前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

༄༅། །སྨྲ་བའི་ལྷ་མོ་དབྱངས་ཅན་མར་བསྟོད་པ་ངག་གི་ཟློས་གར།|བོད་མཁས་པ།

杷青 Pagchen 2022-07-26










༄༅། །སྨྲ་བའི་ལྷ་མོ་དབྱངས་ཅན་མར་ཅུང་ཟད་བསྟོད་པ་ངག་གི་ཟློས་གར་བཞུགས་སོ། །

ཧྲཱིཿ
འཇིག་རྟེན་དབང་པོའི་འཛུམ་ཞལ་གྱི། །
མཚོ་རྫིང་ལས་སྤྲུལ་སྒེག་ལྡན་མ། །
ངག་ལ་དབང་ཕྱུག་དབྱངས་ཅན་ལྷ། །
བདག་བློའི་མཛའ་ན་མོར་སྦྲོན་སླད། །
 
ངག་གི་ཡོན་ཏན་ཡོངས་འདུའི་དཔལ། །
ཚིག་རྒྱན་སྤེལ་ལེགས་མནྡ་རས། །
དད་པའི་སྙིམ་པ་ཡོངས་གང་བ། །
མཆོད་སྤྲིན་ཕུང་པོར་ཅི་ཡང་སྤྲོ། །
 

རྒྱལ་ཀུན་རྣམ་མཁྱེན་ཡེ་ཤེས་མཐུ། །
ཧྲཱིཿཡིག་བདུད་རྩིའི་འོད་ཟེར་ཅན། །
འཕྲོ་འདུའི་གར་གྱི་རྣམ་འཕྲུལ་གཟུགས། །
མཚར་སྡུག་འདོད་པའི་དཔྱིད་ཀུན་འཇོ། །
 
ཡེ་ཤེས་ཟླ་ཞལ་དག་པའི་མཚོར། །
ཤེས་བྱར་ཆགས་བཅས་མཆུ་སྒྲོས་འཛུམ། །
ཚེམས་དཀར་འོད་འཕྲོའི་ཆབ་གཙང་མས། །
གཞན་ཡིད་རྟོག་པ་ཀུན་སེལ་བཞིན། །
 
ཆོས་ཀུན་གཟིགས་པ་པུཏྤ་ལའི། །
སྤྱན་ཟུར་རིན་ཆེན་ཀརྣི་ཀར། །
རྗེས་སུ་ཆགས་པས་འཁྱུད་རིངས་པས། །
སྨིན་འཁྱོག་གཞོན་ནུས་ལེགས་མཚམས་སྦྱོར། །
 
ཕྱག་ཟུང་དཀར་འཇམ་བཻཌཱུརྱའི། །
རྒྱུད་མངས་མཛའ་བོར་སེན་འབེབས་པས། །
རྟག་པར་དམ་པའི་ཆོས་མ་ལུས། །
གཞོམ་མེད་ནཱ་དའི་རང་སྒྲས་འདོམས། །
 
ཡེ་ཤེས་སྒྱུ་མའི་མེ་ལོང་དུ། །
མཚན་དཔེའི་འོད་རིས་དཔལ་རྫོགས་སྐུ། །
སྒྲིབ་ཕྱིར་ལྷ་རྫས་གོས་དང་རྒྱན། །
ཚར་དུ་དངར་ཏེ་ལྷག་པར་མཛེས། །
 
པུཎྜ་རི་ཀའི་གེ་སར་སྟེང་། །
བསིལ་ཟེར་པ་ཏྲར་འཁྱིལ་དབུས་སུ། །
ཙོག་པུར་འགྱིང་བ་རྒྱལ་བའི་ཡུམ། །
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར། །
 
བདག་སོགས་འགྲོ་བ་མ་ལུས་པ། །
དད་པས་ཕྱག་འཚལ་སྐྱབས་གསོལ་ན། །
མ་རིག་མུན་སྟུག་མཐར་བྱེད་པའི། །
སྤོབས་པའི་མེ་ཆེན་སྦར་དུ་གསོལ། །
 
བགྲང་ཡས་ཆོས་ཀྱི་ཚིག་དང་དོན། །
སྐད་ཅིག་མངོན་པར་བྱང་ཆུབ་པའི། །
མི་བརྗེད་གཟུངས་ཀྱི་སྒོ་བྱིན་ལ། །
སྨྲ་བའི་དབང་པོར་བདག་གྲུབ་མཛོད། །
 
ཉམས་དང་འགྱུར་བག་རྒྱུད་སྟོང་ལས། །
སྙན་པའི་ཚིག་སྦྱོར་འདོད་འཇོའི་དཔལ། །
མཁས་ཀུན་ཡིད་ཀྱི་བཅུད་ལེན་ཆེར། །
བསྙེངས་མེད་སྦྱིན་ལ་དཔའ་བར་གསོལ།།

 

    ཞེས་བྱ་བ་ནི་ཤངས་རྩ་རྗེ་དྲུང་གི་གསུང་ནན་གྱིས་བསྐུལ་ངོར། སྙན་ངག་སྨྲ་བ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས། ཐུན་གསེང་གཅིག་གི་སུག་ལས་སུ་བསྟར་བ་མངྒ་ལཾ་ཀུརྺནྟུ། །

མཛད་པ་པོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

ཡོངས་ཁུངས། པདྨ་དཀར་པོ་འཕྲིན་སྟེགས།

རྩོམ་སྒྲིག་པ། འཕགས་ཆེན།

公众号!©Pagchen杷青

འཕྲིན་སྟེགས་ལ་དོ་ཁུར་བྱོས།

སྔར་གྱི་བརྩམས་ཆོས་འོས་སྦྱོར།

མི་ལ་ཐོས་པ་དགའ། | འཕགས་ཆེན།

ང་ཡི་བླ་མ་རྡོ་རྗེ་འཆང་དངོས་ཡིན། | འཕགས་ཆེན།

ཉིན་དེར། | འཕགས་ཆེན།

བར་སྐོར་གྱི་གྲིབ་གཟུགས། | འཕགས་ཆེན་གྱི་ལྷུག་རྩོམ་གསར་པ།

ལམ་གྱི་འཆར་ཡན། འཕགས་ཆེན་གྱི་སྙན་ངག་གསར་པ།





བོད་ཀྱི་མཁས་གྲུབ་མང་པོས་མཛད་པའི་ཕ་མའི་དྲིན་ལན་སྐོར།


文章有问题?点此查看未经处理的缓存