![]()
![]()
![]()
དུས་གསུམ་རྒྱལ་བ་རྒྱ་མཚོ་གཤེགས་པའི་ཤུལ། །བཀའ་ལུང་མན་ངག་བྱེ་བའི་སྙིང་པོའི་དོན། །
རྩེ་གཅིག་སྒྲུབ་པས་ཟུང་འཇུག་ས་བརྙེས་པ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཞབས་ལ་འདུད། །
བཀའ་བབས་གདམས་ངག་ཟབ་མོའི་རྒྱུན་འཛིན་ཅིང་།།
ཉམས་རྟོགས་ནོར་བུའི་མཛོད་ལ་དབང་འབྱོར་བས། །
འགྲོ་ལ་འཆི་མེད་སྟེར་བའི་མགོན་གཅིག་པུ། །
འབའ་རོམ་བཀའ་བརྒྱུད་གསེར་རིའི་ཕྲེང་བ་རྣམས། །
འཛམ་གླིང་རྒྱན་གཅིག་ཀརྨའི་སྒར་རིས་སྲོལ། །
ཚོན་དང་རི་མོའི་སྒྱུ་རྩལ་མི་དམན་པས། །
དངོས་སུམ་སྣང་བ་ལྟ་བུར་འཁྲུལ་ནུས་པ། །ངོ་མཚར་རི་མོའི་འདུ་བྱེད་འདི་ན་བཀྲ། །
ལེགས་བྱས་འདི་ཡིས་རྩ་བརྒྱུད་བླ་མ་རྣམས། །
ཐུགས་ཀྱི་དཀྱིལ་འཁོར་དགྱེས་པའི་དཔལ་གྱུར་ཏེ། །
འཛད་མེད་བྱིན་རླབས་བདུད་རྩིའི་དགའ་སྟོན་གྱིས། །
ཕན་བདེ་ལོ་ཏོག་ཅི་ཡང་རྒྱས་གྱུར་ཅིག །
བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བྱིན་རླབས་དང་། །
ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་དང་། །
དམ་ཅན་ཆོས་སྐྱོང་རྒྱ་མཚོའི་མཐུ་རྩལ་གྱིས། །འབའ་རོམ་བསྟན་པའི་རྒྱ་མཚོ་རྒྱས་གྱུར་ཅིག །![]()
དེ་རིང་བོད་ཟླ་༤ པ། ཚེས་༣
今天是藏历4月初3
2021年5月14日
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©杷青Pagchen
![]()
འཕྲིན་སྟེགས་ལ་དོ་ཁུར་བྱོས
Long-press QR code to transfer me a reward
མཆོད་བསྟོད། 供养
As required by Apple's new policy, the Reward feature has been disabled on Weixin for iOS. You can still reward an Official Account by transferring money via QR code.
Send to Author