涉疫违法行为处罚须知
疫情当下,请广大干部群众自觉遵守防疫规定,千万别因涉疫违法行为留下案底,影响自己、家人和孩子!རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་པར་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ། མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཡོངས་ལ།རིམས་ནད་ཀྱི་གནས་ཚུལ་ཐོན་སྐབས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རང་འགུལ་ངང་རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ཞུས་ཤིང་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་གྱོད་གཞི་རྐྱེན་པས་རང་ཉིད་དང་ནང་མི་བུ་ཕྲུག་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་བཅུག་མི་རུང་།
1. 纳入核酸检测范围的人群,无故不参加统一组织的核酸检测,会有什么后果?违反《传染病防治法》第十二条规定的法定义务。这是拒不执行人民政府在紧急状态情况下依法发布的决定、命令的行为,属于妨害社会管理的行为,根据《治安管理处罚法》第五十条的规定,按照不同情节,可处以警告、罚款、拘留等治安管理处罚;违反《传染病防治法》的规定,拒绝执行卫生防疫机构依照传染病防治法提出的预防、控制措施的,引起新冠病毒传播或者有传播严重危险的,按《刑法》第三百三十条妨害传染病防治罪定罪处罚。1 ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མི་ཚོགས་ཀྱིས་གཅིག་གྱུར་སྒྲིག་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ནང་རྒྱུ་མཚན་མེད་པར་མ་ཞུགས་ཚེ་མཇུག་འབྲས་ཅི་ཞིག་ཐོན་ནམ།《འགོས་ནད་འགོག་བཅོས་བཅའ་ཁྲིམས》དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་བྱས་པའི་ཁྲིམས་བཀོད་འོས་འགན་ལས་འགལ་བ། འདི་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་མི་བྱེད་པའི་བྱ་སྤྱོད་ཞིག་ཡིན་ལ་སྤྱི་ཚོགས་དོ་དམ་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་ཞིག་ཀྱང་ཡིན་པས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པའི་གཏན་འབེབས་གཞིར་བཟུང་ནས་གནས་ཚུལ་མི་འདྲ་བར་གཞིགས་ཏེ་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། བཀག་ཉར་བྱེད་པ་སོགས་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་ལ། 《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་འགལ་ཞིང་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་སོགས་ལག་བལྟར་མ་བྱས་ཤིང་ཏོག་གསར་ནད་དུག་ཁྱབ་སྤེལ་ལམ་ནད་དུག་འགོས་ཁྱབ་ཚབས་ཆེ་རུ་བཏང་ན། 《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་བཅུ་པའི་ནང་གི་འགོས་ནད་འགོག་བཅོས་ལ་གནོད་པའི་ཉེས་པ་ལྟར་ཉེས་ཆད་གཅོད་རྒྱུ།2. 封控、封闭小区的居民违反防疫规定,擅自外出、聚集,会承担何种法律责任?违反《治安管理处罚法》第五十条,将处以警告或者二百元以下罚款;情节严重的,将处以五日以上十日以下拘留,可并处五百元以下罚款。引起新冠病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪,处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。2.ཚོད་འཛིན་དང་བཀག་སྡོམ་ཁུལ་ཆུང་གི་ཡུལ་མིས་རིམས་འགོག་གཏན་འབེབས་དང་འགལ་ཏེ་རང་འདོད་ངང་ཕྱི་རོལ་ཏུ་འདུ་ཚོགས་བྱས་ན་བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པ་དང་འགལ་ན་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ལྔ་བརྒྱ་མན་གྱི་ཆད་པ་བཅད་ཆོག ཉེས་ཚབས་ཆེ་བའི་ཉེན་ཁ་ཡོད་རིགས་ལ《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལྟར་འགོས་ནད་འགོག་བཅོས་ལ་གནོད་སྐྱོན་བཟོས་པའི་ཉེས་ཆད་དུ་བརྩིས་ནས་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་ནད་གཞི་གཏན་འཁེལ་མཁན་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་ཏོག་གསར་ནད་དུག་གི་ནད་པ་གསར་པ་ཐོན་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པའི་ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་གསོག་ཉེན་ཡོད། 3. 健康码为黄码、红码的人员,不按照规定隔离医学观察或者居家健康检测,会有什么后果?
承担行政责任。这是拒不执行人民政府在紧急状态情况下依法发布的决定、命令的行为,属于妨害社会管理的行为,根据《治安管理处罚法》第五十条的规定,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款。承担刑事责任。违反《传染病防治法》的规定,拒绝执行卫生防疫机构依照传染病防治法提出的预防、控制措施的,引起新冠病毒传播或者有传播严重危险的,按《刑法》第三百三十条妨害传染病防治罪定罪处罚。处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑。3.བདེ་ཐང་བཤེར་རྟགས་སེར་པོ་དང་དམར་པོ་ཡིན་པའི་མི་སྣས་གཏན་འབེབས་ལྟར་ལོགས་བཀར་གསོ་རིག་ལྟ་ཞིབ་དང་ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་མ་བྱས་ན་མཇུག་འབྲས་ཅི་ཞིག་ཐོན་ནམ།སྲིད་འཛིན་གྱི་འགན་འཁྲི་འཁུར་དགོས། འདི་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་མི་བྱེད་པའི་བྱ་སྤྱོད་ཞིག་ཡིན་པ་ལ་སྤྱི་ཚོགས་དོ་དམ་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་ཞིག་ཀྱང་ཡིན་པས།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ། ཉེས་དོན་འགན་འཁྲི་ཡང་འཁུར་དགོས། 《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་གཏན་འབེབས་དང་འགལ་ཞིང་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས། དེ་བཞིན་ཏོག་གསར་ནད་དུག་ཁྱབ་སྤེལ་བྱས་པའམ་ཡང་ན་ཁྱབ་སྤེལ་བྱེད་པའི་ཉེན་ཁ་ཚབས་ཆེན་བཟོས་ན།《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་པའི་འགོས་ནད་འགོག་བཅོས་ལ་གནོད་པའི་ཉེས་པར་བརྩིས་ནས་ཉེས་ཆད་གཅོད་རྒྱུ། དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།4. 疫情防控期间,居民违反规定外出参加打牌、餐饮、娱乐等聚集活动,应当承担何种责任?首先承担民事责任。按照《传染病防治法》第七十七条规定,单位和个人违反本法规定,导致传染病传播、流行,给他人人身、财产造成损害的,应当依法承担民事责任。其次承担行政责任。这是拒不执行人民政府在紧急状态情况下依法发布的决定、命令的行为,属于妨害社会管理的行为,按照《治安管理处罚法》第五十条的规定,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款。最后,违反《传染病防治法》的规定,拒绝执行卫生防疫机构依照传染病防治法提出的预防、控制措施的,引起新冠病毒传播或者有传播严重危险的,按《刑法》第三百三十条妨害传染病防治罪定罪处罚。处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑。4.རིམས་ནད་འགོག་ཟོན་བྱེད་རིང་གྲོང་མིས་གཏན་འབེབས་ལས་འགལ་ཏེ་ཕྱི་ལ་སྦག་རྒྱག་པ་དང་བཟའ་བཏུང་རོལ་རྩེད་སོགས་འདུ་འཛོམས་ཀྱི་བྱེད་སྒོར་ཞུགས་ཚེ་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།ཐོག་མར་དམངས་དོན་གྱི་འགན་འཁྲི་འཁུར་དགོས། 《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་77པའི་གཏན་འབེབས་ལྟར་ཚན་པ་དང་མི་སྒེར་སོགས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་འགོས་ནད་འགོས་པ་དང་ཁྱབ་པས་མི་གཞན་གྱི་ལུས་ཁམས་དང་རྒྱུ་ནོར་ལ་གནོད་འཚེ་བཏང་ཚེ་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས། དེ་ནས་སྲིད་འཛིན་གྱི་འགན་འཁྲི་འཁུར་དགོས། འདི་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་མི་བྱེད་པའི་བྱ་སྤྱོད་ཞིག་ཡིན་ལ་སྤྱི་ཚོགས་དོ་དམ་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་ཞིག་ཀྱང་ཡིན་པས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག མཇུག་ཏུ། 《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་འགལ་ཞིང་རིམས་ནད་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས་དང་ཏོག་གསར་ནད་དུག་ཁྱབ་པའམ་ཁྱབ་ཉེན་ཚབས་ཆེན་ཡོད་ཚེ།《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་ཅུ་པའི་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་རྒྱུ། དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།5. 集中隔离结束后,不按照规定接受健康监测和管理的,会承担何种法律责任?违反《治安管理处罚法》第五十条,将处以警告或者二百元以下罚款;情节严重的,将处以五日以上十日以下拘留,可并处五百元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。5.གཅིག་བསྡུས་ལོགས་བཀར་ཚར་རྗེས། གཏན་འབེབས་ལྟར་བདེ་ཐང་ལྟ་ཞིབ་དང་དོ་དམ་དང་ལེན་མ་བྱས་ན་བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པ་དང་འགལ་ན་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཏོག་གསར་ནད་དུག་ཁྱབ་སྤེལ་ལམ་ཁྱབ་སྤེལ་བྱེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ།《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལྟར་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་པར་བརྩི་རྒྱུ།6. 居民和企业不配合开展疫情防控相关的消毒工作,应当承担什么责任?首先承担民事责任。按照《传染病防治法》第七十七条规定,单位和个人违反本法规定,导致传染病传播、流行,给他人人身、财产造成损害的,应当依法承担民事责任。其次承担行政责任。这是拒不执行人民政府在紧急状态情况下依法发布的决定、命令的行为,属于妨害社会管理的行为,按照《治安管理处罚法》第五十条的规定,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款。最后,违反传染病防治法的规定,拒绝执行卫生防疫机构依照传染病防治法提出的预防、控制措施的,引起新冠病毒传播或者有传播严重危险的,按《刑法》第三百三十条妨害传染病防治罪定罪处罚。处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑。单位犯该罪的,对单位判处罚金,并对其直接负责的主管人员和其他直接责任人员,依照前款的规定处罚。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,按《刑法》第二百七十七条妨害公务罪定罪处罚。6.ཡུལ་མི་དང་ཁེ་ལས་ཀྱིས་རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་དུག་སེལ་བྱེད་པར་གཞོགས་འདེགས་མ་བྱས་ཚེ་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།ཐོག་མར་དམངས་དོན་གྱི་འགན་འཁྲི་འཁུར་དགོས།《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་77པའི་གཏན་འབེབས་ལྟར་ཚན་པ་དང་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ཏེ་འགོས་ནད་ཁྱབ་ནས་མི་གཞན་གྱི་ལུས་ཁམས་དང་རྒྱུ་ནོར་ལ་གནོད་འཚེ་བཏང་ན་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས། གཞན་ཡང་སྲིད་འཛིན་གྱི་འགན་འཁྲི་འཁུར་དགོས། འདི་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་མི་བྱེད་པའི་བྱ་སྤྱོད་ཞིག་ཡིན་པ་ལ་སྤྱི་ཚོགས་དོ་དམ་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་ཞིག་ཀྱང་ཡིན་པས།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོགམཇུག་ཏུ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཞིང་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས། དེ་བཞིན་ཏོག་གསར་ནད་དུག་ཁྱབ་པའམ་ཁྱབ་རྒྱ་ཆེ་རུ་འགྲོ་བའི་ཉེན་ཁ་ཚབས་ཆེན་ཡོད་ན།《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་བཅུ་པའི་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལྟར་ཉེས་ཆད་བཅད་ནས་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ། ཚན་པས་ཉེས་པ་བསགས་ན་ཚན་པར་དངུལ་ཆད་གཅོད་རྒྱུ་མ་ཟད་གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་འཁུར་མཁན་གཞན་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་ཁུངས་ལས་བྱེད་པས(རྒྱལ་ཁབ་ལས་ཁུངས་ནང་རིམས་ནད་འགོག་ཟོན་བྱེད་མཁན་གྱི་གཞུང་ཞབས་པ་ཚུད)ཁྲིམས་ལྟར་རིམས་ནད་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་ཀ་སྒྲུབ་པར་བཀག་འགོག་བྱས་རིགས་ལ་《ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གི་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་རྒྱུ།7. 隐瞒病情、瞒报行程信息(尤其是重点地区旅居史)、隐瞒与确诊病例或者疑似病例有密切接触史,会有什么后果?违反《治安管理处罚法》第五十条,将处以警告或者二百元以下罚款;情节严重的,将处以五日以上十日以下拘留,可并处五百元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条相关规定,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。7、ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན(ལྷག་པར་དུ་གཙོ་གནད་ས་ཁུལ་དུ་གནས་སྡོད་བྱས་པའི་གནས་ཚུལ)སྦ་གསང་བྱེད་པ་དང་། གཏན་འཁེལ་ནད་པའམ་ཡང་ན་ནད་རིགས་འདྲ་བའི་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱས་པའི་གནས་ཚུལ་སྦ་གསང་བྱས་ན་མཇུག་འབྲས་ཅི་ཞིག་ཐོན་གྱི་ཡོད་དམ།《བདེ་སྐྱོང་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པ་དང་འགལ་ན། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱེད་རྒྱུ་དང་སྦྲགས་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཏོག་གསར་ནད་དུག་ཁྱབ་པའམ་ཡང་ན་ཁྱབ་རྒྱ་ཆེ་བས་ཉེན་ཁ་ཚབས་ཆེན་བཟོ་རིགས《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་ཅུ་པའི་འབྲེལ་ཡོད་གཏན་འབེབས་ལྟར། འགོས་ནད་འགོག་བཅོས་ལ་གནོད་འཚེ་བཟོ་བའི་བྱས་ཉེས་གསོག་པ་དང་འབྲེལ་བ་ཡོད། ནད་གཏན་འཁེལ་བ་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་ཏོག་དབྱིབས་ནད་དུག་གསར་པ་ཐོན་ཚེ《ཉེས་ཁྲིམས》དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པའི་ནང་འཁོད་པའི་ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་གསོག་པ་དང་འབྲེལ་བ་ཡོད།8. 具有发热、干咳、乏力、嗅觉味觉减退、鼻塞、流涕、咽痛、结膜炎、肌痛和腹泻等症状的人员,未按照疫情防控要求到发热门诊就医,会有什么后果?违反《治安管理处罚法》第五十条,将处以警告或者二百元以下罚款;情节严重的,将处以五日以上十日以下拘留,可并处五百元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。8、ཚ་བ་རྒྱས་པ་དང་སྐམ་ལུ་རྒྱག་པ། ཤུགས་མེད་པ། སྣ་ཤེས་དང་ཚོར་ཤེས་ཉམས་པ། སྣ་འགག་པ། སྣ་ཆུ་ཤོར་བ། མགྲིན་པ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད། ཤ་གནད་ན་བ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་སྣས་རིམས་ནད་བྱུང་ཚུལ་འགོག་ཟོན་གྱི་བླང་བྱ་ལྟར་ཚ་བ་རྒྱས་ནས་སྒོ་བསྟེན་སྨན་ཁང་དུ་མ་ཕྱིན་ཚེ་མཇུག་འབྲས་ཅི་ཞིག་ཡོད་དམ།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པ་དང་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཏོག་གསར་ནད་དུག་ཁྱབ་པའམ་ཡང་ན་ཁྱབ་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་ནང་འཁོད་ཡོད་པའི་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་གྲུབ་ཡོད།9. 拒绝配合疾控和公安部门开展的疫情流行病学调查工作,应当承担什么责任?首先承担民事责任。按照《传染病防治法》第七十七条规定,单位和个人违反本法规定,导致传染病传播、流行,给他人人身、财产造成损害的,应当依法承担民事责任。其次承担行政责任。这是拒不执行人民政府在紧急状态情况下依法发布的决定、命令的行为,属于妨害社会管理的行为,按照《治安管理处罚法》第五十条的规定,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款。最后,违反传染病防治法的规定,拒绝执行卫生防疫机构依照传染病防治法提出的预防、控制措施的,引起新冠病毒传播或者有传播严重危险的,按《刑法》第三百三十条妨害传染病防治罪定罪处罚。处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,按《刑法》第二百七十七条妨害公务罪定罪处罚。9.རིམས་ནད་ཚོད་འཛིན་དང་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་ཁྱབ་ནད་རིག་པའི་བརྟག་དཔྱད་སྤེལ་བར་གཞོགས་འདེགས་མ་བྱས་ན་འགན་འཁྲི་ཅི་ཞིག་འཁུར་དགོས་སམ། ཐོག་མར་དམངས་དོན་གྱི་འགན་འཁྲི་འཁུར་དགོས། 《འགོས་ནད་འགོག་བཅོས་བཅའ་ཁྲིམས》དོན་ཚན་77པའི་གཏན་འབེབས་ལྟར། ཚན་པ་དང་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་འགོས་ནད་ཁྱབ་པ་དང་དར་ཁྱབ་ཆེ་བས། མི་གཞན་གྱི་ལུས་ཁམས་དང་རྒྱུ་ནོར་ལ་གནོད་འཚེ་ཕོག་ཚེ་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།དེ་ནས་སྲིད་འཛིན་གྱི་འགན་འཁྲི་འཁུར་དགོས། དེ་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་དང་ལེན་མི་བྱེད་པའི་བྱ་སྤྱོད་ཞིག་ཡིན་པས། སྤྱི་ཚོགས་དོ་དམ་ལ་གནོད་རྐྱེན་བཟོས་པའི་བྱ་སྤྱོད་ཁོངས་སུ་གཏོགས་ཀྱི་ཡོད་སྟབས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོགམཇུག་ཏུ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཚེ་འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས་ལས་ཏོག་གསར་ནད་དུག་ཁྱབ་པའམ་ཡང་ན་ཁྱབ་སྤེལ་བྱེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། 《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་བཅུ་པའི་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་དགོས། དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས(རྒྱལ་ཁབ་ལས་ཁུངས་ནང་རིམས་ནད་བྱུང་ཚུལ་འགོག་ཟོན་བྱེད་མཁན་གྱི་གཞུང་ཞབས་པ་ཚུད)ཁྲིམས་ལྟར་རིམས་ནད་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་ཀ་སྒྲུབ་པར་བཀག་འགོག་བྱེད་རིགས་ལ《ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་འཁོད་པའི་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་རྒྱུ།10. 疫情防控期间,在家庭住所开设棋牌档、麻将室,违规售卖感冒发热药品等,会承担何种法律责任?违反《治安管理处罚法》第五十条,将处以警告或者二百元以下罚款;情节严重的,将处以五日以上十日以下拘留,可并处五百元以下罚款;或者由有关部门予以其他行政处罚。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑。10.རིམས་ནད་འགོག་ཟོན་བྱེད་རིང་ཁྱིམ་ཚང་ནང་མིག་མངས་དང་མཱ་ཅང་ཁང་བཙུགས་པ་དང་ཁྲིམས་འགལ་གྱིས་ཆམ་ནད་དང་ཚ་བ་གཅོག་པའི་སྨན་རྫས་སོགས་བཙོང་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་གང་ཞིག་འཁུར་དགོས་སམ།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པ་དང་འགལ་ཚེ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་ཅི་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་འཛིན་ཐོག་གི་ཆད་པ་གཞན་གཅོད་དགོས། ཏོག་གསར་ནད་དུག་ཁྱབ་པའམ་ཡང་ན་ཁྱབ་སྤེལ་བྱེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། 《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་བཅུ་པའི་ནང་འཁོད་པའི་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་དགོས། དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།11. 在预防、控制新冠肺炎疫情期间,从事传染病防治的政府行政部门的工作人员严重不负责任、导致新冠肺炎疫情传播或者流行的,会承担何种法律责任?根据《传染病防治法》,对负有责任的主管人员和其他直接责任人员,依法给予行政处分。情节严重,构成犯罪的,依法追究传染病防治失职罪等刑事责任。11.ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། འགོས་ནད་འགོག་བཅོས་བྱེད་མཁན་སྲིད་གཞུང་སྲིད་འཛིན་སྡེ་ཚན་གྱི་ལས་བྱེད་མི་སྣས་འགན་འཁྲི་ནན་པོ་གཏན་ནས་མ་ཁུར་བའི་རྐྱེན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཁྱབ་པའམ་ཡང་ན་ཁྱབ་པའི་གནས་ཚུལ་བྱུང་ཚེ། བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།《འགོས་ནད་འགོག་བཅོས་བཅའ་ཁྲིམས》ལྟར། འགན་འཁྲི་གཙོ་བོ་འཁུར་མཁན་དང་ཐད་ཀར་འགན་འཁྲི་འཁུར་མཁན་གཞན་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས། ཉེས་ཚབས་ཆེ་ཞིང་ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་རིམས་ནད་འགོག་སེལ་གྱི་འགན་འཛོལ་བྱས་ཉེས་སོགས་ཀྱི་ཉེས་འགན་བདའ་འདེད་གཏོང་རྒྱུ།12. 违反疫情防控规定,乱扔口罩、防护服等医疗防护用品等,要承担法律责任吗?若乱扔的口罩、防护服等医疗防护用品是包含传染病病原体的废物、有毒物质或者其他有害物质,严重污染环境的,按《刑法》第三百三十八条污染环境罪定罪处罚。故意传播新冠肺炎病原体,危害公共安全的,按照《刑法》第一百一十四条、一百一十五条以危险方法危害公共安全罪定罪处罚。12、རིམས་ནད་འགོག་ཟོན་གྱི་གཏན་འབེབས་དང་འགལ་ཏེ། ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་ཀྱི་སྨན་བཅོས་འགོག་སྲུང་མཁོ་ཆས་གང་བྱུང་དུ་གཡུགས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།གལ་ཏེ་གང་བྱུང་དུ་གཡུགས་པའི་ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་མཁོ་ཆས་དག་ལ་འགོས་ནད་ཀྱི་ནད་རྒྱུ་ཚུད་པའི་ཟོག་རོ་དང་དུག་ཡོད་དངོས་རྫས་སམ་ཡང་ན་དེ་མིན་གྱི་གནོད་ཡོད་དངོས་རྫས་ཡིན་པས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་ཚེ《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སོ་བརྒྱད་པའི་ནང་འཁོད་པའི་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་རྒྱུ།རྐང་བཙུགས་ནས་ཏོག་གསར་གློ་ཚད་ཀྱི་ནད་གཞི་ཁྱབ་སྤེལ་བྱས་ནས་སྤྱིའི་པའི་བདེ་འཇགས་ལ་གནོད་འཚེ་བཏང་ཚེ། 《ཉེས་ཁྲིམས》དོན་ཚན་བརྒྱ་དང་བཅུ་བཞི་དང་བརྒྱ་དང་བཅོ་ལྔ་པའི་ནང་འཁོད་པ་ལྟར་ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་ལ་རྩིས་ཏེ་བྱས་ཉེས་གཏན་འཁེལ་གྱིས་ཉེས་ཆད་གཅོད་རྒྱུ།居民乘坐公共交通工具、出入小区大门等公共场所,拒不配合管理人员的劝导配戴口罩;或者,中高风险地区的居民外出拒不配合管理人员的劝导不戴口罩,首先承担民事责任。按照《传染病防治法》第七十七条规定,单位和个人违反本法规定,导致传染病传播、流行,给他人人身、财产造成损害的,应当依法承担民事责任。其次承担行政责任。这是拒不执行人民政府在紧急状态情况下依法发布的决定、命令的行为,属于妨害社会管理的行为,根据《治安管理处罚法》第五十条的规定,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款。最后,违反传染病防治法的规定,拒绝执行卫生防疫机构依照传染病防治法提出的预防、控制措施的,引起新冠病毒传播或者有传播严重危险的,按《刑法》第三百三十条妨害传染病防治罪定罪处罚。处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑。13、ཕྱིར་ཐོན་དུས་ཁ་རས་མ་བརྒྱབ་ན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།གྲོང་མིས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་སྡེ་ཁུལ་གྱི་རྒྱལ་སྒོ་ནས་སྤྱི་པའི་འདུ་གནས་སོགས་སུ་འགྲོ་འོང་བྱེད་སྐབས་དོ་དམ་མི་སྣས་ཁ་རས་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་དང་ལེན་མི་བྱེད་པའམ་ཡང་ན་ཉེན་ཁ་ཆེ་བ་དང་འབྲིང་བའི་ཁུལ་གྱི་གྲོང་མི་ཕྱི་ལ་བསྐྱོད་སྐབས་དོ་དམ་མི་སྣས་ཁ་རས་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་དང་ལེན་མ་བྱས་ཚེ་ཐོག་མར་དམངས་དོན་འགན་འཁྲི་འཁུར་དགོས། 《འགོས་ནད་འགོག་བཅོས་བཅའ་ཁྲིམས》དོན་ཚན་77པའི་གཏན་འབེབས་ལྟར། ཚན་པ་དང་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་འགོས་ནད་ཁྱབ་པ་དང་ཁྱབ་ཚད་ཆེ་བས་མི་གཞན་གྱི་ལུས་ཁམས་དང་རྒྱུ་ནོར་ལ་གནོད་འཚེ་ཕོག་ཚེ་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།དེ་ནས་སྲིད་འཛིན་གྱི་འགན་འཁྲི་འཁུར་དགོས། དེ་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་དང་ལེན་མི་བྱེད་པའི་བྱ་སྤྱོད་ཞིག་ཡིན་པ་དང་། སྤྱི་ཚོགས་དོ་དམ་ལ་གནོད་རྐྱེན་བཟོས་པའི་བྱ་སྤྱོད་ཞིག་ཡིན་སྟབས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོགམཇུག་ཏུ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ནས་འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས་ལས་ཏོག་གསར་ནད་དུག་ཁྱབ་པའམ་ཡང་ན་ཁྱབ་སྤེལ་བྱེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། 《ཉེས་ཁྲིམས》དོན་ཚན་སུམ་བརྒྱ་སུམ་བཅུ་པའི་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་དགོས། དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ། ངན་འབྲས་ཚབས་ཤིན་ཏུ་ཆེ་བ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།14. 疫情防控期间,编造虚假疫情信息,在网络等公众场合散布的,或者明知是虚假信息还帮助散布和传播的,将承担什么法律责任?根据《突发事件应对法》第六十五条规定,将处以责令改正,给予警告;造成严重后果的,将依法暂停业务活动或者吊销执业许可证。根据《治安管理处罚法》第二十五条规定,将处以五日以上十日以下拘留,可以并处五百元以下罚款;情节较轻的,处五日以下拘留或者五百元以下罚款。严重扰乱社会秩序的,按《刑法》第二百九十一条构成编造、故意传播虚假信息罪定罪处罚。14.རིམས་ནད་འགོག་ཟོན་བྱེད་རིང་། རིམས་ནད་གནས་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲྭ་བ་སོགས་མི་ཚོགས་འདུ་སར་ཁྱབ་སྤེལ་བྱེད་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁྱབ་སྤེལ་དང་ཁྱབ་སྤེལ་བྱེད་རོགས་བྱས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།《གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་སྐོར་གྱི་བཅའ་ཁྲིམས》དོན་ཚན་རེ་ལྔའི་གཏན་འབེབས་ལྟར། དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ཁྲིམས་ལྟར་གནས་སྐབས་ལས་མཚམས་འཇོག་ཏུ་འཇུག་པའམ་ཡང་ན་ལས་གཉེར་ཆོག་པའི་ལག་ཁྱེར་མེད་པ་བཟོ་དགོས། 《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ཉེར་ལྔའི་གཏན་འབེབས་ལྟར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་བཀག་ཉར་བྱེད་པའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་རིགས་ལ《ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་འཁོད་པ་ལྟར་ཆ་འཕྲིན་རྫུན་མ་བཟོས་པའམ་ཡང་ན་རྐང་བཙུགས་ནས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱས་པའི་བྱས་ཉེས་གསོག་པ་གཏན་ཁེལ་བྱས་ཏེ་ཉེས་ཆད་གཅོད་རྒྱུ།15. 疫情期间,恶意囤积、变相哄抬物价、牟取暴利,会承担何种法律责任?15.རིམས་ནད་བྱུང་བའི་དུས་སུ་བསམ་ངན་བཅངས་ནས་དངོས་ཟོག་ཉར་གསོག་དང་གཡོ་སྒྱུར་བྱ་ཐབས་ཐོག་ནས་ཟོག་གོང་ཧམ་སྤར་དང་ཁེ་ཕན་ཆེན་པོ་རག་ཐབས་བཅས་བྱས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།ཚོང་རའི་ལྟ་སྐུལ་དང་དོ་དམ་བྱེད་མཁན་སྡེ་ཚན་ལ་སྲིད་འཛིན་ཐོག་ནས་ཆད་པ་གཅོད་རྒྱུར་སྤྲོད་དགོས།16. 在疫情期间,行政机关对违反突发事件应对措施的行为的处罚采取什么原则?《行政处罚法》第四十九条规定,发生重大传染病疫情等突发事件,为了控制、减轻和消除突发事件引起的社会危害,行政机关对违反突发事件应对措施的行为,依法快速、从重处罚。16、རིམས་ནད་བྱུང་རིང་སྲིད་འཛིན་ལས་ཁུངས་ཀྱིས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བྱེད་ཐབས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་སྐབས་རྩ་དོན་གང་ཞིག་ལག་བསྟེར་བྱེད་དགོས་སམ།《སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》དོན་ཚན་49པའི་ནང་གཏན་འབེབས་བྱས་པ་ལྟར། འགོས་ནད་ཀྱི་རིམས་ནད་བྱུང་ཚུལ་ཚབས་ཆེན་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐོན་ནས། གློ་བུར་དུ་ཐོན་པའི་དོན་རྐྱེན་ལས་བྱུང་བའི་སྤྱི་ཚོགས་ཀྱི་གནོད་འཚེ་ཚོད་འཛིན་དང་ཆུང་དུ་གཏོང་བ། མེད་པ་བཟོ་བ་བཅས་བྱ་ཕྱིར། སྲིད་འཛིན་ལས་ཁུངས་ཀྱིས་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བྱེད་ཐབས་དང་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་མགྱོགས་མྱུར་ངང་ཆད་པ་ལྗིད་མོ་གཅོད་དགོས།西藏此次疫情为何来势汹汹?专家详解→
西藏:今日0时至14时“37+143”。医疗废物废水处置和饮水安全,详解↘
人民至上 生命至上——中国移动阿里分公司为“疫”线送温暖