༄༅། །ཁམས་སྨྱོན་ཧེ་རུ་ཀས་བརྩམས་པའི་༼ཟུར་མང་ལོ་རྒྱུས་དེབ་ཕྲེང་དང་པོ་ཟུར་མང་བསྟན་འཛིན་སྐུ་ཕྲེང་རིམ་བྱོན་གྱི་རྟོགས་བརྗོད་༽ཅེས་པ་དཔར་དུ་བསྐྲུན།
དཔེ་ཆ།
དཔེ་དེབ་གསར་པ།
ཁམས་སྨྱོན་ཧེ་རུ་ཀའམ་ཆོས་འཕགས་ནི་ཁམས་སྟོད་ཡུལ་ཤུལ་ནང་ཆེན་ཟུར་མང་ཅོ་ཉིན་དུ་སྐྱེས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། གདན་ས་ཟུར་མང་དགོན་སོགས་ནས་སློབ་སྦྱོང་བྱས། སྤྱི་ལོ་༢༠༡༣ལོ་ནས་གསར་རྩོམ་ལ་གཞོལ་ཞིང་། ཡུལ་ཤུལ་དབྱངས་ཅན་མ་རྩོམ་རིག་བྱ་དགའ་ཐེངས་གཉིས་དང་། ཁོར་ཡུག་རྩོམ་རིག་བྱ་དགའ་ཐེངས་གཅིག །སྤྱི་ལོ་༢༠༡༨ལོ་ནས་སྤྱི་ལོ་༢༠༢༠ལོའི་བར་ནང་ཆེན་རྫོང་རིག་རྩལ་ལས་རིགས་ཁྲོད་འབུར་ཐོན་མི་སྣའི་བྱ་དགའ་ཐོབ། སྤྱི་ལོ་༢༠༡༩ལོར་གངས་དཀར་རི་བོའི་རྩོམ་རིག་བྱ་དགའ་བཅས་ཐོབ།
སྤྱི་ལོ་༢༠༢༠ལོར་ཟུར་མང་ཆོས་གྲྭ་ཆེན་མོ་ནས་གཞུང་ཆེན་པོད་ལྔ་མཐར་ཕྱིན། སྔར་རྗེས་སུ་ལྷུག་རྩོམ་གཙོ་བྱས་བརྩམས་ཆོས་གང་མང་«གངས་དཀར་རི་བོ»དང་«གཙང་གསུམ་རིག་གནས་ཞིབ་འཇུག»«གཏན་ཚིགས»«ཁམས་པའི་རྩོམ་རིག་སྒྱུ་རྩལ»«གཙང་གསུམ»«ནས་འབྲུ་སྔོན་མོ།»«ཁམས་པའི་ཚགས་པར»«ཤྭ་སྐྱ»«ཁྲིམས་ལུགས་ཚགས་པར»«དྲི་ཟའི་གླིང་བུ»«རྡོ་ཏི»«གུར་ཀུན་ཆུན་པོ» སོགས་དུས་དེབ་ཏུ་བཀོད་མྱོང་། སུམ་རྟགས་དག་གསུམ་སྙན་ངག་ལོ་རྒྱུས་སོགས་དེབ་བརྒྱད་རྩོམ་སྒྲིག་བྱས་ཤིང་པར་ཐེངས་གཉིས་དཔར་ཟིན། ཡུལ་ཤུལ་ཁུལ་རྩོམ་པ་པོའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟ་ཟུར་མང་དགོན་ནས་སློབ་གཉེར་བྱེད་ཞོར་«ཟུར་མང་»ལོ་དེབ་དང་།«ཡུམ་ཆེན»ལོ་དེབ། «རྒྱམ་རྒྱལ་རྡོ་ཏི»ཚགས་པར་བཅས་ཀྱི་རྩོམ་སྒྲིག་པའི་ལས་འགན་ཁུར་ཡོད།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author