查看原文
其他

《西藏自治区民族团结进步模范区创建条例》今日起实施

公安厅宣传处 平安西藏 2021-06-29

    བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག བསྡུས་མིང་ལ་སྲོལ་ཡིག་དང་། ༢༠༢༠ལོའི་ཟླ་༡ཚེས་༡༡ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཞིབ་བཤེར་གྲོས་འཆམ་བྱུང་བ་དང་། ད་ལོའི་ཟླ་༥ཚེས་༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།

      སྲོལ་ཡིག་ལ་ཁྱོན་བསྡོམས་ས་བཅད་༤དང་དོན་ཚན་༤༨ཡོད། དེའི་ཁྲོད་དུ་འཛུགས་གཏོད་བྱེད་སྒོའི་ཕྱོགས་སོ་སོ་འདུས་པར་མ་ཟད། ད་དུང་བོད་ལྗོངས་ཀྱི་དོན་དངོས་ལ་བསྟུན་ཡོད་པས་བོད་ལྗོངས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད།  སྲོལ་ཡིག་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྐྲུན་པ་དང་། བོད་ལྗོངས་ས་ཁུལ་གྱི་གནས་བབ་དངོས་ལ་གཞིགས་ཏེ། བླ་མེད་རྩ་ཆེའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་དགོས་པ་བརྗོད་དོན་བྱས་པའི་ཤང་གྲོང་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། གེ་སར་རིག་གནས་དང་ལྷ་མོའི་ཟློས་གར། བོད་ལུགས་སྨན་རྫས། ཐང་ག་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སོགས་ཀྱི་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་སྤེལ་དགོས་པ། ལོ་རེའི་ཟླ་༩པ་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོའི་ཟླ་བར་གཏན་འཁེལ་བྱས་པ་དང་། ལོ་༣ནང་ཐེངས་གཅིག་ལ་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་དགའ་སྤྲོད་པའི་བྱེད་སྒོ་སོགས་སྤེལ་བཞིན་ཡོད། 

  སྲོལ་ཡིག་ནང་རིགས་ཁག་གི་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུའི་དཔེ་སྟོན་འཛུགས་སྐྱོང་བྱ་རྒྱུ་དེ་ཁེ་ལས་དོ་དམ་བྱ་རྒྱུ་དང་། རིག་གནས་དར་སྤེལ་གཏང་རྒྱུ། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུའི་དཔེ་སྟོན་ཁེ་ལས་དང་། དཔེ་སྟོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྐུལ་ལྕག་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་རྣམས་ལས་ཀར་ཞུགས་རྒྱུར་ཐབས་ལམ་གཙོ་བོའི་ནུས་པ་ཐོན་པར་བྱ་དགོས་ལ། འདྲ་མཉམ་ངང་ལས་ཀར་ཞུགས་རྒྱུ་དང་། ཐུན་མོང་ཐོག་བྱ་གཞག་གཏོད་རྒྱུར་སྐུལ་སྤེལ་གཏང་དགོས་པ་བཀོདཡོད།

  སྲོལ་ཡིག་ནང་བཀོད་དོན། རིམ་ཁག་མི་དམངས་སྲིད་གཞུང་གིས་མི་རིགས་ཚོང་དོན་དང་། མི་རིགས་ལག་ཤེས་བཟོ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་། མི་རིགས་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱས་ཏེ། མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏང་རྒྱུར་སྐུལ་འདེད་བཏང་ཐོག  མི་རིགས་ཁག་གི་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བའི་དགོས་མཁོ་བསྐང་དགོས་ཞེས་དང་། ཡུལ་སྐོར་གྱི་གཙོ་འགན་ཚན་པས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུའི་སློབ་གསོ་དེ་ཚན་པ་འདི་ག་དང་ཡུལ་སྐོར་ལས་རིགས་ཀྱི་གསོ་སྦྱོང་ནང་གཟུད་དགོས་ལ། ཡང་དག་པའི་སྒོ་ནས་ཡུལ་སྐོར་གྱི་ཁྲོམ་རྭ་དང་། གནའ་ཤུལ་མཛེས་ལྗོངས་ཁུལ་གྱི་གསལ་བཤད་དང་སྣེ་ཤན་པའི་གསལ་འགྲེལ་བཅས་ཚད་ལྡན་དུ་བཏང་སྟེ། ཡུལ་སྐོར་ལས་རིགས་ཀྱིས་གསར་འཛུགས་ལས་ཀའི་ཁྲོད་དཔལ་འབྱོར་ནུས་པ་འདོན་དགོས་ཞེས་བཀོད་ཡོད།

  སྲོལ་ཡིག་ནང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུའི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་ཁྲོད། རང་སྐྱོང་ལྗོངས་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་འཁུར་བ། ཚན་པ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་མཉམ་དུ་ཞུགས་རྒྱུ་བཅས་ཀྱི་ལས་ཀའི་སྒྲིག་གཞི་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། གཅིག་གྱུར་ཐོག་ལག་བསྟར་བྱ་རྒྱུ། དེ་བཞིན་དཔེ་སྟོན་གྱིས་སྣེ་ཁྲིད་པ་དང་། ཕྱོགས་ཡོངས་ནས་སྐུལ་སྤེལ་གཏང་རྒྱུ་བཅས་བྱ་དགོས་ཞེས་དང་། རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་ཚན་པས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུའི་དཔེ་སྟོན་ཁུལའཛུགས་སྐྱོང་བྱེད་པའི་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་། སྤྱི་ཚོགས་གོང་འཕེལ་གཏང་རྒྱུའི་འཆར་འགོད་ནང་ཚུད་པར་བྱས་ཏེ། དཔལ་འབྱོར་འཛུགས་གཉེར་བྱ་རྒྱུ་དང་། ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ། རིག་གནས་དར་སྤེལ་གཏང་རྒྱུ། སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ། འབྱུང་ཁམས་དཔལ་ཡོན་འཛུགས་གཉེར་བྱ་རྒྱུ་བཅས་གཅིག་གྱུར་བཀོད་སྒྲིག་དང་། གཅིག་གྱུར་ལག་བསྟར་བྱ་དགོས་ཞེས་ཁ་གསལ་ངང་བཏོན་ཡོད།

   སྲོལ་ཡིག་ནང་། རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུའི་འཛུགས་སྐྱོང་བྱེད་པའི་ལས་ཀ་དེ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་མི་ཨུ་ཡོན་ལྷན་ཁང་། སློབ་གྲྭ། དཔུང་སྡེ་སོགས་ཀྱི་བྱེད་སྒོ་སྤེལ་སར་ཁྱབ་པར་སྐུལ་འདེད་གཏང་རྒྱུ་དང་། དཔེ་སྟོན་གྲོང་ཁྱེར་དང་ས་གནས། རྫོང་དང་ཆུས། ཤང་དང་གྲོང་རྡལ། ཁྲོམ་ལམ།  གྲོང་ཚོ་དང་གྲོང་མི་ཨུ་ཡོན་ལྷན་ཁང་། སྡེ་ཁུལ། ལས་ཁུངས་བཅས་ཀྱི་དཔེ་སྟོན་མཉམ་སྡེབ་དང་། དཔེ་མཚོན་མི་སྣར་དཔེ་བཟང་སྤྲད་རྒྱུ་སྒྲིག་འཛུགས་བྱ་དགོས་ལ། ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་དཔེ་སྟོན་མཉམ་སྡེབ་དང་། དཔེ་མཚོན་མི་སྣ་ཡང་དཔྱད་འདེམས་ནང་གཟུད་དགོས་པའི་བླང་བྱ་བཏོན་ཡོད།

  སྲོལ་ཡིག་ལག་བསྟར་བྱས་རྗེས།  མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏང་རྒྱུ་ལས་འགལ་བའི་བྱ་སྤྱོད་ལ་སྲོལ་ཡིག་ཁྲོད་ཀྱི་ཁྲིམས་ལུགས་འགན་འཁྲིའི་གཏན་འབེབས་ལྟར། འབྲེལ་ཡོད་ཚན་པས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།

         《西藏自治区民族团结进步模范区创建条例》(以下简称《条例》)于2020年1月11日由西藏自治区第十一届人民代表大会第三次会议审议通过,今年5月1日起正式实施。

   《条例》共分为八章四十八条,涵盖了创建活动的方方面面,充分结合西藏实际,体现了西藏特色。《条例》在维护国家法制统一和权威的前提下,立足铸牢中华民族共同体意识和西藏区情,强调实施以“神圣国土守护者、幸福家园建设者”为主题的乡村振兴战略;保护、传承和发展格萨尔、藏戏、藏医药、唐卡等民族优秀传统文化;将民族团结进步内容纳入宗教团体、宗教院校、宗教活动场所规章制度;确定每年9月为西藏自治区民族团结进步宣传活动月,每3年举行一次西藏自治区民族团结进步模范区创建表彰活动等。

  《条例》鼓励各类企业将民族团结进步模范创建融入企业管理和文化建设,推进民族团结进步模范企业、模范班组建设,发挥吸纳各族群众就业的主渠道作用,促进公平就业、共同创业。

  《条例》指出各级人民政府应当扶持发展民族贸易、民族手工业,培育民族品牌,推动民族特色产业发展,满足各族群众生产生活需求。旅游主管部门应当将民族团结进步教育纳入本部门及旅游行业培训,以正确的导向规范旅游市场、风景名胜文字说明和导游讲解,发挥旅游业在创建工作中的经济作用。

  《条例》明确了在民族团结进步模范区创建中,自治区将实行党委统一领导、人大依法监督、政府全面负责、各部门密切配合、社会各界协同参与的工作机制,科学规划、统筹实施、模范引领、全面推进。自治区各级政府部门将把民族团结进步模范区创建工作纳入国民经济和社会发展规划,融入经济建设、政治建设、文化建设、社会建设、生态文明建设全过程,统一部署,统筹实施。

  《条例》要求自治区将推动民族团结进步创建活动进机关、企业、社区、乡镇、村居、学校、连队等活动场所,组织开展模范市(地)、县(区)、乡镇(街道)、村居、社区、单位的创建和模范集体、模范个人的表彰,对口援藏工作中作出突出贡献的模范集体、模范个人也被纳入了评选范围。

  《条例》实施以后,对于违反民族团结进步的行为,将按照条例中法律责任的规定由相应部门根据具体情节进行追责。


来源:西藏卫视+   译文:阳光西藏




推荐阅读


1.公安厅组织召开全区公安机关扫黑除恶 打非治乱专项斗争视频推进会 张洪波出席
2.自治区禁毒委员会联络员会议召开




审核:扎西德吉

责编:楚 瑞 萍

校对:邸 晋 生

编辑:董     宇

投稿邮箱:paxzweixin@163.com

    您可能也对以下帖子感兴趣

    文章有问题?点此查看未经处理的缓存