རྩོད་མེད་ཀྱི་པཎ་གྲུབ་ནཱ་རོ་པ། | འཕགས་ཆེན།
རྩོད་མེད་ཀྱི་པཎ་གྲུབ་ནཱ་རོ་པ།
འཕགས་ཆེན། (ཡུལ་ཤུལ)
རྣལ་འབྱོར་དབང་ཕྱུག་གུ་རུ་དྷོ་ཙྪས་མཛད་པའི་《མཁས་གྲུབ་མཉམ་མེད་དཔལ་ནཱ་རོ་པའི་རྣམ་པར་ཐར་པ་དྲི་མེད་ལེགས་བཤད་བདེ་ཆེན་འབྲུག་སྒྲ》ཞེས་པ་བཀླགས་རྗེས།
རྒྱལ་པོའི་མཚན་ལ་ཀུན་ཏུ་བཟང་པོ
པཎྜི་ཏའི་མཚན་ལ་འཇིགས་མེད་གྲགས་པ
རྣལ་འབྱོར་པའི་མཚན་ལ་ནཱ་རོ་ཏ་པ
ད་དུང་་་་་་་་་་་
འདི་འདྲའི་མཚན་མང་པོའི་ཅོད་པཎ་སུ་ཞིག་གིས་ཐེག་ནུས་ཏེ
མཁས་མང་དབུས་ན་བཞུགས་དུས
ཉི་མ་ལྟར་གཟི་འོད་ལྷམ་ལྷམ་འབར
གྲུབ་ཐོབ་ནང་དུ་ཕེབས་དུས
ཟླ་བ་ལྟར་བཀྲག་མདངས་ལམ་ལམ་འཚེར
དཀའ་ཆེན་དཀའ་ཕྲན་མང་པོ་སྤྱད་དེ
ཐུན་གཅིག་ལའང་གཟིམ་ཁོམ་བྱུང་མི་འདུག་ཨང
སེམས་ཀྱི་མེ་ལོང་ལ་བལྟས་ཏེ
ལོང་བས་གཟུགས་མཐོང་བ་ནས
ཞ་བོས་གོམ་པ་སྤོ་བའི་བར
མཚོན་དུ་མེད་པ་མཚོན
བརྗོད་དུ་མེད་པ་བརྗོད
ཁྱེད་ནི་འཇིག་རྟེན་དུ་མི་སྲིད་པ་སྲིད་པར་བྱེད་མཁན་ཞིག
ལྗོངས་མེ་ཏོག་རྒྱས་པའི་གྲོང་ཁྱེར་དང
རི་བོ་གསེར་གླིང་གི་དགོན་པ་ནས
མཐོང་མེད་མཐོང་སྟེ
གྲོལ་མེད་གྲོལ་ནས
གནམ་ས་ཁ་སྤྲོད་བྱས་ཚར་འདུག
འཁོར་འདས་རོ་གཅིག་ཏུ་བསྒྱུར་ཚར་འདུག
2022.3.14ཉིན་ལྷ་ས་ནས་བྲིས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青