རི་དེ་ཉི་མ་མེད་པའི་ཀ་བ་ཞིག
གདོང་འདི་ཞྭ་མོ་མེད་པའི་རྡོ་སྐས་ཤིག
འཁོས་ཞན་གྱི་ལྡུམ་ར་རུ་ལྷུང་བའི་མིག་ཟུང་དེས
དུས་ཚོད་ཀྱི་དཀྱིལ་འཁོར་བརྒལ་ཐབས་བྲལ
སྙིང་མེ་རུ་འབར་བའི་ས་མཐའ་འདིར
ལུས་ཤིང་སྡོང་རྒུད་པའི་ཐན་པ་བཏང
གློག་མི་རྟག་འཁྱུག་པའི་སྣང་ཆ་དེས
ཚེ་རྨི་ལམ་གསལ་སྒྲིབ་བྱེད་དམ་ཅི
ལམ་ཆུ་ལྟར་འཁྱོག་པའི་རི་འདབས་ནས
རླུང་གྱེན་དུ་རྒྱུ་བའི་ལམ་སྣ་དྲོངས
ང་འགྲོ་བ་སྐར་མདའ་ཡལ་ཡལ་རེད
ང་འདུག་པ་གད་པ་ཆད་ཆད་རེད
ས་འདི་འདུ་འཛི་མེད་པའི་སྐར་ཁུང་ཞིག
སེམས་འདི་བསྟན་ཐོགས་མེད་པའི་མཚོན་ཆ་ཞིག
གྲིབ་མ་དང་ཉི་མའི་བར་དུ་བདག་མེད་ཀྱི་གླིང་ཀ་བཟོས
གཞི་ནས་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་།
2021/5/29ཉིན་བྲིས།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author