གྲོང་ཁྱེར་དུ།
འཕགས་ཆེན། (ཡུལ་ཤུལ)
ཤོག་ལྷེ་ལྟ་བུའི་རི་སུལ་དེ་བརྗེས་མཚམས་སུ
ལམ་གྱི་ནམ་མཁའ་ཐང་ལ་བརྡལ
ཡང་ཡང་ཤེས་པའི་ས་ཁྲ་ཐོག་ཏུ
གྲོང་ཁྱེར་གྱི་རྦ་རླབས་ཤག་ཤག་ཏུ་འཕྱོ
ངས
ང་རང་གྲོང་ཁྱེར་དུ་གོམས་ཚུལ་རྟོགས་ནའང
གྲོང་ཁྱེར་ཕ་ཡུལ་མིན་པའི་འཆར་སྒོ་དེས
དཔེ་དེབ་ཅིག་ཀློག་ཚུལ་ཡང་འགྱུར་འདུག
ཁོ་ཧྥེ་ཧུབ་འཐུང་བྱས་ཀྱང
གློག་བརྙན་ནར་མར་བལྟས་ཀྱང
ཁ་པར་དང་ལག་པའི་བར་དུ
གྲོག་མཁར་ལྟ་བུའི་སྟོང་ཆ་བྲལ
གྲོང་ཁྱེར་དུ་ང་རང་ཡང་གྲོང་ཁྱེར་ཞིག་གམ
ང་རང་གྲོང་ཁྱེར་དུ་སྲོག་ཆགས་གཞན་ཞིག་རེད་ཨང་།
2022.1.12ཉིན་ཟི་ལིང་ནས་བྲིས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author