前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

མི་ཀུན་ཏུ་དགའ་བའི་ཟློས་གར། | མགར་ཐང་དཀར།

杷青 杷青 Pagchen 2022-07-26



མི་ཀུན་ཏུ་དགའ་བའི་ཟློས་གར།

མགར་ཐང་དཀར། མཚོ་ལྷོ།

དྲ་བའི་ཤུགས་ཀྱིས་ཁོ་བོའི་དཔུང་བ་མནན།།

ཁོ་མོའི་དྲན་པ་མགྱོགས་འགྲོ་རླུང་གིས་ཁྱེར།།

སྣང་བའི་སྒོ་ཆོན་མེད་པའི་གུར་ཆེན་དུ།།

གཅན་གཟན་དུག་གི་ཁ་རླངས་འཕྱུར་ལ་ལྟོས།།

དུས་ཀྱི་ཉི་འོད་ལམ་ལམ་མཁའ་རུ་འཚེར།།

ཁུ་སིམ་ས་འཛིན་ལྟེམས་མེར་འཁྱིལ་ཡོད་སྐད།།

རྐང་གཉིས་ལྟོ་ལ་བྲེལ་བའི་བར་གསེང་ནས།།

རང་མགོ་རྡོ་ལ་རྒྱག་པའི་ཚུལ་འདི་མཚར།།

སྲེད་པ་ཆེ་བའི་མཐོ་རིམ་སྲོག་ཆགས་ཏེ།།

འགྲོ་བ་མི་ཡི་མཚན་ཙམ་འཛིན་པ་འདིའི།།

འདུན་གྱི་རྡོག་ལམ་རྐང་བའི་མ་ནོན་པར།།

དྲ་ལམ་འུར་གྱིས་བཀང་འདི་ངོ་རེ་ཚ།།

ངག་ལ་རོལ་མོའི་རམ་དཀྲོལ་ཚང་བ་དང་།།

གདོང་ལ་སྐྱི་མོའི་མདངས་ཙམ་འཛོམས་པ་ལས།།

གནའ་དེང་སྒོར་མོའི་ལུགས་ལ་བརྗེ་བ་ནི།།

རང་སྣང་ཀླད་ཀོར་ཕྱི་ལ་མངོན་པ་ལགས།།

འཇིག་རྟེན་དྲ་བར་མངོན་པའི་དུས་བཟང་འདིར།།

མུ་ཏིག་སྤྱན་ཆུང་ཕུར་ཕུར་བྱེད་ཀྱིན་དུ།།

རིག་པའི་གནས་དང་ལྗོངས་རྒྱུའི་ཁམས་དག་ཏུ།།

ལན་གཅིག་གཟིགས་ཤིག་སྨོན་ལམ་དཔག་མེད་འབྱུང་།།

ཉ་གང་ཟླ་བའི་འཆར་ནུབ་མ་ཤེས་ཤིང་།།

རྟ་བདུན་དབང་བོའི་དྲོད་ཁོལ་མ་མྱང་བར།།

ཉིན་མཚན་དྲ་བའི་ཞིང་དུ་འགྲིམས་ཙ་ན།།

བདག་སོགས་ཤིའམ་གསོན་ཡོད་འཕྱང་མོ་ཉུག།

མི་རྟག་འཇིག་རྟེན་སྒྱུ་མའི་ཞིང་ཁམས་ཏེ།།

མི་ཚེ་ལན་གཅིག་ལོན་པ་གཅེས་སྤྲས་མཛོད།།

རང་ཉིད་སྒོར་མོའི་བྲན་དུ་གྱུར་བྱས་ན།།

ཁྱོད་ཀྱིས་དྲ་བ་སྤྱོད་དམ་འཕྱང་མོ་ཉུག།

མི་ལ་དགོས་པའི་གཏན་ཚིག་རིང་དུ་རྐྱོངས།།

ཕྱི་མར་ཕན་པའི་ཆོས་ཚུལ་གནད་དུ་ཟུངས།།

དེ་ནི་དེང་རབས་ཅན་ལ་ཆས་སྟངས་ཏེ།།

འབྱོར་བ་མི་རྟག་སྒྲུབ་པའི་ཐར་མདོ་ཡིན།།

ཀྱེ་ཀྱེ་གསོན་དང་བདག་གི་སྙིང་གྲོགས་ལགས།།

ང་ཚོ་ས་ནས་རྩྭ་ལྟར་སྐྱེས་པ་མིན།།

ཡང་ན་མཁའ་ནས་ཆར་ལྟར་བབས་པ་མིན།།

སྐྱེ་བ་སྔ་ཕྱིའི་ཆགས་ལུགས་མི་རྟོགས་ཀྱང་།།

ཟླ་དགུ་ཞག་བཅུའི་ངལ་བ་ཤེས་རན་འདུག།

དྲ་བས་སུ་ཞིག་འཁྲིད་ན་ཁྲིད་དུ་ཆུགས།།

ཁྱོད་རང་དྲ་བའི་བྲན་གཡོག་མ་བྱེད་ཅིག།

འུ་ཚོའི་རིན་ཆེན་མི་ལུས་གཡར་མ་ཡིན།།

མ་མཐའི་དྲིན་ལན་དེ་ནི་སོད་པར་གྱིས།།

དེ་ནས་སྨོན་ལམ་ཚིག་གིས་བསྡུ་བར་བྱ།།

དྲ་བ་མི་ཡི་བྲན་དུ་འགྱུར་བར་སྨོན།།

གླིང་ལྔའི་བདེ་ལེགས་དཔལ་དུ་བགྲོད་གྱུར་ཅིག།

དྲ་བ་དག་གཙང་ཅན་དུ་འགྱུར་བར་སྨོན།།

མིའི་རིགས་དག་གཙང་ལམ་ནས་རྒྱས་གྱུར་ཅིག།

 ཞེས་ཀྱང〖༢༠༢༡〗ལོའི་ལོ་མགོར་ཀླུ་ཀུན་དུ་དགའ་བའི་ཟློས་གར་ཞེས་པའི་མཚན་བྱང་ཡ་མེད་ཅིག་ལ་དཔེ་བལྟས་ཏེ་དྲ་བའི་བྲན་གཡོག་ཏུ་འགྱུར་བཞིན་པའི་མི་རྣམས་ལ་དྲན་སྐུལ་གྱི་ཚུལ་དུ་སྦྱར།


ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།

རྩོམ་སྒྲིག་པ།:འཕགས་ཆེན།

公众号!©Pagchen杷青

འཕྲིན་སྟེགས་ལ་དོ་ཁུར་བྱོས།




རྗེ་མི་བསྐྱོད་རྡོ་རྗེའི་རྣམ་ཐར། ༼སྒྲ། བརྙན༽《米觉多杰尊者传》(音+视频)


文章有问题?点此查看未经处理的缓存