前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ངོ་མཚར་རྨད་བྱུང་སྦས་ཡུལ་པདྨ་བཀོད། ༼མེ་ཏོག་རྫོང༽ 墨脱白玛岗

杷青 杷青 Pagchen 2022-07-26

མེ་ཏོག་རྫོང་གི་མོན་པའི་གླུ་མ་དབྱངས་སྐྱིད་མའི་གཞས།

སྦས་ཡུལ་པདྨ་བཀོད།


འཕགས་ཆེན།

པདྨ་བཀོད། བརྙན་ལམ་ནས་མདོར་ཙམ་མཇལ་ཐུབ།


   པདྨ་བཀོད། གནའ་སྔ་མོར་སྦས་ཡུལ་པདྨ་བཀོད་དང་། དེང་དུས་མེ་ཏོག་རྫོང་ཞེས་འབོད། ལྷ་སའི་ཤར་ལྷོ་ཉིང་ཁྲི་ས་ཁུལ་དུ་ཡོད་ལ། ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་ཧི་མ་ལ་ཡའི་ཤར་རྒྱུད་ཡིན། བོད་ལྗོངས་ནས་ས་བབ་ཆེས་དམའ་བའི་ཡུལ་ཞིག་ཀྱང་རེད། རྒྱ་མཚོའི་ངོས་ནས་མཐོ་ཚད་ལ་ཆ་སྙོམས་སྨི་1200ཙམ་མཆིས། ད་ལྟ་རྒྱ་བོད་མོན་ལྷོའི་ཁྱིམ་ཚང་མང་པོ་གནས་ཡོད།


ཁ་བས་གཡོགས་པའི་དགའ་ལུང་ལ།


    པདྨ་བཀོད་ལ་བཀོད་ཆུང་དང་བཀོད་ཆེན་ཅི་རིགས་འབོད། གནས་འདིའི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ལ། ཆར་ཆུ་ཕུན་སུམ་ཚོགས། སྐྱེ་ཁམས་ཧ་ཅང་ལེགས། ཆོས་ཕྱོགས་ནས་བཤད་ན། དམ་པའི་སྐྱེས་ཆེན་མང་པོས་བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པ་ཅན་ཞིག་རེད།

ཁ་བ་གོས་སུ་བཀླུབས་པའི་ནགས་ཚགས།


   གནས་འདི་ཉིད་ལ། ཆོས་མཇལ་བར་མཚོན་ན་རྡོ་རྗེ་ཕག་མོའི་སྐུ་མདུན་དང་། སྒྲོལ་མ་རི། རིན་ཆེན་སྤུངས་པ་དགོན་སོགས་གནས་གལ་ཆེན་མང་པོ་མཇལ་སྐོར་བྱེད་རྒྱུ་ཡོད་པ་དང་། ཡུལ་སྐོར་བར་མཚོན་ན། མོན་ལྷོའི་རིག་གནས་བཤམ་སྟོན་ཁང་། ལྷ་གོང་མཛེས་ཁུལ། ཡར་ཀླུང་གཙང་པོའི་སྒོར་སྒོར་ཐང་ལམ་ཁུག་ཀྱོག་ཆེན་མོ་སོགས་ངོ་མཚར་བ་དུ་མ་ལ་བལྟ་རྒྱུ་ཡོད། དེ་བས་ད་ལྟ་མི་མང་པོས་ཆེས་ཡིད་སྨོན་བྱ་སའི་གནས་ཤིག་ཏུ་གྱུར་ཅིང་། གནས་མཇལ་བ་དང་ཡུལ་སྐོར་བ་མང་པོས་དཀའ་ཚེགས་ལ་མ་འཛེམས་པར་ཐག་རིང་ནས་ཡོང་བཞིན་ཡོད། ད་དུང་གནས་འདིར་ཐོན་དུས་ཁྱད་ཆོས་ལྡན་པའི་མོན་ལྷོའི་ཆས་གོས་དང་། རོ་བྲོ་ལྡན་པའི་བཟའ་བཏུང་མང་པོ་ལོངས་སུ་སྤྱོད་ཐུབ།

མེ་ཏོག་རྫོང་།


   ད་ལྟ་གནས་འདིར་འགྲོ་དུས་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་བར་དུ་ཡོད་པའི་དགའ་ལུང་ལ་བརྒལ་དགོས་པ་རེད། ལ་འདི་ནི་མེ་ཏོག་རྫོང་གི་བྱང་ཕྱོགས་སུ་སྤྱི་ལེ་94ཙམ་གྱི་སར་འདུག མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་4000ལྷག་ཡོད། སྔོན་རྐང་ཐང་གིས་བརྒལ་དགོས་པས་ཉིན་མང་པོ་འགོར། 2013ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག་མེ་ཏོག་རྫོང་གི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་ཀྱི་མཇུག་དང་རྐང་ཐང་གིས་བརྒལ་བ་མཚམས་བསྒྲིལ། འོན་ཀྱང་སྐབས་དེར་ལ་མོ་འདི་ངེས་པར་བརྒལ་དགོས་པ་རེད། དེ་རྗེས་ལ་འདིའི་སྨི་3700ཙམ་གྱི་ཡར་མཚམས་སུ་རིང་ཚད་ལ་སྤྱི་ལེ་གསུམ་ལྷག་ཡོད་པའི་དགའ་ལུང་ལའི་ཕུག་ལམ་རིང་མོ་བསྐྲུན་པས་སྔར་དང་བསྡུར་ན་འགྲོ་སྟབས་བདེ་པོ་གྱུར་ཏེ་ལོ་རེར་ཡུལ་སྐོར་བ་ཁྲི་སྟོང་མང་པོ་བསུ་བཞིན་མཆིས། ད་སྐབས་དགའ་ལུང་ལའི་ཕར་ཚུར་ལ་ཁ་བ་མཐུག་པོ་ཆགས་པས་འགྲོ་སྐྱོད་དཀའ། རླངས་འཁོར་ཕར་འགྲོ་ཚུར་ཡོང་གི་ཉི་མ་གཏན་ཁེལ་བྱས་པས་གང་འདོད་དུ་བསྐྱོད་ཆོག་པ་མ་རེད། ལ་འདི་བརྒལ་མྱོང་མཁན་ཡིན་ན་གསལ་བོར་ཤེས་ངེས། བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེ།

སྨུག་སྤྲིན།


     གཏམ་བཟང་ཞིག་ལ་ལོ་མང་པོའི་རིང་ལ་སྨིན་གླིང་རྫོང་ཕད་གྲོང་རྡལ་ནས་མེ་ཏོག་གི་བར་གཞུང་ལམ་བསྐྲུན། གཞུང་ལམ་འདི་ནི་ཡར་ཀླུང་གཙང་པོའི་གྲོང་རོང་བརྒལ་ཞིང་། 2021ལོའི་ལོ་མཇུག་ཏུ་གཞུང་ལམ་ཤར་གཏོང་ཐུབ་རྒྱུའི་འཆར་འགོད་བྱས་ཤིང་ཚོད་ལྟའི་ཚུལ་དུ་བཏང་། 2022ལོར་ཤར་བཏང་དངོས་སུ་བྱེད་པའི་རེ་སྒུག་བྱས་ཡོད་པ་རེད། ཉིང་ཁྲི་ནས་རླངས་འཁོར་ཕད་གྲོང་རྡལ་ལ་དུས་ཚོད་གཉིས་ཙམ་དང་། ཕད་གྲོང་རྡལ་ནས་མེ་ཏོག་བར་རླངས་འཁོར་བཏང་ན་ཆུ་ཚོད་གཅིག་ལྷག་ལས་དགོས་ཀྱི་མེད་པས། བསྡོམས་དུས་ཚོད་གསུམ་ལྷག་ལས་མི་འགོར་པ་རེད། དེ་ནི་དགའ་འོས་པའི་དོན་བཟང་ཞིག་མ་ཡིན་ནམ།

ཡར་ཀླུང་གཙང་པོའི་ཁུག་ཀྱོག་ཆེན་མོ།


   སྦས་ཡུལ་པདྨ་བཀོད་ནི་གཙོ་བོ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་དང་། སློབ་དཔོན་པདྨ་འབྱུང་གནས། སྒམ་པོ་ཨོ་རྒྱན་འགྲོ་འདུལ་གླིང་པ་སོགས་ཀྱི་གནས་ཡིན། འདིར་གླིང་ཆེན་དྲུག་དང་གླིང་ཕྲན་དྲུག སྒྲུབ་ཕུག་དང་རང་བྱོན། གངས་རི་དང་བླ་མཚོ་བཅས་ཡོད། གནས་རི་ཧྲིལ་པོར་བསྐོར་བ་བརྒྱབ་ན་ཉིན་བདུན་ཙམ་འགོར་བར་བཤད། འོན་ཀྱང་ལོ་འདི་དག་ལ་རྒྱ་གར་དུ་ནད་ཡམས་ཆེན་པོ་བྱུང་བའི་དབང་གིས་རྡོ་རྗེ་ཕག་མོའི་གནས་སྐུ་མདུན་སོགས་ལ་འགྲོ་སྐྱོད་བྱེད་མི་ཆོག་པ་རེད། གལ་ཏེ་དགུན་དུས་སུ་བཏང་ནའང་ཁ་བ་མཐུག་པོ་ཆགས་པས་འགྲོ་ཐབས་བྲལ།



མཛེས་ལྗོངས།


    ལོ་འདི་དག་ལ་མེ་ཏོག་རྫོང་གི་རྒྱབ་ངོས་གཡས་ཕྱོགས་ཀྱི་རི་རྩེ་ལ་ཆགས་པའི་རིན་ཆེན་སྤུངས་པ་དགོན་དང་སྒྲོལ་མ་ལ་ལ་གནས་སྐོར་བྱེད་བཞིན་འདུག གནས་འདིར་རིན་ཆེན་སྤུངས་པ་དགོན་དང་། གུ་རུའི་སྒྲུབ་ཕུག་དང་རང་བྱོན་མང་པོ་མཇལ་རྒྱུ་ཡོད་པ་རེད། ད་ལྟ་ས་ཕྱོགས་སོ་སོ་ནས་ཡོང་བའི་མི་མང་པོས་འཚང་ཁ་ཤིག་ཤིག་བྱེད། སྐོར་ཚད་ནི་བསྐོར་བ་བཅུ་གསུམ། ད་རེས་བདག་ཀྱང་གནས་འདིར་ཐོན་ཞིང་ས་ཆ་མང་པོར་སོང་བས་མེ་ཏོག་རྫོང་གི་ཡུལ་ལྗོངས་འགའ་དང་། རིན་ཆེན་སྤུངས་པའི་གནས་རི། རིན་ཆེན་སྤུངས་དགོན་པའི་པར་རིས་བཅས་དང་། ཡུལ་འདིའི་གནས་ཚུལ་རགས་བཤད་ཀྱི་ཡི་གེ་འདི་མཉམ་སྤྱོད་ཞུས་ཡོད།


ཅེས་སྤྱི་ལོ་2022ཟླ1ཚེས23ཉིན་མེ་ཏོག་རྫོང་ནས་བྲིས།

བརྙན། དགའ་ལུང་ལའི་ཕར་ཚུར།

རིན་ཆེན་སྤུངས། སྒྲོལ་མ་ལའི་ལམ་ཡིག






རིན་ཆེན་སྤུངས་པ་དགོན།



























སྨུག་སྤྲིན་འོག་གི་མེ་ཏོག་རྫོང་།
























པོ་ཏི་རང་བྱོན།




སྒྲུབ་ཕུག་ཅིག




སྡོང་པོ།



གནས་སྐོར་བ།

ལམ་འགྲམ་ནས་རྒྱུ་བའི་བྱ་ཞིག




སྐོར་ལམ་ཟུར་གྱི་ཚོང་ར།

རྦབ་ཆུ།



མེ་ཏོག་པདྨའི་སྤྱི་གླིང་།


མེ་ཏོག་རྫོང་གི་ཞིང་ཁ་ཞིག



མེ་ཏོག་རྫོང་། ཁང་པ།



མེ་ཏོག་རྫོང་གི་དཔེ་མཛོད་ཁང་།


ས་གནས་ཀྱི་ཟ་ཁང་ཞིག


མེ་ཏོག་རྫོང་གི་ལུས་རྩལ་ཐང་།





མེ་ཏོག་རྫོང་གི་བཤམ་སྟོན་ཁང་།

བཤམ་སྟོན་ཁང་གི་སྒོ་འགྲམ་དུ་བཟོས་པའི་མེ་ཏོག་པདྨ།




ཡར་ཀླུང་གཙང་པོ། ཟམ་པ།

པར་ལེན་པ། འཕགས་ཆེན།

རྩོམ་སྒྲིག་པ།:འཕགས་ཆེན།

公众号!©Pagchen杷青

གསལ་བཤད། ད་དུང་བརྙན་ཡག་ཤོས་འགའ་སྤེལ་རྒྱུ་ཡིན་པས་འདི་ནས་དོར་ཁུར་བྱོས།

འཕྲིན་སྟེགས་ལ་དོ་ཁུར་བྱོས།

འཕགས་ཆེན་གྱི་བརྩམས་ཆོས།

སྐྱིད་གྲོང་དུ་ཤོར་བའི་སེམས་ཉིད། | འཕགས་ཆེན།

2འཁོར་བའི་ནགས་སུ་གཡེང་པ། | འཕགས་ཆེན།

ཕ་ཡུལ། | འཕགས་ཆེན། 《故乡》杷青的诗

མི་ལ་ཐོས་པ་དགའ། | འཕགས་ཆེན།

ང་ཡི་བླ་མ་རྡོ་རྗེ་འཆང་དངོས་ཡིན། | འཕགས་ཆེན།

ཉིན་དེར། | འཕགས་ཆེན།

བར་སྐོར་གྱི་གྲིབ་གཟུགས། | འཕགས་ཆེན་གྱི་ལྷུག་རྩོམ་གསར་པ།

ལམ་གྱི་འཆར་ཡན། འཕགས་ཆེན་གྱི་སྙན་ངག་གསར་པ།

དུས་ཚོད་ཀྱི་མཚོན་ཆ། | འཕགས་ཆེན།

10 ཉིན་ཐོ་ཚིགས་བཅད་མ། | འཕགས་ཆེན།

11 འབྲུག་སྒྲ་ལྡི་རི་རི་གྲགས་རྗེས། | འཕགས་ཆེན།

12 ཡང་སྙིང་ཇི་ལྟར་འབབ་དགོས་ཨང་། | འཕགས་ཆེན།

13 འཕྱོངས་རྒྱས་བཙན་པོའི་བང་སོ་མཇལ་བ། | འཕགས་ཆེན།

14 ལོ་མ་སེར་པོ། | འཕགས་ཆེན་གྱི་སྙན་ངག་གསར་པ།

15 སྟོད་མངའ་རིས་ཀྱི་འབྲོག་སྡེ། | འཕགས་ཆེན།

16ཆོས་མངོན་པ། ཆུ་རྒྱ་མཚོ། | འཕགས་ཆེན།

16གྲོང་ཁྱེར་དུ། | འཕགས་ཆེན།

 

文章有问题?点此查看未经处理的缓存