འཕགས་ཆེན། (ཡུལ་ཤུལ)
ཁ་ལ་ཁ
མིག་ལ་མིག
འཁོར་བའི་ནགས་སུ་གཏོང་བ་འདི
རྣམ་ཤེས་ཀྱི་མེ་ཏོག་སད་ཚུལ་ཞིག
བསླུ་བྲིད་ཀྱི་རྟོད་ཐག་དེས
མི་ལ་རྡོ་ཡི་ཁ་དོག་བགོས
ཤེལ་ལ་སེམས་ཀྱི་དྲི་མ་བཏབ
རླུང་ལ་རླུང་གི་ཕྱི་ནང་ཕྱེས
ཆར་ལ་ཁ་བས་ཕུད་རྒྱག་བྱས
ང་དང་ཁོ་ཡི་དྲྭ་མིག་འཐེན
ཞེན་ཆགས་ཀྱི་རི་མཐོ་ས་ནས
གཏི་མུག་གི་ཐང་ཡངས་ས་ནས
སུ་ཞིག་ལ་ཞེ་སྡང་གི་ཁ་ཆུ་འདེབས
རྨི་ལམ་བག་ལ་ཞ
བས་མཐའི་ལྕགས་ར་འདི་རུ
རི་དྭགས་རྙི་ལ་ཚུད་པ་ལྟར
འཁོར་བའི་ནགས་སུ་གཡེངས་སོང་།
2021/10/10ཉིན་སྡེ་དགེ་ནས།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author