前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

སྦྲང་ཆར་ཟིལ་མ། | འཕགས་ཆེན།

杷青 杷青 Pagchen 2022-07-26

སྦྲང་ཆར་ཟིལ་མ།

འཕགས་ཆེན། (ཡུལ་ཤུལ)

སྦྲང་ཆར་ཟིམ་ཟིམ་དུ་འབབ་པ་ནི

དུས་ཚོད་ཀྱི་མེ་ལོང་འགྱུར་སྟངས་ཤིག་རེད

ཉིན་མོའི་ངལ་དུབ་ཀྱི་སྣང་བ་ནུབ་རྗེས

མཚན་མོའི་ཁ་ཆུ་ས་ལ་ཟགས་སོང


མཚན་མོ་འདིར

ཆར་བ་ཤག་ཤག་ཏུ་འབབ་པའི་སྒྲས

ཐོག་མར་ངའི་སེམས་པ་འདི་བརླན

སྒོ་ལ་བུད་དེ་བལྟས་པ་ན

སྐམ་ཐག་ཆོད་པའི་ངའི་གཟུགས་ཕུང་ཡང་བརླན

ནམ་མཁར་ཕྱོགས་ཏེ་ཀི་རིང་འདེབས་འདོད་དེས

རང་གིས་རང་ལ་དྲན་གསོ་ཞིག་བཏང་སོང

ཆར་པ་ཐོག་མར་འབབ་དུས

“ནད་བཀྲུའོ  གདོན་བཀྲུའོ”

རྨོ་མོའི་སྐད་ཆ་རྙིང་པ་ཞིག་བསྐྱར་ཟློས་བྱས་འདུག

“ཆར་པ་ཆུ་གྲོགས   ཉི་མ་མེ་གྲོགས”

གནའ་མིའི་གཏམ་དཔེ་འདི་དྲན་སོས

“སྡིག་པ་ཆུ་ཡིས་མི་བཀྲུ”བའི་ལེགས་བཤད་དེའང་དྲན་སོང


དུས་ཐོག་ཆར་པ

ངའི་རྣམ་ཤེས་འདི་གཙང་མར་བཀྲུས་ཏེ

སྐྱོ་གདུང་གི་ཐལ་རྡུལ་འཇགས་པར་ཞུ

ངས་མིག་བཙུམས་ཏེ་ཕ་ཡུལ་སྒོམ་ཆོག

རྣ་བ་བཀབ་སྟེ་སེམས་སྒྲ་ཉན་ངེས

སྦྲང་ཆར་ཟིལ་མ

ཆར་འབེབ་བྱེད་མི་དགོས་པར

དུས་ཐོག་ཏུ་བབས་པ་ཐུགས་རྗེ་ཆེ

ས་ཆེན་པོ

ལྭ་བ་སྐྱ་ཤུར་ཤུར་འདི་རྙིང་དྲགས་སོང

དགའ་སྟོན་དུ

ལྗང་མདོག་གི་རྒྱན་གོས་གསོལ་བར་ཞུ

ངས་སྙན་ངག་གི་དབྱངས་རྟ་འཐེན་བཞིན་ཡོད།


2021.4.18ཉིན་བྲིས།


ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།

རྩོམ་སྒྲིག་པ།:འཕགས་ཆེན།

公众号!©Pagchen杷青

འཕྲིན་སྟེགས་ལ་དོ་ཁུར་བྱོས།

སྔར་གྱི་བརྩམས་ཆོས་འོས་སྦྱོར།

མི་ལ་ཐོས་པ་དགའ། | འཕགས་ཆེན།

ང་ཡི་བླ་མ་རྡོ་རྗེ་འཆང་དངོས་ཡིན། | འཕགས་ཆེན།

ཉིན་དེར། | འཕགས་ཆེན།

བར་སྐོར་གྱི་གྲིབ་གཟུགས། | འཕགས་ཆེན་གྱི་ལྷུག་རྩོམ་གསར་པ།

ལམ་གྱི་འཆར་ཡན། འཕགས་ཆེན་གྱི་སྙན་ངག་གསར་པ།





འབྲུག་སྒྲ་ལྡི་རི་རི་གྲགས་རྗེས། | འཕགས་ཆེན།


文章有问题?点此查看未经处理的缓存