查看原文
其他

【为您守护】积极应对疫情健康文明过藏历新年倡议书

公安厅宣传处 平安西藏 2022-11-03

ནད་ཡམས་ལ་ཁ་གཏད་ཧུར་ཐག་བཅག་ནས་བདེ་ཐང་དང་ཤེས་དཔལ་ལྡན་པའི་ངང་ནས་བོད་ཀྱི་ལོ་གསར་གཏོང་རྒྱུའི་གྲོས་འགོ་འདོན་ཡིག 

积极应对疫情健康文明过藏历新年倡议书


གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་གྲོང་མི་གྲོགས་པོ་ལྷན་རྒྱས།

广大城乡居民朋友:


བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར།   རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་རིམ་དུ་གནས་ཡོད།  སྐུ་ཉིད་གཟུགས་གཞི་བདེ་ཐང་ཡོང་བར་འགན་སྲུང་ཏན་ཏན་ཏིག་ཏིག་བྱེད་ཆེད།   ང་ཚོས་གྲོས་འགོ་འདོན་རྒྱུ་གཤམ་གསལ།   
藏历新年即将来临,全国新冠肺炎疫情防控工作也处于关键阶段,为切实保障您的身体健康,我们发出如下倡议:

1.འདུ་འཛོམས་ཀྱིས་དངོས་ཟོག་ཉོ་བའི་རིགས་མི་བྱེད་པ།   གྲོང་ཁྱེར་ཡོངས་སུ་ལོ་གསར་གྱི་མཁོ་རྫས་དམངས་ཕན་ཐད་འཚོང་ས་ཚིགས་239བཙུགས་ཡོད་པས་ཁྱིམ་ཚང་རེས་འཐུས་མི་རེ་བཏང་ནས་གང་ཐག་ཉེ་ས་དང་སྟབས་བདེ་ས་ནས་ལོ་གསར་གྱི་མཁོ་རྫས་ཉོ་ཆོག་ལ་ཡང་ན་འཕྲིན་ཕྲན་དང་མོས་ཚོགས་སོགས་དྲ་རྒྱའི་སྟེགས་བུའི་ཐོག་ནས་ལོ་གསར་གྱི་མཁོ་རྫས་ཉོ་ཆོག   རྒན་རྒོན་དང་བྱིས་པ་མཉམ་དུ་མ་ཕེབས་རོགས་ཞུ་རྒྱུ་དང་།   བདེ་ཞིང་ཐང་བའི་མི་ཕྱིར་ཕེབས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

1.不聚集购物。全市设立了239个年货惠民直销点,每个家庭可安排代表就近就便购置年货,也可以利用微信、美团等网络平台购买年货,建议老人、小孩不要跟随出行,提倡健康人员出行。


2.གཞན་གྱི་ཁྱིམ་དུ་ལོ་གསར་གྱི་འཚམས་འདྲིར་མི་བཅར་བ།    ཁྱིམ་མཚེས་གཉེན་ཉེ་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུ་བར་མ་བཅར་རོགས།   ཁྱེད་ཀྱིས་ཁ་པར་དང་།   འཕྲིན་ཐུང་།   འཕྲིན་ཕྲན།   བརྙན་མཐོང་སོགས་བརྒྱུད་ནས་འཚམས་འདྲི་ཞུ་བ་དང་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་ཞུ་རོགས།

2.不上门拜年。邻里亲朋请不要相互登门拜年,您可以通过电话、短信、微信、视频等方式表达问候,互致祝福。


3.གཉེན་ཉེ་སྤུན་གྲོགས་དང་ཐུག་འཕྲད་མི་བྱེད་པ།   ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་དགོས་ན་ང་ཚོའི་དབར་བར་ཁམས་ཀྱི་བར་ཐག་འཇོག་དགོས།   ཡིན་ནའང་གཉེན་ཉེ་སྤུན་གྲོགས་དབར་གྱི་བརྩེ་བ་ནི་ནམ་ཡང་གནས་སྲིད།   སྐུ་ཉིད་གཉེན་ཉེ་སྤུན་གྲོགས་ཐུག་འཕྲད་ལ་འགྲོ་རྒྱུ་མེད་ལ་མི་གཞན་དང་བར་ཐག་ཉེ་པོས་འབྲེལ་འདྲིས་བྱེད་རིགས་ཉུང་ཙམ་བྱེད་དགོས།

3.不走亲访友。疫情防控需要大家在空间上保持距离,但亲朋好友亲情永在,请您不要走亲访友,减少近距离接触。


4.འདུ་འཛོམས་དང་འཛོམས་སྟོན་རིགས་མི་བྱེད་པ།    འདུ་འཛོམས་དང་འཛོམས་སྟོན་ནི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་མཆེད་མགྱོགས་ཤོས་ཀྱི་ལམ་བུ་ཞིག་ཡིན་པར་བརྟེན་ལོ་གསར་རིང་སྐུ་ཉིད་ནས་འདུ་འཛོམས་དང་འཛོམས་སྟོན་རིགས་མི་བྱེད་པར་ཁྱེད་དང་ནང་མིར་ནད་ཡམས་ཀྱི་གེགས་བར་མི་འཕྲད་པ་བྱེད་དགོས།

4.不聚会聚餐。聚会聚餐是新冠肺炎疫情传播最迅速的途径,请您在过年期间不要聚会聚餐,不让疫情波及到您和家人。


5.མི་མང་འདུ་འཛོམས་ཀྱིས་ལོ་གསར་གཏོང་བའི་རིགས་མི་བྱེད།    མི་ཚོགས་སྟུག་སར་ཕན་ཚུན་ནད་དུག་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བས་ཁྱེད་ཀྱིས་རང་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ།    ཕྱི་ལ་འགྲོ་དུས་ཁ་རས་རྒྱག་དགོས་པ་དང་མི་ཚོགས་སྟུག་སར་འགྲོ་རྒྱུ་མེད།   

5.不聚集过年。人员密集会极大提高交叉感染风险,请您增强自我保护意识,外出要佩戴口罩,不要到人员密集场所。


ང་ཚོ་ཚང་མས་རང་ཉིད་ནས་འགོ་བརྩམས་ཏེ་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་གྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་ཐུན་མོང་ཐོག་ནུས་ཤུགས་ལེགས་སྐྱེས་འབུལ་དགོས།
让我们每一个人从自身做起,弘扬社会公德,共同为打赢疫情防控阻击战贡献力量!

གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་གྲོང་མི་ལྷན་རྒྱས་དུས་ཆེན་སྤྲོ་པོ་དང་ཁྱིམ་ཚང་འཆམ་མཐུན།  བདེ་སྐྱིད་དཔལ་གྱིས་ཕྱུག་པ་བཅས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།   
恭祝广大城乡居民节日快乐,阖家幸福,扎西德勒!


ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

拉萨市应对新肺炎疫情防控工作领导小组办公室

སྤྱི་ལོ་2020ལོའི་ཟླ་2པར།

2020年2月


来源:拉萨市应对新冠肺炎疫情防控工作领导小组办公室



推荐阅读


1.【疫情防控】不戴口罩不测体温者,一律不得进商场超市!
2.【通告】拉萨市公安机关 关于依法严厉打击新冠肺炎疫情防控期间违法犯罪行为的通告





审      核:扎西德吉

责任编辑:刘建伟
编      辑:张麒麟







您可能也对以下帖子感兴趣

文章有问题?点此查看未经处理的缓存