其他
གནས་རི་དང་རང་བྱུང་ཁམས།
གནས་རིའི་སྟེང་གི་དར་ལྕོག
༢ གནས་རིའི་ཐོན་ཁོངས།གནས་རིའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ནི་ཧ་ཅང་ཆེ་ཞིང་།རྒྱུན་ལྡན་གྱི་རི་བོ་དང་བསྡུར་དུས་ཁོའི་ཁྱད་པར་རང་བཞིན་དེ་ད་གཟོད་མངོན་ཐུབ།དེའང་རང་ཉིད་ཀྱི་དད་མོས་ལའང་འབྲེལ་བ་ཆེན་པོ་ཡོད་ཅིང་།བླ་མ་དགེ་བཤེས་དང་སྐྱེས་ཆེན་དམ་པ་ཚོས་སྒོམ་སྒྲུབ་མཛད་དུས་གནས་རི་དེ་ལ་རྣམ་ཤེས་དང་བྱིན་རླབས་བསྩལ་ཡོད།གནས་དེའི་མི་རྣམས་ཀྱིས་ཀྱང་མ་བསྐུལ་དང་བླང་གིས་དེ་ལ་སྲུང་སྐྱོབ་བྱེད་ཅིང་།ས་དེའི་མཐའ་འཁོར་གྱི་རྩི་ཤིང་མེ་ཏོག་ལ་གནོད་སྐྱོན་མི་བཟོ་པ་མ་ཟད་གནས་དེ་ནས་དབྱར་རྩྭའང་མི་བརྐོའོ། ། སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་ནས་སྒོམ་སྒྲུབ་མཛད་པའི་ལོ་རྒྱུས་ལྟ་བུ་དཔེ་བཀོད་ནས་ས་དེའི་མི་རྣམས་ལ་གནས་རིའི་གཏམ་རྒྱུད་བཤད་པ་ཡིན།སྔོན་ཆད་ཀྱི་མི་རྣམས་ད་ལྟའི་མི་དང་མི་འདྲ་པར།ཁོ་ཚོའི་སེམས་པ་ནི་ཧ་ཅང་སླད་མེད་ཅིང་མི་གཤིས་ཀྱང་དྲང་།དེ་བས་གཞན་པས་ཁོ་ཚོ་ལ་གཏམ་རྒྱུད་འདི་འདྲ་བ་དག་བཤད་དུས་ཁོ་ཚོས་བསམ་པའི་སྟེང་ནས་གནས་རི་ལ་དད་མོས་དང་གུས་པ་བྱེད་བཞིན་ཡོད་དོ།རྒྱལ་མཚན་བཟང་བོ་མདོ་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་གི་ནང་ཆེན་རྫོང་དུ་གནས་པའི་ན་བུན་རྫོང་དུ་ཡོད།
ཆ་འཕྲིན་སྣ་མང་ཅན་དང་དཔལ་འབྱོར་གྱི་བརྡབ་གསིག་འོགད་ལྟ་གངས་སྐོར(གནས་བསྟོད་མཆོད་འབུལ།)དུ་འགྲོ་མཁན་ཇེ་ཉུང་དུ་གྱུར་ཡོད་ཅིང་།གང་དེའི་དོན་སྙིང་ཤེས་མཁན་ཉུང་བར་མ་ཟད།དེའི་རྒྱུ་མཚན་སོགས་རྒྱས་པར་བཤད་ཐུབ་མཁན་ཀྱང་ཀུན་ཏུ་དཀོན་པོ་ཆགས་ཡོད།དེར་མ་ཟད་གཏེར་འདོན་པའང་ཇེ་ཉུང་དུ་གྱུར་ཡོད་པ་རེད།སྔོན་ཆད་གཏེར་འདོན་མཁན་པོ་ཚོས་གནས་རི་ནས་ཆོས་ཆས་དང་ཆོས་དཔེ་མང་པོ་གཏེར་ལས་འདོན་སྲིད་པར་མ་ཟད།ས་གནས་དེ་གའི་མི་རྣམས་ཀྱིས་གང་དེར་གསོལ་ཅིང་མཆོད་པར་བྱེད་སྲོལ་འདུགདེ་ཡིས་ང་ཚོར་རིག་གནས་རྒྱུད་འཛིན་གྱི་ལམ་ཡག་ཁ་པོ་ཞིག་བསྐྲུན་པར་མ་ཟད།གནས་རི་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་རང་ཤུགས་སུ་སྐྱེ་རུ་འཇུག་པ་ཡིན།འོན་ཀྱང་ད་ལྟའི་བསམ་བློའི་འདུ་ཤེས་སྣ་ཚོགས་སྔོན་ཆད་དང་མི་འདྲ་བས།གནས་རིའི་གཏམ་རྒྱུད་མང་པོ་ཞིག་ཀྱང་ཁྱོད་ཀྱིས་ཐོས་ཐབས་བྲལ།དེ་བཞིན་མ་བསྐུལ་དང་བླངས་སྒོས་གང་དེ་སྔོག་འདོན་དང་རྒྱུས་ལོན་བྱེད་མཁན་ཡང་ཕལ་ཆེར་མི་འདུག།ལྡོག་སྟེ་མི་མང་པོས་གནས་རིར་འགོས་ནས་དབྱར་རྩྭ་བརྐོ་བཞིན་ཡོད་ལ།གནས་རིའི་སྟེང་གི་སྔོ་ཁེབས་དང་རི་སྐྱེས་སྲོག་ཆགས་ལ་ཡང་གཏོར་བརླག་བྱེད་བཞིན་ཡོད་པ་རེད།དེ་ལས་དཔེ་མཚོན་གསོམ་པོ་ཞིག་ནི་དཔལ་ཡུལ་རེད།(དཔལ་ཡུལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད།)དེ་གར་གནས་རི་འགང་ཆེན་ཞིག་ཡོད་དེ།སྔོན་ཆད་དེ་ནི་སྐད་གྲགས་ཆོད་པ་ཞིག་ཡིན།ད་ལྟ་དེ་གར་གནས་བསྟོད་མཆོད་འབུལ་ལ་འགྲོ་མཁན་གཅིག་ཀྱང་མེད་ལ།རང་གི་དུས་ཚོད་དང་ནུས་ཤུགས་བཀོལ་ནས་དེར་རྒྱུས་ལོན་བྱ་མཁན་ཡང་མི་འདུགདེ་བས་གང་དེའི་བྱིན་རླབས་ཀྱི་རང་བཞིན་ཡང་རིམ་གྱིས་ཉམ་རྒུད་དུ་འགྲོ་ཡི་ཡོད་པ་རེད།འདི་མ་ཐེ་བའི་གནས་རི་མང་པོ་ཞིག་ཀྱང་འདི་ལས་མ་འདས་སོ།།རྒྱལ་མཚན་བཟང་པོས་བཤད་པ་ལྟར།ད་ལྟའི་གནས་རི་མང་པོ་ཞིག་མིའི་རང་བཞིན་ཅན་འབའ་ཞིག་དུ་འགྱུར་གྱི་ཡོད་པ་རེད།ཁྱོད་ཀྱིས་གནས་རི་འདི་ལ་ཅི་ཙམ་མཆོད་ན། གནས་རི་གང་དེས་ཀྱང་ཁྱོད་ལ་དེ་བསྟུན་གྱི་དངོས་གྲུབ་བསྩོལ་སྲིད། དེ་བས་ན་གཞོན་མང་པོ་ཞིག་གནས་བསྟོད་མཆོད་འབུལ་དུ་འགྲོ་ཞིང་།རླུང་རྟ་སྦུར་བ་དང་དར་ལྕོག་འཐེན་པའི་འདུན་པའང་སྔར་ལས་ཇེ་དྲག་ཏུ་སོང་ཡོད།དཔེ་ཞིག་བཞག་ནས་བཤད་ན།རྒྱུགས་ལེན་པའི་དུས་སུ་གནས་བསྟོད་མཆོད་འབུལ་ལ་འགྲོ་ཞིང་དེ་འབྲེལ་གྱི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཁན་ནམ་རྒྱུན་ལས་མང་པ་ཡོད།ཡང་ན་མི་རྣམས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་གང་ཞིག་འཕྲད་ཚེ་བླ་མའི་བཀའ་ལུང་ལྟར་གནས་རི་ལ་གསོལ་བ་འདེབས་པ་དང་ཡང་ན་སྐོར་བར་འགྲོ་བ་སོགས་མཛད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།དེ་བས་དམིགས་བསལ་གྱི་ཉིན་མོ་མ་གཏོགས་མི་རྣམས་ཀྱིས་གནས་རི་ལ་དད་ཅིང་གུས་པའི་བསམ་པ་དང་སྐྲག་ཅིང་བཀུར་བའི་བསམ་པ་ད་དུང་སྲུང་ཞིང་སྐྱོབ་པའི་འདུ་ཤེས་དེ་རིམ་བཞིན་ཉམ་ཞན་དུ་གྱུར་ཟིན་ཡོད་པ་རེད།རྡོ་ཐོག་ལ་བྲིས་པའི་མ་ཎི་ཡིག་དྲུག
༥ རྩོམ་སྒྲིག་པའི་མྱོང་ཚོར།གནས་དེའི་འབྲོག་པས་རང་བྱུང་ཁམས་ལ་བཅངས་པའི་བླ་ན་མེད་པའི་དད་གུས་འདུ་ཤེས་ལ་བབ་ཆགས་པའི་སྐྱེ་ཁམས་འདུ་ཤེས་ཀྱིས་ཁེངས་ཡོད་ཅིང་།དེའི་ཁྲོད་ཀྱི་གནས་རིའི་འདུ་ཤེས་ནིདེ་བས་ཀྱང་མངོན་གསལ་ཡིན།གནས་བདག་ལ་མཆོད་འབུལ་བྱ་རྒྱུ་ནི་ང་ཚོ་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་ཤིག་ཡིན་པ་དང་གནས་རི་དེར་དད་པ་དང་གུས་བཀུར་བྱ་རྒྱུ་དེའང་གནས་དེའི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད།ང་ཚོས་ལྷག་པར་འདུ་ཤེས་དེ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས།གནས་རིའི་འཛེམ་བྱ་དང་སྲུང་སྐྱོབ་འདུ་ཤེས་དག་ལྡོག་ནས་བལྟས་ནའང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱས་ཡོད།སྐྱེ་ཁམས་ཀྱི་གནད་དོན་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་ད་སྐབས།བོད་ཁུལ་གྱི་གནས་རི་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱིས་འཕེལ་རྒྱས་ཁྲོད་ཀྱི་མི་དང་རང་བྱུང་ཁམས་བར་གྱི་ཞི་མཐུན་གྱི་འབྲེལ་བ་ཇི་ལྟར་འཛུགས་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་བློ་སྒོ་འབྱེད་པ་དང་དཔྱད་གཞིར་འཛིན་པའི་ནུས་པ་ངེས་ཅན་ཞིག་ལྡན་ཡོད།ལྗང་མདོག་འཕེལ་རྒྱས་དེ་ད་ལྟའི་སྤྱི་ཚོགས་ཀྱིས་ཚད་མཐོའི་ངང་དར་སྤེལ་གཏོང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཤིག་ཏུ་གྱུར་ཡོད་ལ།ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་གི་གནད་དོན་དང་རང་བྱུང་ཁོར་ཡུག་གནོད་སྐྱོན་གྱི་གནད་དོན་སོགས་སྣང་ཚུལ་འདི་དག་གིས་ང་ཚོར་བསམ་བློ་ཟབ་མོ་གཏོང་དུ་འཇུག་ཐུབ།འདི་ལྟ་བུའི“དཀའ་ཁག་གི་གནས་ཚུལ”ནི་མི་རྣམས་ཀྱིས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཁོར་ཡུག་སྲུང་སྐྱོབ་སྣང་མེད་དུ་བཞག་པ་དང་འབྲེལ་བ་དམ་པོ་ཡོད་པ་ཤེས་ཐུབ།ང་ཚོའི་ཁོར་ཡུག་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱིས་བསྐོར་ཅིང་སྲོག་ཆགས་ཀྱི་ཅ་ཅོའི་སྒྲ་དང་འགྲོགས་ཡོད་དུས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་ཡོད་ལ།ཕྱོགས་གཅིག་ནས་སྐྱེ་ཁམས་ལེགས་པོས་ས་དེའི་མི་རྣམས་ལ་ཁོར་ཡུག་འཚམ་པོ་ཞིག་བསྐྲུན་པ་དང་ཕྱོགས་གཞན་ཞིག་ནས་ད་དུང་མི་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་བཟང་བོ་ཞིག་ཁྱེར་ཡོང་ཡོད་པས་ཆེས་བདེ་སྐྱིད་ལྡན་པ་ནི་མིའི་རིགས་རང་ཉིད་ལས་མ་འདས།མདོ་ཁམས་ཀྱི་གནས་ཆེན་ཉེར་ལྔ་འབྲི་བའི་ཐོག་མའི་བསམ་འདུན།ཉེ་བའི་ལོ་ཤས་རིང་ལ་བོད་ཁུལ་གྱི་རི་ཆུ་ཐམས་ཅད་ཟིན་ཐོར་འགོད་པ་ནི་གནས་རིའི་རིག་གནས་སྔོག་འདོན་དང་ཁྱབ་སྤེལ་བྱེད་པའི་ཆེད་དུ་ཡིན་པ་མ་ཟད་བོད་ཁུལ་གྱི་འབངས་མི་སེར་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ།གནས་རི་གཞི་རྟེན་དུ་བྱས་ནས་བབ་ཆགས་ཀྱི་ཆོས་ལུགས་དད་མོས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ལྷག་པར་ཟུང་འབྲེལ་བྱས་ཏེ་དད་མོས་དང་ཁོར་ཡུག་སྲུང་སྐྱོབ།དེ་བཞིན་ཕྱོགས་གཞན་དག་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ།འདི་ཉིད་བྱ་སྤྱོད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་ཤིག་ཏུ་འགྱུར་བར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའིདྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འཐབ་ཇུས་ཀྱི་བསམ་བློ་དང་ལེགས་གཅིག་མཐོ་གཉིས་ཀྱི་འཐབ་ཇུས་ཀྱི་བསམ་བློ་ལག་ལེན་ཡག་པོ་བྱེད་དགོས་ཤིང་།གནས་རིའི་རིག་གནས་དང་གཙང་ཆབ་སྔོན་མོ་ཤར་ཕྱོགས་རྒྱུག་ཅིང་གནས་རིའི་རིག་གནས་དང་སྔོ་ལྗང་སྐྱེ་ཁམས་སྲུང་ཡོལ་མཚོ་སྔོན་གྱི་ལྷོ་སྒོ་ཆེན་མོར་འགྱེང་ངེར་གནས་སུ་བྱེད་དགོས།རྒྱལ་མཚན་བཟང་བོ་མདོ་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་གི་དཔའ་ལུང་རྫོང་དུ་གནས་པའི་གནས་ཆེན་ཏན་ཏིག་ཏུ་ཡོད་པ།
上篇翻译:拉毛才让,青海海西人,青海师范大学民族师范学院在校生
下篇翻译:羊增吉,青海省海南州同德县人,现就读于青海民族大学法学院
如果您恰好是三江源当地老百姓或是本地兽医,希望你可以扫描下方二维码,参与野生动物救助的调查问卷,帮助我们找到最优的解决方案。
欢迎大家扫描填写【三江源地区野生动物救助的调查问卷】
也欢迎你扫码支持雪境的野生动物救助众筹项目
帮助我们每一个生命都能共享雪山圣境
温馨提示:欢迎大家转发
转载或应用文字和图片请与我们联系!