དེ་རིང་ནི་ས་ག་ཟླ་བའི་བོད་ཚེས༡༥རེད། བདག་ཅག་གི་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་སུ་གྲགས། ད་དུང་དོ་དགོང་ཟླ་བ་ཧྲིལ་འཛིན་ཡང་ཡོད་པ་རེད། དེ་བས་དགེ་སྒྲུབ་སྡིག་སྤོང་ལ་འབད་རྒྱུ་གལ་ཆེའོ།།
今天是萨嘎达瓦半月初十五(5.26),对于我们佛教徒来讲今天是一年一度最为殊胜的节日,是佛陀腹怀,成佛(证悟)涅盘的三大吉祥的节日,因此今日请尽量断除恶业并行善,修持善根。
གཟུངས་སྔགས་ནི། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ།
心咒:嗡牟尼牟尼 玛哈牟纳那娑哈!
༡ ས་ལུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས།
佛陀腹怀节日
༢ ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མ་ག་ཏ་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་ཨ་ཤོད་ཐའི་དྲུང་དུ་རྩྭ་དུར་པའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས།
成佛(证悟)节日
དེས་ན་ས་ཟླའི་ཡར་ཚེས་བཅོ་ལྔ་འདི་ལ་དུས་ཆེན་གསུམ་འཛོམས་ཞེས་འབོད་སྲོལ་ཡོད་དེ། རྒྱ་ཆེན་རོལ་པ་ལས་ལྷུམས་ཞུགས་ཀྱི་དུས་ཆེན་ཡིན་པར་གསུངས་ལ། བུ་སྟོན་རིན་པོ་ཆེས་ཀྱང་འདི་ལྟར་བཞེད། མངོན་བྱུང་གི་མདོ་ལས། མངོན་པར་བྱང་ཆུབ་པའི་དུས་ཆེན་ཡོད་པར་གསུངས། མྱང་འདས་ཆེན་པོ་ལས། མྱ་ངན་ལས་འདས་པའི་དུས་ཆེན་ཡོད་པར་གསུངས་པའི་ཕྱིར་རོ།།
དེ་ཡང་།
ས་གའི་ཡར་ཚེས་བཅོ་ལྔ་ལ།།
ལྷུམས་ཞུགས་བྱང་ཆུབ་མྱང་འདས་ཏེ།།
རྣམ་གསུམ་འཛོམས་པའི་དུས་ཡིན་ནོ།།
ཞེས་ཚིགས་སུ་བཅད་པའོ།།
མདོར་ན་སངས་རྒྱས་ཀྱི་མཛད་པ་སྟོན་པའི་དུས་ཆེན་ངོས་འཛིན་ལུགས་མང་པོ་ཡོད་པས་ང་ཚོས་དུས་ཆེན་གང་གི་སྐབས་ཡིན་ནའང་དགེ་སྒྲུབ་སྡིག་སྤོང་བྱེད་རྒྱུ་གལ་ཆེའོ།།
བརྙན་ལ་གཟིགས།
སྟོན་པ་ལྷུམས་སུ་ཞུགས་པའི་ཚུལ་བསྟན་པའི་དུས་ཆེན།
释迦牟尼佛腹怀节日
སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན་པའི་དུས་ཆེན།
释迦牟尼佛成道日
སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་དུས་ཆེན།
释迦牟尼佛涅盘日
རྩོམ་སྒྲིག་པ། འཕགས་ཆེན།编辑:杷青公众号!©杷青Pagchen
དོ་ནུབ་ཟླ་བ་ཆེན་པོ་ཞིག་ཤར་རྒྱུ་རེད། ‘’月全食‘’
Send to Author