མིན། (No) མིན་ཇི་ལྟར་ཤེས་ཐབས། | ཆོས་རྒྱམ་དྲུང་པ་རིན་པོ་ཆེ།
མིན་ཇི་ལྟར་ཤེས་ཐབས།
དེ་གར་མིན་ཆེན་པོ་ཞིག་ཡོད།
མིན་དེས་ཆར་བ་ཕབ།
མིན་དེས་བུ་ཡུག་འཚུབ་མ་བསྐྲུན།
མིན་དེས་ཚིག་ཇའི་རྒྱ་ཅོག་སྟེང་དུ་རྡིབ་ཁུང་ཞིག་བཏོད།
མིན་དེ་འཇིག་རྟེན་ནང་གི་མིན་གྱི་ནང་ནས་མིན་ཆེ་ཤོས་དེ་རེད།
མིན་དེས་ཆར་དང་སེར་བ་ཕབ།
མིན་དེས་ཉི་མའི་འོད་ཟེར་བསྐྲུན་པ་དང་དུས་མཚུངས་སུ་ཉི་ཟླའི་གཟའ་འཛིན་བསྐྲུན།
མིན་དེ་ནི་ལྷམ་རྟིང་ལེགས་པའི་ལྕམ་སྐུ་ཞབས་ཞིག་གི་རྐང་པ་རེད།
མིན་དེ་ནི་མིན་ཚང་མའི་ནང་ནས་བཟང་ཤོས་དེ་རེད།
མི་ཡག་པོ་ཞིག་སྟེ། མི་བཟང་པོ་ཞིག་གིས་འཛུམ་དམུལ་སྐབས་མིན་དེ་ནི་བརླ་ཤའི་མཛེས་སྡུག་རེད།
རྐུབ་ཚོས་འགུལ་བའི་གཞོན་ནུའི་གོམ་སྟབས་དེར་ལྟ་སྐབས་དང་།
ཁོང་ཚོའི་ལུས་རྒྱབ་ནས་ལྟ་སྐབས།
མིན་དེ་ནི་སྐམ་རྒྱུ་མེད་ལ་ཚོ་རྒྱུ་ཡང་མེད་ཀྱང་། ལུས་སྟོབས་ཀྱིས་མཁྲེགས་ཟླུམ་དུ་མངོན་པ། དགའ་རུང་བའམ་བསྐྱུར་རུང་བའི་བརླ་ཤ་ཡིད་དུ་འོང་བ་དེ་རེད།
མིན་དེ་ནི་དབུགས་རིང་གི་དབང་དུ་མི་འགྲོ་བའི་ཕྲག་དཔུང་སྟེ། སྐྱིད་དམ་སྡུག་ལ་ཕྱི་སྐྱེད་དང་ནང་སྐུམ་བྱེད་པའི་བྲང་ཁོག་དེ་རེད།
མིན་དེ་ནི་མིན་ཚང་མའི་ནང་གི་མིན་དེ་རེད།
བག་ལྷོད་དམ་གཅུན་པ་ནི་དྲི་བའི་ནང་དུ་ཡོད།
མིན་ཆེན་པོ་དེ་སུས་ཀྱང་ཤེས་ཀྱི་མེད།
འོན་ཀྱང་ང་ཚོ་ཁོ་ནས་མིན་དེ་ཤེས་ཀྱི་ཡོད།
མིན་འདི་ནི་སུ་མི་སྣག་ཚས་རྟག་བརྟན་དུ་བྲིས་ཏེ་གནམ་ཆེན་པོའི་མཐོངས་ལ་གནས།
མིན་ཆེན་པོ་འདི་ནི་ང་ཚོའི་མཚན་མར་ཁབ་གཙག་གིས་བྲིས་ཡོད།
མིན་ཆེན་པོ་འདི་ནི་སྨེ་བའམ་ལྷན་སྐྱེས་ཀྱི་རྟགས་གཙང་མ་མིན།
འོན་ཀྱང་མིན་ཆེན་པོ་འདི་མིན་ཆེན་པོ་ངོ་མ་དེ་རེད།
གནམ་སྔོན་པོ་རེད།
རྒྱ་སེ་དམར་པོ་རེད།
མུ་མེན་མེ་ཏོག་སྔོན་པོ་རེད།
དེས་ན་མིན་ཆེན་པོ་འདི་མིན་རེད།
མིན་ཧ་ཅང་ཆེན་པོ་དེ་ཡོད་པར་ང་ཚོས་དགའ་སྟོན་བྱོས་ཤིག
ཁྱབ་ཤུགས་གཅིག་སྡུད་ཀྱི་མིན་དེ་ལངས་ཏེ་ནམ་མཁའ་བརྟོལ།
དེས་ན་ཁྱབ་ཤུགས་གཅིག་སྡུད་ཀྱི་མིན་དེ་རྒྱ་མཚོ་ལྟ་བུར་ཁྱབ་རྒྱ་ཡང་ཆེ།
མིན་མིན་འདི་དང་ལྷན་དུ་ང་ཚོ་ལ་ཉི་འོད་འཚེར་བར་ཤོག
མིན་མིན་འདི་དང་ལྷན་དུ་ང་ཚོས་ཟླ་བ་ཉ་གང་ལ་བལྟ།
སྣང་སྲིད་ཀྱི་མིན་འདི་ང་ཚོས་སྤྱོད།
ཞུ་ལུ་མ་རྣམས་ཀྱིས་མིན་མིན་ཆུང་ངུ་འཁྱེར་འགྲོ།
དེ་བཞིན་ཨ་ཧྥི་རི་ཁའི་ཤིང་ནགས་ནང་གི་གླང་ཆེན་ཚོས་ཀྱང་།
གཉིས་སྦྱོར་གྱི་མིན་མིན་དང་བྲོ་འཁྲབ་ཀྱི་མིན་མིན།
ཇི་ནི་ཝ་ཡི་ཕག་ཙིག་མིན་མིན།
དུག་སྦྲང་གིས་སྐད་སྒྲོག་དུས་ང་ཚོར་གནས་ཚུལ་དང་ལམ་སྟོན་ཚང་མ་རྙེད་ཀྱི་ཡོད།
ང་ཚོས་མིན་མིན་གྱི་རིགས་འགའ་ཞིག་རྙེད་ཀྱི་ཡོད།
མིན་མིན་དེ་ང་ཚོའི་བསླབ་བྱ་ཆེ་ཤོས་བྱེད་དགོས་ཏེ།
རྒྱལ་པོ་ལ་མིན་མིན་དང་།
སྲིད་བློན་ལ་མིན་མིན།
ང་ཚོའི་ཚོད་ལྟ་བྱ་ཡུལ་གྱི་སྲིན་འབུའི་འབངས་ལ་མིན་མིན།
ཡེ་ཤུའི་ཆོས་དཔོན་གྱིས་མིན་མིན་བསྒྲགས་དུས་ངག་ལ་བར་ཆད་ཡོང་ཕྱིར་ང་ཚོས་མིན་མིན་གྱི་དགའ་སྟོན་བྱེད།
ང་ཚོའི་རྟ་རྣམས་ལ་མིན་མིན་འཚེར་དུ་ཆུག
རྡོ་རྗེའི་ཚོགས་སྡེས་མིན་མིན་གྱི་འོག་རླུང་གཏོང་དུ་ཆུག
ཚིག་ཇའི་རྒྱ་ཅོག་སྟེང་དུ་རྡིབ་ཁུང་ཆེན་པོ་བཏོད་མཁན་གྱི་མིན་མིན་ཆེན་པོ་དེའོ།།
ཆོས་རྒྱམ་དྲུང་པ་རིན་པོ་ཆེ།
(ཟུར་མང་།)
ཡོངས་ཁུངས། 《འབྲུག་སྒྲ》
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青