查看原文
其他

玉树市各级师生为武汉同心助力、加油!(一)

共青团玉树市委 共青团玉树 2020-09-18

玉树市二中“小手拉大手 同心共战疫”教育活动

༄༅༎ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པས“ཆུང་བས་ཆེ་ཁྲིད།རིམས་འགོག་མཉམ་འཐབ“ཅེས་པའི་བརྩེ་བའི་བྱ་འགུལ།

玉树市第二民族中学“小手拉大手,同心共战“疫””教育活动

        坚持以习近平新时代中国特色社会主义思想为指导,按照李克强总理来青视察时提出的工作要求,以对人民群众高度负责的精神,进一步健全工作机制,强化联防联控,采取各项措施,做到早发现,早报告,早隔离,早诊断,早治疗,全力以赴、科学有效做好疫情防控工作。

  འགག་རྩ་ལ་ཐུག་པའི་དུས་འདིར། ཡུས་ཧྲུའུ་གྲོང་ཁྱེར་སློབ་འབྲིང་གཉིས་པས་དུས་ཐོག་ཏུ་དགེ་སློབ་མཉམ་འབྲེལ་གྱིས་རྒྱ་ཆེའི་མང་ཚོགས་དང་ཁྱིམ་བདག་གིས་རིམས་ནད་ལ་ངོས་འཛིན་ཡང་དག་པ་ཐོབ་པ་དང་། ནད་འགོག་འདུ་ཤེས་ཇེ་མཐོ་གཏོང་པ་སོགས་ལ་དྲན་སྐུལ་དང་ཀུན་སློང་། དེ་དང་མཉམ་དུ་བརྩེ་བའི་ལྷག་བསམ་སྦྱིན་པའི་དབུ་ཁྲིད་དང་གཞན་ཕན་སྙིང་སྟོབས་མངའ་བའི་གདོང་མཆོང་གི་དཔའ་བོ་དཔའ་མོ། རང་གཞན་ཟུང་གི་བདེ་ཐང་ལ་འགན་ཁུར་བའི་ཉེན་རྟོག་རུ་ཁག་སོགས་ལ་བཀའ་དྲིན་གྱི་སེམས་པ་མཚོན་བྱེད་དུ་སློབ་གྲོགས་རྣམས་ཀྱིས་རྒྱལ་ཁའི་ཁ་གཡང་དང་བརྩེ་བའི་རེ་འབོད་མི་ཉུང་བ་ཞིག་ཁོང་རྣམ་ལ་ཕུལ་བ་ལགས་སོ༎ 

སློབ་མ་ལ་སྐུལ་བའི་རིམས་འགོག་སྡོམ་ཚིག

རིམས་ནད་སྔོན་འགོག་ལ།། ང་ཚོ་མཉམ་དུ་ཡོད།།

རང་གཞན་གཉིས་ཀྱི་བདེ་ཐང་དོན།། 

གཉན་རིམས་གློ་ཚད་ནད་ཡམས་ལ།། 

འགོག་སྲུང་ཡག་པོ་ཡོང་བའི་ཆེད།། 

ཤེས་ཚད་ཙམ་གྱིས་ཅུང་ཟད་དྲངས།།

ནད་དུག་འགོག་པའི་ཐབས་ཤེས་དང་།། 

གཙང་སྦྲ་འཕྲོད་བསྟེན་བྱེད་ལུགས་ཤིག། 

ཚན་རིག་ལས་འཕྲོས་སྐད་ཆ་དང་།། 

སྨན་པའི་ངག་བཞིན་ཅུང་ཟད་ཞུ།། 

དང་པོ་ཕྱི་ལ་འགྲོ་འདུག་སྤང་།།  

གལ་ཏེ་ཕྱི་ལ་འགྲོ་དགོས་ཚེ།། 

ཚད་ལྡན་ཁ་ཁེབས་གྱོན་ནས་སོང་།། 

གཞན་དང་བར་ཐག་བཅད་ན་བཟང་།། 

ཕྱི་ནས་ཁྱིམ་ལ་ལོག་མ་ཐག། 

ཁ་ཁེབས་གཙོ་བྱས་ཕྱི་ཆས་ལ།། 

དུག་སེལ་ཐུབ་ན་ཤིན་ཏུ་བཟང་།། 

གཙོ་བོར་ཁ་ལག་ངེས་པར་བཀྲུས།། 

སྤྱིར་ན་མི་ཚོགས་འདུས་ས་དང་།། 

དགའ་ཉེ་སྤུན་མཆེད་འདུ་འཛོམས་སོགས།། 

བྱ་བ་འདི་རིགས་ཉུང་ན་དགའ།། 

ཁྱིམ་དུ་ལྷོད་ལྷོད་བསྡད་ན་བཟང་།།  

ཁང་ཁྱིམ་སྒེའུ་ཁུང་ཕྱེ་བ་དང་།། 

མཁའ་རླུང་གསར་པ་འགྲོ་རུ་བཅུག། 

ནམ་རྒྱུན་དུག་སེལ་གཙང་སྦྲ་གྱིས།། 

དུག་འགོག་སྨན་རིགས་བདུག་ན་བཟང་།། 

ཕྱི་ནས་ཉོས་པའི་ཅ་ལག་ལ།།  

དུག་སེལ་གཙང་མ་བྱས་ན་དགའ།། 

དམར་ཟས་རིགས་དང་རྗེན་པའི་ཟས།། 

ཉུང་ཉུང་བཏང་ན་ལུས་ལ་ཕན།།  

ཚ་བ་རྒྱས་ནས་གློ་ལུ་དང་༎

དབུགས་བསྡམས་ལ་སོགས་རྟགས་བྱུང་ན།།

ཆུ་ཁོལ་བསྟེན་ཞིང་སྨན་ལ་སྤྱད།།

ཚབས་ཆེན་སྨན་དཔྱད་ཁང་དུ་ཕེབས།། 

ཁྱིམ་ལ་བསྡད་ཚེ་འགུལ་སྐྱོད་རན།།

ཁ་ཟས་ལ་སོགས་གཙང་མ་བྱོས།།

རིམས་འགོག་ཤེས་བྱ་ཅི་ཐུབ་སློབ།།

ཕན་པའི་སྐད་ཆ་གཞན་ལ་སྤེལ།།

དོན་མེད་དཀྲོག་གཏམ་རིང་དུ་སྤང་།།

ཆེད་ལས་མཁས་པའི་གཏམ་ལ་ཉོན།།

གསོ་རིག་མཁན་པོའི་གསུང་ལ་རྩིས།།

དྲིན་ཆེན་གང་གི་བཀའ་བཞིན་སྒྲུབས།།

རང་གིས་རང་ལ་ཤ་ཚ་ན།།

རང་གི་ལུས་པོ་བདག་སྐྱོང་བྱོས།།

རང་གིས་རང་ལ་གཅེས་བསམ་ན།།

རང་མོས་ངང་གིས་འགན་དེ་སྲུངས།།

ཛ་དྲག་དུས་དང་འཕྲད་པའི་ཚེ།། 

རིམས་ནད་འགོག་པའི་འགན་འཁྲི་འདི།།

ང་ཚོ་ཚང་མའི་ཕྲག་ཏུ་ཡོད།།

དེ་བཞིན་སྒྲུབ་པར་ཀུན་གྱིས་གཟོབས།།

  我校为了进一步落实玉树市教育系统“小手拉大手,同心共战“疫””活动方案,为全国新型冠状病毒感染的肺炎疫情防控工作电视电话会议精神,坚决贯彻省委省政府、州委州政府及市委市政府的决策部署,全力做好玉树市教育系统疫情防控工作,我校坚决過制疫情蔓延势头,确保我校师生及家长生命安全和身体健康,在老师们一同努力下正确掌握自我防护知识,在家学会自我防护,正确洗手,佩戴口罩,锻炼身体等,严格要求自己,熟练掌握科学的,正确的防疫方法,用实际行动保护自己,保护他人,在师生一同努力下在班级微信群里搜集优秀小视频及作品发在学校微信群,给同学之间作示范,让学生在家里度过一个健康、快乐、有意义的假期。

རང་གཞན་གཉིས་ཀྱི་བདེ་ཐང་དོན།།

ནད་དུག་འགོག་སྲུང་ཡག་པོ་བྱོས།།

ཕན་པའི་སྐད་ཆ་ཁྱིམ་ལ་བཤད༎

བརྩེ་བའི་ལས་ཀ་མཉམ་དུ་སྒྲུབ༎

  全面落实中央、省、州、市关于新型冠状病毒感染的肺炎疫情防控工作的部署安排,积极落实立德树人根本任务,加强学生的思想道德建设,教育引导学生把遵守疫情防控规定同热爱祖国、热爱人民、热爱生活结合起来,同习惯养成教育结合起来,同严格要求自己结合起来。教育引导学生争当宣传防疫知识的小先锋,不恐慌、不焦虑,不造谣、不信谣、不传谣,在做好自我防控的同时,通过多种形式向家人和身边亲人、朋友宣传防疫知识,用自己的“小手”拉着家长的“大手”,带动全家不折不扣地落实疫情防控的各项要求,凝聚起防控疫情的社会正能量。

      ང་ཚོས་འདི་ནས་སེམས་ཤུགས་གཅིག་མཐུན་དང་དཔུང་བ་མཉམ་གཤིབ་ཀྱིས་རིམས་ནད་སྔོན་འགོག་ཀྱི་འཐབ་འཛིང་ལས་རྣམ་པར་རྒྱལ་པའི་མཐུན་རྐྱེན་སྐྲུན།

རང་གཞན་གཉིས་ཀྱི་བདེ་ཐང་དོན།། 

ནད་དུག་འགོག་སྲུང་ཡག་པོ་བྱོས།།

ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་བླང་བྱ་བཅུ། 

གཅིག སྒོ་ལ་ཐེངས་མང་པོ་མི་འགྲོ་བ། མི་འགྲོ་ཐབས་མེད་ཡིན་ན་མི་འདུ་འཛོམས་ཆེ་སར་མི་འགྲོ་བ།  

གཉིས། དགའ་ཉེ་སྤུན་མཆེད་འདུ་འཛོམས་མང་པོ་མི་བྱེད་པ། གཉེན་ཉེ་ཕན་ཚུན་གནས་སྐབས་ལ་འགྲོ་འོང་ཉུང་དུ་གཏོང་དགོས།

གསུམ། ཕྱི་ལ་འགྲོ་སྐབས་ཁ་ཁེབས། ༼ཁ་རས། ཁ་ཐུམ།༽ཞེས་པའི་རས་འདི་ཚད་དང་ལྡན་པ་རྒྱག་དགོས་པ།  

བཞི། ནང་ཁྱིམ་ལ་ལོག་དུས་ཁ་ལག་གཙང་འཁྲུད་དང་དུག་སེལ་བྱེད་དགོས། 

ལྔ། ཁྱིིམ་ཚང་གི་གཙང་སྦྲར་དོ་སྣང་དགོས། དུག་སེལ་གཤེར་ཁུ་དང་ཆང་བཅུད་དུག་སེལ་གྱིས་ནམ་རྒྱུན་དུག་སེལ་ཡག་པོ་བྱེད་དགོས། 

དྲུག ཁང་པའི་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་གསར་པ་འགྲོ་རུ་འཇུག་དགོས། 

བདུན། ནག་པོ་དགུ་སྦྱོར་གྱི་ནད་འགོག་སྨན་རྫས་རིགས་དག་དགོང་ཞོགས་ལ་ཉུང་ཙམ་རེ་བདུག་ཐུབ་ན་ཕན་པ་ཆེ།

བརྒྱད། ཆམ་ནད་ཕོག་པའི་མི་དང་རྒྱུས་མེད་སྲོག་ཆགས་ཀྱི་ཉེ་སར་མ་བཅར་ན་བཟང་།

དགུ། གལ་ཏེ་ཁྱེད་ལ་ཚ་བ་རྒྱས་པ་དང་། གློ་ལུ་རྒྱག་པ། དབུགས་བསྡམས་པ་སོགས་ཀྱི་ནད་རྟགས་ཚབས་ཆེན་པོ་ཐོན་ན་ལམ་སེང་དམིགས་བཙུགས་སྨན་ཁང་དུ་བརྟག་དཔྱད་ལ་ཕེབས་དགོས། 

བཅུ། དོན་མེད་ཀྱི་རྫུན་གཏམ་དང་དགོས་མེད་ཀྱི་དཀྲོག་གཏམ་མི་བཟོ་བ་གྱིས། གཙོ་བོ་རང་ཉིད་ནས་འགོ་བཟུང་སྟེ་སྔོན་འགོག་ཡག་པོ་བྱེད་པ་ནི་རང་གཞན་ཀུན་གྱི་བདེ་ཐང་ལ་འགན་ཁུར་བའི་དཔེ་དོན་བཟང་པོ་ཡིན།

དགུན་ཟླའི་གྲང་ལྷགས་ཇི་ལྟར་ཆེ་ནའང་།

དཔྱིད་ཀྱི་དཔལ་ཡོན་སླེབས་པའི་ཉིན་ཞིག་ཡོད།

མུན་ནག་ནད་དུག་ཇི་ལྟར་རྒོད་ནའང་།

རྒྱལ་ཁའི་ཉི་མ་ཤར་བའི་ཉིན་ཞིག་ཡོད།

ངའི་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་།

སྡུག་སྔོན་མོ་ཆུ་ལ་མཉམ་འཐུང་གིས།

ང་ཚོས་ལྷན་དུ།

སྐྱ་རེངས་བསུ་བའི་ལས་ལ་བརྩོན།

有难同当 有福同享

 我们一起迎接美好的明天

我们时刻在一起

武汉加油!

中国加油!

玉树市第二民族中学编

2020/2/8

ང་ཚོ་ནམ་ཡང་མཉམ་དུ་ཡོད༎

ཤུགས་རྒྱོབ་ཤོག

ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པས་བསྒྲིགས།

༢༠༢༠/༢/༨

འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བདེ་འཇགས་སྣེ་སྟོན་གྱི་རེ་བ་བཞིན།

ད་ལྟ་འབྲེལ་ཡོད་དོན་ཚན་གལ་ཆེན་ཞིག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ། 

གཅིག ཚན་པ་ཁག་དང་ཁྱིམ་ཚང་གིས་ཨ་རག་༼ཆང་བཅུད༽དང་དུག་སེལ་སྨན་ཆུ་84ཉར་ཚགས་བྱེད་སྐབས་མང་ཉུང་ལ་མ་བལྟོས་པར་དེ་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་སྟབས་ངེས་པར་དུ་སོ་སོར་བྱས་ནས་ཉར་ཚགས་བྱེད་དགོས། 

གཉིས།84དུག་སེལ་གཤེར་ཁུ་དང་ཨ་རག་༼ཆང་བཅུད༽་གཉིས་བསྲེས་སྦྱོར་བྱེད་མི་རུང་། མཉམ་བསྲེས་བྱས་ན་ཁིལ་རླུང་ཞེས་པའི་རྫས་ཤིག་གི་ངོ་བོ་འགྱུར་ནས།ཁིལ་རླུང་ནི་དུག་ཤེད་ཆེ་བའི་རླུང་གཟུགས་ཡིན་པས།མིའི་ལུས་ཁམས་སུ་རྔུབ་རྗེས་དབུགས་ལམ་དང་གློ་བར་འགོས་སླ་བས་གློ་ཡུའི་ཡན་ལག་གཉན་ཚད་དང་གློ་བར་ཆུ་སྐྲང་བྱུང་ནས་དབུགས་རྔུབ་ཚད་ཆེ་དྲགས་ན་སྙིང་འགག་པའི་གནོད་པ་ཆེ། 

གསུམ། སྡེ་ཚན་ཁག་གིས་ཆ་འཕྲིན་དེ་མགྱོགས་མྱུར་ངང་མི་ཚང་མར་བརྒྱུད་བསྒྲགས་བྱེད་པ་དང་།ལྷག་པར་དུ་བེད་སྤྱོད་གཏོང་མཁན་ལ་དོ་དམ་དང་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བདེ་འཇགས་འགན་ལེན་བྱེད་དགོས། 

རང་གཞན་གཉིས་ཀྱི་བདེ་ཐང་ཆེད།། 

དུག་སེལ་གཙང་སྦྲ་ཀུན་ལ་གཟབ།།         

根据卫健委安全提示要求,现将有关事项通知如下:

      1、各单位或家庭在储存酒精、84消毒液时,无论量多量少,切记不要二者混储,必须分开储存。

      2、84消毒液和酒精不可混合使用,混合后可能产生氯气,氯气是剧毒气体,人体吸入后易感染呼吸道和肺部,导致支气管炎和肺水肿,吸入量过大会导致心脏骤停。

      3、请各单位将此信息迅速传达到所有人,特别是保管和使用人员,切实加强管理和使用,确保安全!

切记!!!

确保大家健康   注意消毒卫生

二中“小手拉大手 同心共战疫”教育活动

昨天 阅读592

    您可能也对以下帖子感兴趣

    文章有问题?点此查看未经处理的缓存