Weixin Official Accounts Platform

前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

སྒོ་ཤེར་གྱི་དབུ་མ་ལ་འཇུག་པའི་དཔེ་ཁྲིད་སྒྲ་ཕབ་ཆ་ཚང་བཞུགས་སོ། །

KYI TAK 吉客它 吉它可KYITAK 2022-03-31


    

      

        



T·N
@KT荣誉专栏


@KT༄༅། །རྒྱ་གར་སྐད་དུ། རཏྣ་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་བའི་བྱིན་བརླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་བརླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་བ་ལ་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།

༅། །ཕྱི་ལོ2019ལོའི་བོད་ཟླ6པའི་ཚེས20ནས་བཟུང་དབྱར་གནས་ཧྲིལ་པོའི་རིང་ལ། རྫ་དབོན་པོ་དགོན་དུ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ནང་པའི་བསྟན་བཅོས་ཆེན་མོ《དབུ་མ་ལ་འཇུག་པའི》སེམས་བསྐྱེད་དང་པོ་ནས་ལྔ་པའི་བར་དཔེ་ཁྲིད་གནང་ཞིང་། དཔེ་ཁྲིད་སྒྲ་ཕབ་ཆ་ཚང་གི་ཕྱི་མོ་དང་པོ་དེ་ངེད༼ནེའུ་ཡོག་བོད་ཡིག་དཔེ་ཤག༽འཕྲིན་སྟེགས་སུ་འབྱོར་བ་དང་། ཕྱི་ཟླ8པའི་ཚེས22ཉིན་ནས་བཟུང་དཔེ་ཁྲིད་སྒྲ་ཕབ་དག་རིམ་པ་བཞིན་སློབ་ཁྲིད་མཇུག་བསྡུ་རག་བར་འཕྲིན་སྟེགས་སུ་སྤེལ་བས། དུས་ཤིག་ལ་དཔྱོད་ལྡན་ཁྲི་ཕྲག་ཁ་ཤས་ཀྱིས་ཨ་ཁུ་སྒོ་ཤེར་མཆོག་གི་དཔེ་ཁྲིད་ལ་ཉན་པའི་སྣང་ཚུལ་བྱུང་བ་དེ་ལྟར་ལགས། ཡིན་ན་ཡང་། ཕྱི་ལོ2019ལོའི་ཟླ10པའི་ཚེས21ཉིན་གྱི་ཕྱི་དྲོར། མི་མཐུན་ཕྱོགས་ཀྱིས་རྒྱུ་མཚན་གང་ཡང་མེད་པར་གློ་བུར་དུ༼ནེའུ་ཡོག་བོད་ཡིག་དཔེ་ཤག༽གཏན་དུ་ནག་བསུབས་བཏང་སོང་མོད། དགའ་འོས་པ་ཞིག་ལ་དཔེ་ཁྲིད་སྒྲ་ཕབ་ཆ་ཚང་དང་། འཕྲིན་སྟེགས་སུ་སྤེལ་ཟིན་པའི་ལེགས་རྩོམ་ཕལ་མོ་ཆེའི་མ་ཕྱི་ང་རང་གིས་ཉར་བསྡད་ཡོད་པས་བོར་བརླག་ཏུ་མ་སོང་ངོ་། །འཕྲིན་སྟེགས་ཀྱི་གནས་ཚུལ་དང་དཔེ་ཁྲིད་སྒྲ་ཕབ་སྐོར་འདྲི་མཁན་དང་སེམས་ཁྲལ་བྱེད་མཁན་ཡང་ཧ་ཅང་མང་པོ་མང་པོ་ཞིག་བྱུང་བས། ཕྱི་ལོ2020ལོའི་ཟླ02པའི་ཚེས02ཉིན་ཡང་བསྐྱར་འཕྲིན་སྟེགས་གསར་པ་ཞིག་དེབ་སྐྱེལ་བྱས་ཤིང་། འཕྲིན་སྟེགས་ཀྱི་མིང་ལ《སྐྱིད་རྟག》ཅེས་བཏགས་པ་ཡིན། དེ་ནི་ལྷ་སའི་གཙུག་ལག་ཁང་གི་བདུན་གྱི་རྡོ་རིང་ངོས་སུ། “བོད་ཆེན་པོའི་ལོའི་མྱྀང་ནི་སྐྱིད་རྟག”ཅེས་འབྱུང་བའི་སྐྱིད་རྟག་དེར་གོ་དགོས་སོ། །ཕྱི་ཟླ03ཚེས03ཉིན་ནས་བཟུང་། ཨ་ཁུ་སྒོ་ཤེར་ལགས་ཀྱི《དབུ་མ་ལ་འཇུག་པའི》དཔེ་ཁྲིད་སྒྲ་ཕབ་ཆ་ཚང་ཡང་བསྐྱར་རིམ་པ་བཞིན་སྤེལ་བར་མ་ཟད། སྟབས་བདེ་ཕྱིར་འདིར་དཔེ་ཁྲིད་དག་དཀྱུས་གཅིག་ཏུའང་བཀོད་ཡོད་དོ། །

སླད་དུ། མཁས་དབང་སྒོ་ཤེར་ལགས་ནས《དབུ་མ་ལ་འཇུག་པའི》དཔེ་ཁྲིད་ཀྱི་འཕྲོ་ནམ་བསྐྱང་ན། དེའི་དུས་སུའང་དཔེ་ཁྲིད་སྒྲ་ཕབ་ཀྱི་ཕྱི་མོ་དང་པོ《སྐྱིད་རྟག》འཕྲིན་སྟེགས་སུ་སྤེལ་བར་འགྱུར་བས། ཐོས་བསམ་གྱི་ལས་ལ་སྒོ་གསུམ་དད་པའི་སྐལ་བཟང་དག་དེ་ལུགས་ཐུགས་ལ་འཛིན་པར་ཞུ། སརྦམངྒལཾ།།  །།


སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [1.mp3]སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [2.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [3.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [4.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [5.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [6.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [7.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [8.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [9.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [10.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [11.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [12.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [13.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [14.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [15.mp3]
སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [16.mp3]

སྒོ་ཤེར་གྱི་དཔེ་ཁྲིད་གསར་པ།|དབུ་མ་འཇུག་པ། [17.mp3]

主播微博:@卡奇瓦·诺魔

版权声明:版权归《吉客它》平台所有,不经本平台许可不得转载、复制、剪贴、盗用,否则负一切法律责任。

བདག་དབང་གསལ་བཤད། སྐྱིད་རྟག་ཅེས་པའི་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་དང་། “排版素材”སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། བརྒྱུད་འགོད། ནང་དོན་དང་རྒྱུ་ཆ་བཅད་གཏུབ་ཀྱིས་སྤེལ་བ་སོགས་གང་བྱས་ཀྱང་ཁྲིམས་ལྟར་རྩད་གཅོད་བྱེད་ངེས་ཡིན།

སྐྱིད་རྟག


文献 | ཡིག་ཚང་། | 学术 | རིག་གཞུང་། | 探索 | དཔྱད་ཞིབ།


स्क्यीदर्तग। SKYID RTAG

རྒྱན་གྱི་མཆོག་ནི་ཐོས་པ་ཡིན། རྩོམ་སྒྲིག་པ། རྣོ་མིག

Copyright©️KYI TAK2020

文章有问题?点此查看未经处理的缓存