其他
རྒན་གྱའི་ཁོར་སྲུང་བ་འབྲུག་ཐར་རྒྱལ་གྱི་ཁ་བརྡ།
ཕུགས་སྟོན་དང་ནན་ཁེ་སློབ་ཆེན་གྱི་ཚོང་ལས་སློབ་གླིང་དྲ་ལམ་མུ་འབྲེལ་སློབ་ཁྲིད།
ལེའུ ༤༡ པ།
མདོ་སྨད་རྒན་གྱའི་འབྲོག་མི་ཁོར་སྲུང་བ་འབྲུག་ཐར་རྒྱལ་གྱིས་རྒན་གྱའི་ཁོར་སྲུང་ཚོགས་པའི་སྤུན་ཟླ་ཚོ་དང་མཉམ་དུ་ལོ་ངོ་དུ་མའི་རིང་ལ་རང་ཕ་ཡུལ་རྒན་གྱའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མ་འོངས་ལ་ཁ་ཕྱོགས་པའི་སྤྱི་ཚོགས་འཕེལ་རྒྱས་ཟུང་སྦྲེལ་ལ་འབད་འབུང་གི་བརྒྱུད་རིམ་ཁ་བརྡ་བྱས་པ་ལ་ཉན་པར་དགའ་བསུ་ཞུ།
ཁ་བརྡ་བྱེད་རོགས། མཚོ་སྔོན་ཞིང་ཆེན་ཕུགས་སྟོན་ཚོང་ལས་བློ་འདྲི་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་རྡོ་རྗེ་རྒྱལ།
ཁ་བརྡའི་དུས་ཚོད། ཟླ་འདིའི་སྤྱི་ཚེས ༢༠ ཉིན་གྱི་དུས་ཚོད ༢༠ : ༠༠—༢༢:༠༠
ཁ་བརྡ་ལ་ཉན་སྟངས། འོག་གི་པར་གྱི་སྟེང་གི་བཤེར་རིས་ལས་ཞུགས་དགོས།