@Kyi Tak༄༅། །སྤྱི་ལོ༡༩༩༦ལོའི་བོད་ཟླ་བཞི་པར། མཁས་མང་འདུས་པ་རྒྱ་མཚོའི་གཙུག་རྒྱན་ཨ་ལགས་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པ། ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གི་དབུ་འཛིན། དབྱིན་ཇིའི་ཉིའུ་ཅིན་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་གདན་ཞུས་ཆེད་ལས་མཁས་པ་གྲགས་ཅན་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ནས། ཉིན་བཅུ་བདུན་གྱི་རིང་ལ་ཆེས་དཀྱུས་མའི་ཞལ་བརྡའི་ཚུལ་གྱིས། སངས་རྒྱས་ཆོས་ལུགས་གཙོ་བོར་གྱུར་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་སྐོར་ནས་བཀའ་འདྲི་སྣ་ཚོགས་ཞུས་པའི་དྲི་བ་དྲིས་ལན་གྱི་སྒྲ་ཕབ་སྤུས་གཙང་ངེད་སྐྱིད་རྟག་གིས་དག་ཞུས་ལེགས་སྒྲིག་སོང་པ་འདིར་མཐར་ཆགས་སུ་བཞུགས་པ་ལགས།
༄༅། །ཨ་ལགས་དུང་དཀར་རིན་པོ་ཆེའི་སྐུ་པར་རྩ་ཆེན་འགའ།
གོང་གི་སྐུ་པར་དག་ནི། དུང་དཀར་རིན་པོ་ཆེས་དབྱིན་ཇིའི་ཨོག་སི་ཧྥོར་ཋིའི་སློབ་ཆེན་ནང་ཁྲ་འགུ་རིན་པོ་ཆེ་དང་མཉམ་དུ་སྐུའི་འཁྲུངས་སྐར་གཏོང་བཞིན་པའི་སྐབས་རེད། པར་བསྐྱོན་མཁན། རྒན་ཚེ་རིང་ཤཱཀྱ་དང་བསྟན་འཛིན་དགེ་ལེགས། ཡོང་ཁུངས་བསྟན་འཛིན་དགེ་ལེགས་ཀྱིས་བྲིས་པའི《ཆོས་དུང་དཀར་པོའི་རང་མདངས》ཡིན། ངེད༼སྐྱིད་རྟག༽སྟེང་ལ་སྐུ་པར་མཁོ་སྤྲོད་གནང་མཁན་ནི། རྒན་ཚེ་རིང་ཤཱཀྱ་ལགས་དང་རྒན་བསྟན་འཛིན་དགེ་ལེགས་རྣམ་གཉིས་ཡིན་པས་བཀའ་དྲིན་ལེགས་འབུལ་ཞུ་རྒྱུ།
སྐུ་པར་འདི་ནི་ཨ་ལགས་དུང་དཀར་རིན་པོ་ཆེ་སྙུན་གཞི་ལྕི་མོས་མནར་ཏེ་སྐུ་ཚེའི་འཕེན་པ་རྫོགས་ལ་ཉེ་བའི་སྐབས་ཏེ། ཨ་རིའི་སྨན་ཁང་ལོ་སི་ཨན་ཇིལ་སི་རུ་བཞུགས་འདུག་པའི་སྐབས་རེད། སྙུན་བབ་ལྕི་བའི་སྐབས་འདི་འདྲ་ལ་ཡང་། རིན་པོ་ཆེ་ནས་ཚིག་མཛོད་དང་གཞན་པའི་རྩོམ་བྲིས་གནང་བཞིན་ཡོད་པ་ཡིན། ཁོང་གི་གཡས་ཀྱི་ཨ་ཇག་དེ་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་འགན་འཛིན་གཞོན་པ་ལྕམ་ཁེམ་མཱོ་རེས་སི་ལགས་དང་། གཡོན་གྱི་དེ་རྒན་བསྟན་འཛིན་དགེ་ལེགས་ལགས་རེད། ནད་ཁྲིའི་སྟེང་དུ་བཞུགས་པ་དེ་ཨ་ལགས་དུང་དཀར་བློ་བཟང་འཕྲིན་ལས་མཆོག་རེད།
པར་འདི་ནི། དུང་དཀར་རིན་པོ་ཆེའི་ཟིན་ཐོ་དང་ཡིག་ཆས། ཞ་སྨྱུག་ཟད་པོ་དག་རེད། ཁོང་གི་སྐུ་ཟླ་པདྨ་གཡུ་སྒྲོན་ལགས་ནས་གསུངས་གསལ། རིན་པོ་ཆེ་ནས་ཞ་སྨྱུག་ཅིག་ཟད་ནས་ཕྱག་གིས་འཛིན་ཐབས་མེད་པའི་བར་དུ་བེད་སྤྱོད་གནང་ངེས་ཡིན་ཞེས་ཁ་བརྡ་གནང་གི་ཡོད།
པར་འདི་ནི། དུང་དཀར་ཚིག་མཛོད་ཆེན་མོའི་མ་ཡིག་ཕྱག་བྲིས་མའོ། །
版权声明:版权归《吉客它KYI TAK》平台所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། སྐྱིད་རྟག་ཅེས་པའི་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་དང་། “排版素材”སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། བརྒྱུད་འགོད། ནང་དོན་དང་རྒྱུ་ཆ་བཅད་གཏུབ་ཀྱིས་སྤེལ་བ་སོགས་གང་བྱས་ཀྱང་ཁྲིམས་ལྟར་རྩད་གཅོད་བྱེད་ངེས་ཡིན།
文献 | ཡིག་ཚང་། | 学术 | རིག་གཞུང་། | 探索 | དཔྱད་ཞིབ།
स्क्यीदर्तग। SKYID RTAG
རྒྱན་གྱི་མཆོག་ནི་ཐོས་པ་ཡིན། །རྩོམ་སྒྲིག་པ། རྣོ་མིག
Copyright©️KYI TAK2020