前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

མཚོ་སྔོན་ནས་ཤྭ་བ་མཆུ་དཀར6འབྲི་ཆུའི་དར་ནང་ནས་བསྐྱབས།

今日藏乡 杷青 Pagchen 2022-07-26


ཟླ1བོའི་ཚེས5ཉིན་གྱི་ཕྱི་དྲོར། རང་ཞིང་གི་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཁོངས་ཀྱི་འབྲི་ཆུར་དར་ཆགས་ཡོད་ཅིང་ཤྭ་བ་མཆུ་དཀར6དཀར་ཞིང་མཐུག་པའི་དར་ཁྲོད་དུ་ཟུག་ཡོད་པ་དང་དེའི་ཁྲོད་ཀྱི་ཤྭ་བ1ལ་སྲོག་ཆགས་གཞན་གྱིས་ཕར་རྒོལ་བྱས་ཏེ་རྨས་སྐྱོན་ཕོག་འདུག ས་གནས་དེ་གའི་བདག་སྐྱོང་བས་མཐོང་རྗེས་མྱུར་ཏུ་མི་སྣ་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ལྷག་ཙམ་ཡོད་པ་དང་དྲོད་ཚད་གོར་ཐིག་མན་གྱི་ཏུའུ20℃ཡི་ཁོར་ཡུག་ཏུ་ཁོ་ཚོས་བདེ་འཇགས་ལ་མ་འཛེམ་པར་ཤྭ་བ་མཆུ་དཀར་སྐྱོབ་གང་ཐུབ་བྱས་པས་སྙིང་རྗེ་བའི་ཤྭ་བ་དེ་དག་ཚང་མ་སྐྱོབས་ཐུབ་འདུག


གསར་འགོད་པས་ཆུ་དམར་ལེབ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ1བོའི་ཚེས5ཉིན། འབའ་དགོན་ཞང་གཏེར་ཆུ་སྡེ་བའི་བདག་སྐྱོང་བ་ཉི་མ་དང་བློ་བཟང་ཆོས་རྒྱལ། ཀུན་དགའ། བསྟན་འཛིན་རྡོ་རྗེ། རྟ་མགྲིན་རྡོ་རྗེ་སོགས་ཀྱིས་འབྲི་ཆུའི་འབབ་རྒྱུད་དུ་སྐོར་གཡེང་བྱེད་སྐབས། ཁོ་ཚོས་ཤྭ་བ་མཆུ་དཀར་འགའ་དར་ནང་དུ་ཟུག་ཡོད་པ་མཐོང་། ངལ་དུབ་ཀྱིས་མནར་བའི་ཤྭ་བ་མཆུ་དཀར་དེ་དག་འགྲོ་མི་ཐུབ་ལ་འགུལ་ཡང་མི་ཐུབ་པར་ལུས་འདུག དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ལ་དར་སོབ་ཆུའི་བཞུར་རྒྱུན་དང་བསྟུན་ཏེ་ཞུ་ནས་བཞུར་སྲིད་པས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་དེ་དག་ཚང་མ་ཆུའི་སྨད་རྒྱུད་དུ་ཁུར་སྲིད་པའམ་ཡང་ན་ཐད་ཀར་གཙང་པོའི་ནང་དུ་འཁྱགས་ཤི་ཐེབས་སྲིད།
བདག་སྐྱོང་བ་ཉི་མ་སོགས་ཀྱིས་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་འཁྱག་ནས་རུས་ཟུག་རྒྱག་པའི་ཆུ་འཁྱགས་ནང་ལྡིང་ནས་འཕྲལ་མར་རོགས་སྐྱོབ་བྱས། དར་ཆུས་ཞུ་འགོ་ཚུགས་ནས་དར་གྱི་བང་རིམ་མཐུག་པོ་དེ་གཙང་པོ་དང་བསྟུན་ནས་བཞུར་མགོ་བརྩམས། ཉི་མ་སོགས་ཀྱིས་རང་ཉིད་ཀྱི་བདེ་འཇགས་ལ་མ་བལྟོས་པར་དུས་ཚོད་དང་འགྲན་བཙུགས་ནས་ཤྭ་བ་མཆུ་དཀར་དེ་དག་སྐྱོབ་རྩིས་བྱས་པ་དང་ཚང་མས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཤྭ་བ་མཆུ་དཀར་དེ་དག་གཞི་ནས་མཚོ་འགྲམ་དུ་བསྐྱབས་རྗེས། བཞུར་བཞིན་པའི་ཆུ་ངོས་ལ་བལྟས་ཚེ་འཁྱགས་ནས་འདར་བཞིན་པའི་ཉི་མ་སོགས་ཀྱི་སེམས་ཁམས་ད་དུང་ལྷིང་འཇགས་ཡོང་མི་ཐུབ་པར་གནས་འདུག

ལྟ་ཞིབ་བྱས་པ་བརྒྱུད། ཤྭ་བ་མཆུ་དཀར་དེ་དག་ནི་སྤྱང་ཀིས་བདའ་ནས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་རེད། ལུས་ལ་རྨ་ཁ་ཕྲན་བུ་ཡོད་པ་ལས་སྐྱོན་ཆེན་པོ་མེད། བདག་སྐྱོང་བ་ཉི་མ་སོགས་ཀྱིས་ཤྭ་བ་མཆུ་དཀར་རང་བྱུང་ཁམས་སུ་བཏང་ནས་དར་འཁྱག་ཁྲོད་ཀྱི་གཙང་གསུམ་ཆུ་འགོའི་ཐོག་མི་དང་སྲོག་ཆགས་དབར་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ཆགས་ནས་གྲང་ངར་དེ་ཙམ་ཆེན་པོ་མེད་པར་གྱུར་ཡོད། གཙང་གསུམ་ཆུ་འགོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོའི་ཐོག་དུས་དང་རྣམ་པ་ཀུན་ཏུ་རི་སྐྱེས་སྲོག་ཆགས་དང་འགྲོགས་ནས་དེ་དག་ལ་སྲུང་སྐྱོང་དང་ཐོ་འགོད་བྱས་ཏེ་སླར་ཡང་ཁོང་ཚོས་སྣོད་བཅུད་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལག་ལེན་དུ་བསྟར་བཞིན་ཡོད།

ཡོངས་ཁུངས། གངས་ལྗོངས་འཕྲིན་གསར།

(2021年1月5日)当巴干寺乡代曲村的护林员们为了保护野生动物和草原防火巡查时,突然间,一群狼正追逐着几只鹿,准备捕食。这些鹿直接扑向了通天河,过不了河,冰天雪地的。护林员们很快就冒着生命危险去救那只野兽的命。最后,护林员们发现了6只鹿,它们保住了生命。


文章有问题?点此查看未经处理的缓存