོན་ནུ་སྨྱུག་ཐོགས་པ་མང་པོས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱ་བ་གཙུག་ཏུ་བཀུར།
བགྲང་བྱ་བདུན་ཅུའི་བཀྲ་ཤིས་ཁུལ་སྟོན་ལ་དམིགས་ཏེ།ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། དབྱངས་ཅན་མ་རྩོམ་རིག་ཚོགས་པ་གཉིས་ཀྱིས་མཉམ་དུ་སྒྲུབ་པའི2021ལོའི་དབྱངས་ཅན་མ་རྩོམ་རིག་བྱ་དགའ་འགྲན་བསྡུར་གྱི་བྱ་འགུལ་འདི་སྤེལ་བ་དང་།རྒྱ་ཆེ་བའི་འགྲན་ཞུགས་སྨྱུག་ཐོགས་པ་རྣམ་པས་ཡིད་འཇོག་བྱ་རྒྱུར་གཤམ་གསལ།
༡ གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་སྐད་ཆའི་སྒྱུ་རྩལ་བླ་ལྷག་མངའ་བའི་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་གང་རུང་གིས་བྲིས་པའི་བརྩམས་ཆོས་ཡིན་དགོས།
༢ རྩོམ་གྱི་བརྗོད་བྱ་བདེ་ཐང་ལ་དམིགས་ཏེ་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་རྩོམ་ཡིག་བསྡུ་རུག་མི་བྱ་ལ།འགྲན་རྩོམ་དེ་ངེས་པར་དུ་དུས་དེབ་དང་ཚགས་པར། དྲྭ་ཐོག་གང་དུའང་བཀོད་མ་མྱོང་བའི་གསར་བྲིས་ཁོ་ན་ཡིན་དགོས།
༣ རྩོམ་ཡིག་གི་ནང་དོན་ནི། ལོ་ངོ་བདུན་ཅུའི་རིང་གི་ཕ་ཡུལ་གྱི་འཛུགས་སྐྲུན། བསམ་བློའི་འཕོ་འགྱུར། མི་ཚེའི་རིན་ཐང་། རིག་གནས་དར་སྤེལ། རི་ལུང་གི་མཛེས་སྡུག དུས་ཀྱི་འཕོ་འགྱུར་སོགས་དང་འབྲེལ་བའི་རྩོམ་ཡིག་མ་གཏོགས། དེ་ལས་ནང་དོན་གཞན་པའི་རྩོམ་ཡིག་འགྲན་བསྡུར་དུ་ཞུགས་མི་ཆོག
༤ འགྲན་ཞུགས་བརྩམས་ཆོས་ཁྲོད་ལས་བརྩམས་ཆོས་རྩེ་གྲ་དེ་གདམ་ནས2021ལོའི་དབྱངས་ཅན་མ་རྩོམ་རིག་གི་བྱ་དགའ་དབུལ་རྒྱུ་ཡིན་བ་དང་། འགྲན་ཞུགས་ཁྲོད་ཀྱི་ལེགས་རྩོམ་དག་བསྡུས་ཏེ། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་ནས་འབྲུ་སྔོན་མོ་ཞེས་པའི་དུས་དེབ་ཏུ་འགོད་རྒྱུ་ཡིན།
༥ འགྲན་རྩོམ་ཞུགས་མཁན་ལ་སྐྱ་སེར་དང་རིགས་རུས། ལོ་གྲངས་ཀྱི་དབྱེར་མེད་ཀྱང་རྩོམ་པ་པོ་ངེས་པར་དུ་ཡུལ་ཤུལ་པའམ་ཡང་ན་ཡུལ་ཤུལ་དུ་འཚོ་སྡོད་བྱེད་མཁན་འབའ་ཞིག་ཡིན་དགོས།
༦ རྩོམ་པ་པའི་མིང་དང་ས་གནས། འབྲེལ་གཏུག་ཁ་པར་བཅས་གསལ་བོ་བྲི་དགོས།
༧ འགྲན་རྩོམ་དག2021ལོའི་ཟླ4པའི་ཚེས1ཚུན་བསྡུ་མཚམས་གཞག་རྒྱུ་ཡིན་པས། དེའི་ཡར་སྔོན་དུ་ཧི་གཟུགས་ཀྱིས་སྤུས་དག་བྲིས་ཏེgangz66@163.comཞེས་པའི་ཡིག་སྒོམ་ནང་དུ་བསྐུར་བ་དང་ཆབས་ཅིག་ཁ་པར་ཨང་གྲངས18583381376ལ་འབྲེལ་གཏུགས་བྱ་རོགས།
ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།
དབྱངས་ཅན་མ་རྩོམ་རིག་ཚོགས་པ།
2021.1.1ཉིན་ཕུལ།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author