前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

​མངའ་རིས། | འཕགས་ཆེན།

杷青 杷青 Pagchen 2022-07-26










མངའ་རིས།

འཕགས་ཆེན།

ང་ཡི་མིག་གི་ཆུ་རླབས་གཡོ་བ་ན།།

མངའ་རིས་ཉི་མ་བཞིན་དུ་གསལ་ཞིང་འཚེར།།

མཐོན་པོ་ནམ་མཁའ་ཟེར་ཡང་རྐང་པའི་འོག།

དམའ་མོ་ས་གཞི་ཟེར་ཡང་མགོ་བོའི་ལྟག།

ང་ཡི་སེམས་ཀྱི་ཡོལ་བ་ཕྱེས་པ་ན།།

གངས་རི་ཟླ་བ་བཞིན་དུ་དཀར་ཞིང་གཙང་།།

རྩེ་མོ་དགུང་ལ་ཟུག་པ་ཉི་ཟླའི་ཡན།།

རྩ་བ་ཆུ་ལ་ནུབ་པ་ཟམ་པའི་མན།།


ང་ཡི་རྐང་པའི་ཡལ་འདབ་བརྐྱངས་པ་ན།།

ས་ཐང་ནམ་མཁའ་བཞིན་དུ་ཡངས་ཤིང་ཆེ།།

ཡ་མཐའ་སྤྲིན་ལ་འདྲེས་ཏེ་ར་བེ་རོབ།།

མ་མཐའ་མཚོ་ལ་ཐིམ་ནས་ནག་མ་ནོག།


ང་ཡི་ལག་པའི་སྨྱུ་གུ་འགུལ་བ་ན།།

མི་སེམས་ས་ཁྲ་བཞིན་དུ་དྲང་ཞིང་འཁྱོག།

འཁོར་བའི་ནགས་ལ་ཡན་པའི་ཆགས་སྡང་བཏབ།།

ཐར་པའི་ལམ་ལ་ཕྱོགས་པའི་བྱང་སེམས་བྲིས།།


ང་ཡི་གཏམ་གྱི་གློག་ཞགས་འཁྱུག་པ་ན།།

མངའ་རིས་སྐོར་གསུམ་འཛམ་གླིང་ཡང་རྩེ་འོ།།

ཆོས་བོན་སྲིད་ཀྱིས་མེས་པོའི་རྗེས་ཤུལ་བསྲུང་།།

གངས་མཚོ་གཡའ་ཡིས་སྲིད་པའི་མུ་འཁྱུད་འཛིན།།


2021/7/15ཉིན་མངའ་རིས་ནས་བྲིས།

འཕགས་ཆེན།

(ཡུལ་ཤུལ)

ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།

རྩོམ་སྒྲིག་པ།:འཕགས་ཆེན།

公众号!©Pagchen杷青

འཕྲིན་སྟེགས་ལ་དོ་ཁུར་བྱོས།

འཕགས་ཆེན་གྱི་བརྩམས་ཆོས་འགའ།

ཕ་ཡུལ། | འཕགས་ཆེན། 《故乡》杷青的诗

མི་ལ་ཐོས་པ་དགའ། | འཕགས་ཆེན།

ང་ཡི་བླ་མ་རྡོ་རྗེ་འཆང་དངོས་ཡིན། | འཕགས་ཆེན།

ཉིན་དེར། | འཕགས་ཆེན།

བར་སྐོར་གྱི་གྲིབ་གཟུགས། | འཕགས་ཆེན་གྱི་ལྷུག་རྩོམ་གསར་པ།

ལམ་གྱི་འཆར་ཡན། འཕགས་ཆེན་གྱི་སྙན་ངག་གསར་པ།

དུས་ཚོད་ཀྱི་མཚོན་ཆ། | འཕགས་ཆེན།

ཉིན་ཐོ་ཚིགས་བཅད་མ། | འཕགས་ཆེན།

འབྲུག་སྒྲ་ལྡི་རི་རི་གྲགས་རྗེས། | འཕགས་ཆེན།

10ཡང་སྙིང་ཇི་ལྟར་འབབ་དགོས་ཨང་། | འཕགས་ཆེན།

11འཕྱོངས་རྒྱས་བཙན་པོའི་བང་སོ་མཇལ་བ། | འཕགས་ཆེན།



གངས་རིན་པོ་ཆེ་ནས་རྗེ་བཙུན་མི་ལ་རས་པ་དྲན་པ། | འཕགས་ཆེན།


文章有问题?点此查看未经处理的缓存