མི་ལ་ཐོས་པ་དགའ།
ཐོས་པ་དགའ་ཟེར་བའི་གླུ་པ
ཡུལ་གུང་ཐང་གི་མཐུ་ཆེན
དཀར་པོ་གྲོགས་དང་ནག་པོ་དགྲ
འཁོར་བའི་གཞུ་དང་མྱང་འདས་ཀྱི་མདའ
ཡིག་འབྲུ་ནང་གི་ཨ་དང་ལྟ་བ་ནང་གི་ཕྱག་རྒྱ་ཆེན་པོ
ཆུ་འགོ་བསྔོགས་ཏེ་ཆུ་རྔ་བཅད་སོང
རི་མཐའ་བསྐོར་ཏེ་རི་རྩེ་བརྒལ་སོང
ཉིན་མཚན་རེས་སུ་བཏིང་རྗེས
མི་ཡི་དཔའ་བོ་བྱས་ཏེ་སངས་རྒྱས་ཀྱི་རྒྱལ་ས་བཟུང་སོང
གངས་ཁྲོད་ཀྱི་རས་པ རྗེ་བཙུན་མི་ལ་རས་པ
སྐུ་ལུས་གངས་དཀར་ཏེ་སེ་དང་སེམས་ཉིད་མ་ཕམ་གཡུ་མཚོ
མུན་པའི་སྨག་རིམ་བརྟོལ་བའི་བཅོ་ལྔའི་དུང་ཟླ
ཚེ་གཅིག་ལུས་གཅིག་ལ་མངོན་སངས་རྒྱས་པའི་རྗེ་བཙུན་མི་ལ་རས་པ
འཇིག་རྟེན་ཟེར་བ་ནི་ཐལ་རྡུལ་ཞིག
ཞིང་ཁམས་ཟེར་བ་ནི་འོད་ཐིག་ཅིག
རང་སེམས་ཤེལ་གྱི་མཆོད་རྟེན་ཏུ
གནམ་ས་གཅིག་ཏུ་བསྲེས་ཏེ་འཇའ་ལུས་སུ་གཤེགས་སོང
སྣང་སྟོང་ཟུང་འཇུག་མཛད་དེ་ཆོས་སྐུ་ལ་འཕོས་སོང
2021/2/26ཉིན་ལྷ་ས་ནས་གྲུབ།
འཕགས་ཆེན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author