སེམས་ཁོང་གི་ཉི་འོད། | རིག་འཛིན་འགྱུར་མེད།
སེམས་ཁོང་གི་ཉི་འོད།
ཉི་འོད་དེ།
དགེ་རྒན་གྱི་གཏམ་བཞིན་བྱམས།
ཉི་འོད་དེ།
གཉེན་གྲོགས་ཀྱི་འཛུམ་བཞིན་བརྩེ།
ཉི་འོད་འཕྲོས་འདུག
ངའི་སེམས་ཁོང་དུ་འཕྲོས་འདུག
ཉི་འོད་འཕྲོས་ཚེ།
མྱུ་གུ་ས་ནས་བུད།
ཉི་འོད་འཕྲོས་ཚེ།
མེ་ཏོག་འཛུམ་མདངས་ཤར།
ཉི་འོད་འཕྲོས་འདུག
ངའི་སེམས་ཁོང་དུ་ཉི་འོད་འཕྲོས་འདུག
ཐང་ཆུའི་དྲི་བསུང་འཐིལ་ནས་འཕྲོས་འདུག
ཞྭ་མོ་ཕུད་ནས་དྲོ་འཇམ་གྱི་ཉི་འོད་ཉམས་མྱོང་ཚེ།
ཉི་འོད་དེ།
གཏི་མུག་གི་རིག་པར་གསལ་ཆ་ཞིག་གནང་།
ཆག་རུམ་གྱི་སེམས་ཁམས་དཔྱིད་ཆུ་རུ་གྱུར།
ཉི་འོད་འཕྲོས་འདུག
ངའི་སེམས་ནས་འཕྲོས་འདུག
རིག་འཛིན་འགྱུར་མེད།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青