前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

བོད་ཀྱི་ལོ་སར་ལ་བཀྲ་ཤིས་བདེ་ལེགས། | 新年快乐!

འཕགས་ཆེན 杷青 Pagchen 2022-07-26


ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །白昼乐善夜乐善

ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །日中正午亦乐善

ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །昼夜恒常乐善妙

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །尊胜三宝愿吉祥



    འཛམ་གླིང་གི་ས་ཆ་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་དང་། ཁྱད་པར་དུ་《འཕགས་ཆེན་འཕྲིན་སྟེགས》ཀྱི་རྩོམ་པ་པོ་དང་། ཀློག་པ་པོ་རྣམ་པ་ལོ་སར་བཟང་། 

བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་གི་ལོ་ཡི་ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་མགོ་མ་ལ་དར་དཀར་པོ་དྲི་མ་མེད་པས་མདུན་བསུས་ཏེ་བཀྲ་ཤིས་པའི་ཁ་གཡང་དྲོན་མོ་དང་། དོན་གྲུབ་པའི་སྨོན་ཚིག་དང་པོ་ཁྱེད་ལ་ཕུལ།

གནམ་ལོ་གསར་པའི་ནང་དུ་ཁྱེད་རྣམ་པའི་སྐུ་བསོད་རླུང་རྟ་དར་ཞིང་། ཚེ་སྲོག་དབང་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་། བསམ་པའི་དོན་རྣམས་གང་འདོད་ཡིད་བཞིན་དུ་འགྲུབ་ཅིང་། བྱ་བ་ཐམས་ཅད་གེགས་མེད་ལམ་དུ་འགྲོ་བའི་སྨོན་ལམ་འདེབས།

གནམ་ལོ་གསར་པ་འདིའི་ནང་དུ་རྒྱལ་ཁབ་ཕྱི་ནང་གར་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་དང་། ཅི་བསམ་ཆོས་བཞིན་འགྲུབ་པ་དང་། འཛམ་གླིང་གི་ནད་མུག་འཁྲུགས་རྩོད་ཐམས་ཅད་མྱུར་དུ་ཞི་སྟེ་འཚེ་མེད་ཞི་བདེ་ཡོང་བར་ཤོག

མདོར་ན་བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་པའི་ནང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་མངོན་པར་འཕགས་ཤིང་།  ནང་བཅུད་ཀྱི་སེམས་ཅན་བདེ་དགའ་རྒྱ་མཚོའི་དཔལ་གྱིས་མཛེས་པར་གྱུར་ཅིག་ཅེས་གུས་པོ་འཕགས་ཆེན་གྱིས་སྨོན་འདུན་སྟོང་གི་ཁ་གཡང་དྲོན་མོ་འབུལ་བ་ཡིན། བཀྲ་ཤིས་བདེ་ལེགས་ཤོག

ལོ་སར་སྨོན་ཚིག

བཀྲ་ཤིས་གཡང་གི་ལོ་གསར་ཉིན་མོ་ལ།།

ཁ་བ་གངས་རིའི་ལྗོངས་ཀྱི་ནང་མི་ཚོར།།

མི་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག།

ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག།

ཚེ་སྲོག་བྲག་ལས་བརྟན་པའི་བཀྲ་ཤིས་ཤོག།

བདེ་སྐྱིད་ལྷ་དང་མཉམ་པའི་བཀྲ་ཤིས་ཤོག།

ལོངས་སྤྱོད་ཀླུ་དང་མཉམ་པའི་བཀྲ་ཤིས་ཤོག།

ཆར་ཆུ་དུས་སུ་འབེབས་པའི་བཀྲ་ཤིས་ཤོག།

ཞིང་ལ་ལོ་ལེགས་འབྱུང་བའི་བཀྲ་ཤིས་ཤོག།

མདོར་ན་སྣོད་བཅུད་ཕུན་སུམ་ཚོགས་པ་དང་།།

ཕྱྭ་གཡང་དགེ་ལེགས་མ་ལུས་འབྱུང་བ་ཡི།།

བཀྲ་ཤིས་རི་མོ་མི་འགྱུར་བརྟན་པར་ཤོག། 

ལོ་སར་སྨོན་ཚིག

ལོ་སར་སྐབས་ཉན་སྤྲོ་བའི་གཞས་སྙན་གཅེས་བཏུས།👉mp.weixin.qq.com
བཀྲ་
ཤིས་
བདེ་
ལེཊ།

扫码关注我们དོ་ཁུར་བྱེད་རྒྱུ་མ་བརྗེད།
展望未来,重新出发用心前行,腾飞2021

文章有问题?点此查看未经处理的缓存