前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ཕ་འབྲོག་པའི་ཕ་ས་དར་བར་ཤོག | ཡོན་ཏན་ཤེས་རབ།

杷青 杷青 Pagchen 2022-07-26



ཕ་འབྲོག་པའི་ཕ་ས་དར་བར་ཤོག

ཡོན་ཏན་ཤེས་རབ།


སྟོད་བྱང་ལམ་རྫ་རི་དཀར་ནག་དེ། །

དེ་གྲེ་སེར་འབྲོང་གི་ཕ་ས་རེད། །

འབྲོང་གྲེ་སེར་ཕ་རྒྱུད་གཡག་གིས་འཛིན། །

གཡག་རོག་པོ་འབྲོག་པའི་སྒོ་ཟོག་རེད། །

ཕ་འབྲོག་པ་ལྷགས་ཀས་མི་ཐུབ་པར། །

དྲོད་མེ་ཆེན་འབའ་བའི་ཤ་སྟོབས་དེ། །

འབྲོང་གྲེ་སེར་དེ་དང་ཁྱད་མེད་རེད། །

ཕ་འབྲོག་པས་ཕ་ས་ཟིན་བར་ཤོག །


སྨད་བྱང་ཁ་ཆུ་དམར་ཐང་ནག་དེ། །

དེ་ཁ་དཀར་རྐྱང་གི་ཕ་ས་རེད། །

རྐྱང་ཁ་དཀར་རྩེད་རོགས་ཅང་ཤེས་རྟ། །

རྟ་ཅང་ཤེས་འབྲོག་པའི་ལས་ཟོག་རེད། །

ཕ་འབྲོག་པ་ཕྱུགས་རྫི་འགྲོ་བའི་དུས། །

ལུས་གོམ་ཁ་རྒྱུ་བའི་མྱུར་ཆ་དེ། །

རྟ་ཅང་ཤེས་འགྲོས་དང་ཁྱད་མེད་རེད། །

ཕ་འབྲོག་པའི་ཕ་ས་མི་མཉམ་ཤོག །



བར་བྱང་ཐང་ལི་ཁྲི་ལི་དམར་དེ། །

དེ་གུག་པོ་གཙོས་ཀྱི་ཕ་ས་རེད། །

གཙོས་གུག་པོ་གཡང་དཀར་ལུག་ལ་འདྲེས། །

ལུག་གཡང་དཀར་འབྲོག་པའི་སྒོ་ཟོག་རེད། །

ཕ་འབྲོག་པ་རང་གཤིས་བཟང་པོ་ལ། །

བྱམས་སྙིང་རྗེར་གོམས་པའི་སེམས་རྒྱུད་དེ། །

ལུག་གཡང་དཀར་བལ་དང་ཁྱད་མེད་རེད། །

ཕ་འབྲོག་པའི་ཕ་ས་དར་བར་ཤོག །

ཨ་ཆེན་བྱང་རྒྱབ་ནས་ཤར་མར་བྲིས།

ཡོན་ཏན་ཤེས་རབ།

(ཡུལ་ཤུལ)


ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།

རྩོམ་སྒྲིག་པ།:འཕགས་ཆེན།

公众号!©Pagchen杷青

འཕྲིན་སྟེགས་ལ་དོ་ཁུར་བྱོས།

བརྩམས་ཆོས་གསར་པ།

མི་ལ་ཐོས་པ་དགའ། | འཕགས་ཆེན།

ང་ཡི་བླ་མ་རྡོ་རྗེ་འཆང་དངོས་ཡིན། | འཕགས་ཆེན།

3ལྷ་ས། ངའི་མིག་གི་རྒྱལ་མོ། | དབྱངས་ཅན་ལྷ་མོའི་གྱེར་འདོན།

4རྩིས་རིག་ནོར་འཁྲུལ་བྱུང་རྗེས།◇ཞར་བཀོད་གསུམ།|རིག་འཛིན་འགྱུར་མེད།

5སྙན་ངག་པའི་རྒྱལ་ཁམས། | འཇུ་སྐལ་བཟང་།





ཡང་སྙིང་ཇི་ལྟར་འབབ་དགོས་ཨང་། | འཕགས་ཆེན།


文章有问题?点此查看未经处理的缓存