![]()
![]()
![]()
![]()
འཕགས་ཆེན།
འགྲོ་སའི་རི་རྒྱལ་ལྷུན་ཆགས།།སེམས་ཀྱི་ཉིན་སྲིབ་དཀར་ནག།ས་དེའི་སྒང་གཤོང་ཉུལ་ཞིང་།།ཡུལ་དེའི་ཆགས་དབྱིབས་དཔྱད་དེ།།དམའ་དམའ་ཆུ་ཁའི་འགྲམ་དང་།།དེ་བཞིན་སྤང་སྒང་མཐོན་པོ།།དྲན་ཤེས་ནམ་མཁར་བསྟེན་ཏེ།།གཡས་ནས་གཡོན་དུ་བསྐྱོད་དེ།།ཟུར་ནས་ལུགས་སུ་བསྒྱུར་ཏེ།།དེ་འདྲའི་རི་བོའི་ཏོག་ནས།།མིག་གཉིས་འཛུམ་ཙམ་བྱས་པས།།སྨུག་པའི་རྒྱ་མཚོ་ལྟེམས་པ།།རླུང་གི་དཀྱིལ་འཁོར་གཡོ་བ།།རི་རྩེའི་པྲོག་ཞུ་མངོན་པ།།དེ་ལྟའི་ས་མཐོ་གནམ་མཐོའི།།སེམས་ཀྱི་མཐིལ་ན་ལྷུང་ཤིང་།།རྡོ་རྗེའི་གཤིས་ལ་འཕོས་སོང་།།ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
འཕྲིན་སྟེགས་ལ་དོ་ཁུར་བྱོས།
![]()
![]()
Long-press QR code to transfer me a reward
མཆོད་བསྟོད། 供养
As required by Apple's new policy, the Reward feature has been disabled on Weixin for iOS. You can still reward an Official Account by transferring money via QR code.
Send to Author