科学常识篇11 བྲེ་སར་འབྲོང་ལ་ལད་མོ་གྱིས། གཅིག་པུར་སྡོད་རྒྱུ་ཤིན་ཏུ་གལ།
点击蓝字 关注我们
来源:阳光西藏
抗击疫情——科学常识与你同行 (第十一期)
མིག་སྔའི་རིམས་ནད་འགོག་ཟོན་དུས་བབ་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱང་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་བྱ་ཐབས་༼ པར་མ་དགུ་པ ༽པར་འགྲེམ་བྱས་ནས། འགོག་ཟོན་བྱ་ཐབས་ལེགས་སྒྲིག་བྱས་པ་དང་། སྤྱི་དམངས་ཀྱི་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞིར་ཡང་དེ་བསྟུན་བཟོ་བཅོས་བྱས་ཡོད། བྱ་སྤྱོད་ཚད་གཞི་དེའི་ནང་ཁྱོན་དོན་ཚན་ཁག་༡༢ཡོད་དེ། ལག་པ་ཡང་སེ་འཁྲུ་བ་དང་། ཁ་རས་ཡང་དག་རྒྱག་པ། གློ་ལུ་སྐབས་དོ་སྣང་བྱ་དགོས་པ། འདུ་འཛོམས་ཉུང་ཙམ་བྱེད་པ། སྨི་གཅིག་གི་བར་ཐག་རྒྱུན་འཁྱོངས་བྱེད་པ། རྟག་ཏུ་རླུང་རྒྱུག་པར་བྱེད་པ། གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་པ། གསང་སྤྱོད་ཀྱི་གཙང་སྦྲར་དོ་སྣང་བྱེད་པ། བདེ་ཐང་འཚོ་བའི་གོམས་གཤིས་འཇགས་པར་བྱེད་པ། ཉིང་སྐྱུར་བརྟག་བཤེར་བྱེད་པ། འགོག་སྨན་རྒྱག་པ་སོགས་ཚུད་ཡོད། མང་ཚོགས་ཀྱིས་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞི་འདི་སྤྱི་ཚོགས་ཀྱི་ཡ་རབས་ཤེས་དཔལ་དང་། བདེ་ཐང་འཚོ་བའི་གོམས་གཤིས་ཤིག་ཏུ་འཇགས་པར་བྱས་ནས། ཡུན་རིང་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ལ་ཁྱབ་གདལ་གཏང་རྒྱུར་སྐུལ་མ་བྱས་ཡོད།
དེ་རིང་ང་ཚོས་མཉམ་དུ་སྤྱི་དམངས་ཀྱི་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞིའི་འདུ་འཛོམས་ཉུང་ཙམ་བྱེད་པ་ཞེས་པར་རྒྱུས་མངའ་ཞིག་གནང་ངོ་།། སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས། འདུ་འཛོམས་མི་བྱེད་པ་དང་། རུབ་རུབ་མི་བྱེད་པ་བྱས་ཏེ། རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱ་དགོས།
针对当前疫情防控形势,国务院联防联控机制综合组公布了《新型冠状病毒肺炎防控方案(第九版)》,对防控措施进行了调整,对《公民防疫基本行为准则》也做了相应的修订。最新版行为准则共有12条,包括勤洗手、科学戴口罩、注意咳嗽礼仪、少聚集、文明用餐、遵守1米线、常通风、做好清洁消毒、保持厕所卫生、养成健康生活方式、核酸检测、疫苗接种等方面,倡导公众将防疫基本行为准则作为一种社会文明风尚和健康生活方式,持久地坚持下去、推广开来。
今天一起来了解公民防疫基本行为准则之少聚集。做好个人防护,少聚集、不扎堆,严格落实各项防控措施不松懈。
འདུ་འཛོམས་ཉུང་ཙམ་བྱེད་པ།
རིམས་ནད་རིང་། འདུ་འཛོམས་དང་། གཉེན་ཉེ་དང་ཐུག་འཕྲད་ཉུང་ཙམ་བྱེད་པ་དང་། གཉེན་སྟོན་དང་རྗེས་འཇུག་ལ་མི་འགྲོ་བ། དགོས་འགལ་མེད་ན་མི་ཚོགས་སྟུག་ཁུལ་དུ་མི་འགྲོ་བ་བཅས་བྱ་དགོས།
疫情期间,少聚餐聚会,少走亲访友,少参加喜宴丧事,非必要不到人群密集的场所。
རིམས་ནད་རིང་། འདུ་འཛོམས་ཉུང་ཙམ་བྱས་ནས། ཉེན་ཁ་ལེབ་བཤེར་བྱེད་པ་དང་། ཉིང་སྐྱུར་བརྟག་བཤེར་བྱེད་པ་སོགས་རིམས་འགོག་བྱ་ཐབས་ལ་གཞོགས་འདེགས་དང་། སྒེར་གྱི་བདེ་ཐང་དོ་དམ་འདུ་ཤེས་དྲག་ཏུ་བཏང་ནས། ནད་འགོག་ནུས་པ་གོང་མཐོར་གཏང་དགོས། དོགས་ཡོད་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དགོས།
疫情期间减少聚集、聚餐和聚会,配合做好风险排查、核酸检测等防控措施,保持自我健康管理意识,提高身体免疫力,出现可疑症状及时就医。
སྤྱི་པའི་ཁུལ་དུ་འགོག་ཟོན་བྱ་རྒྱུར་སྣང་ཆེན་བྱ་དགོས།
རབ་བྱུང་ན་མི་ཚོགས་སྟུག་པའི་ཁུལ་དུ་འགྲོ་རྒྱུ་མེད། གལ་སྲིད་ངེས་པར་དུ་འགྲོ་དགོས་ཚེ། སྔོན་མངགས་དང་། མི་གྲངས་ཚད་བཀག་བཟོ་བ་སོགས་ཀྱི་རྩ་དོན་གཞིར་བཟུང་སྟེ། འདུ་འཛོམས་མི་བྱེད་པ་དང་། ཚང་ཁ་མ་རྒྱག་པར། ཁ་རས་རྒྱག་པ་དང་། སྨི་གཅིག་གི་བདེ་ཐང་བར་ཐག་འཇོག་པ། རང་ཉིད་ཀྱི་གཙང་སྦྲ་དོ་སྣང་བྱེད་པ་སོགས་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས།
尽量避免前往人员密集场所,前往公共场所时遵循“限量、预约、错峰”的原则,少聚集、不扎堆,个人防护不可少,坚持全程佩戴口罩,保持一米社交距离,并注意个人卫生。
རྨང་གཞིའི་རང་བཞིན་པའི་ན་ཚ་ཡོད་པའི་བགྲེས་སོང་དང་། སྦྲུམ་མ། བྱིས་པ་སོགས་ཡག་ཤོས་བྱུང་ན་ཕྱིར་འགྲོ་རྒྱུ་མེད་ལ། ལྷག་དོན་དུ་མི་ཚོགས་སྟུག་ཁུལ་དང་རླུང་རྒྱུག་ས་ཡག་པོ་མེད་སར་འགྲོ་རྒྱུ་མེད།
患有基础性疾病的老年人、孕妇、儿童等要尽可能减少外出,避免前往人员密集尤其是通风不良的密闭空间场所。
དེ་མིན་ད་དུང་། གུ་དོག་པའི་ཁུལ་དུ་ཁ་རས་རྒྱག་པ་ཕུད། མི་ཚོགས་སྟུག་སའི་ཐང་ཆེན་དང་། ཐོག་མེད་ཟློས་གར་ཁང་། སྤྱི་གླིང་སོགས་སུ་སྐྱོད་སྐབས་ཀྱང་ཁ་རས་བརྒྱག་དགོས།
此外,除了在密闭场所需要戴口罩外,当处于人员密集的露天广场、剧场和公园等室外场所时,也需要佩戴口罩。
ཁྱིམ་དུ་འདུ་འཛོམས་ཉུང་ཙམ་བྱ་དགོས།
རིམས་ནད་རིང་། གཉེན་སྟོན་དང་རྗེས་འཇུག་སོགས་ལ་མི་འགྲོ་བ་དང་། ཕྱིར་ཁ་ལག་བཟའ་བར་འགྲོ་སྐབས་མི་གྲངས་དང་དུས་ཚོད་ཚད་བཀག་བཟོ་དགོས། ཁྱིམ་ཚང་གི་འདུ་འཛོམས་ལ་མི་གྲངས་༡༠ཡན་བརྒལ་མི་རུང་།
疫情期间尽量少参加喜宴丧事,外出用餐控制用餐人数和时间,家庭私人聚餐一般控制在10人以下。
བདེ་ཐང་གི་དྲི་བ་དྲིས་ལན།
གཙོ་གནད་ཁུལ་ནི་སྤྱི་འབངས་ཀྱིས་སྤྱི་ཚོགས་འཚོ་བའི་བྱེད་སྒོ་སྤེལ་སའི་རིགས་ཁག་གི་གནས་ཡུལ་ལ་ཟེར། དེའི་ནང་གནས་ཡུལ་གང་དག་ཚུད་ཅེ་ན།
མི་འདུ་འཛོམས་ཆེ་བ་དང་གུ་དོག་པ། འདུ་འཛོམས་ཀྱི་རྐྱེན་པས་ནད་ཡམས་གནས་ཚུལ་ལྷགས་བདེ་བའི་ཡུལ། དཔེར་ན་རླངས་འཁོར་འབབ་ཚུགས་དང་། འགག་སྒོ། གནམ་གྲུ་འབབ་ཐང། གྲུ་ཁ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་༼རླངས་འཁོར་དང་མེ་འཁོར། གནམ་གྲུ་དང་ས་འོག་མེ་འཁོར༽དངོས་ཟོག་སྐྱེལ་འདྲེན་ཁུལ། ཉིང་སྐྱུར་བརྟག་བཤེར་ས་ཚིགས། ཞིང་ཟོག་(གཅིག་སྡུད་)ཁྲོམ་ར། མགྲོན་ཁང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ལུས་སྦྱོང་སྤྲོ་གསེང་བྱ་ཡུལ། སྐྲ་བཞར་ལུས་འཁྲུ་བྱ་ཡུལ། གློག་བརྙན་ཁང་། ལུས་རྩལ་ཁང་། དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། མཛེས་རྩལ་ཁང་། མིག་མངས་ཁང་། སྤྲོ་གསེང་གྲུ་གཟིངས། ཟློས་གར་རོལ་རྩེད། དེ་བཞིན་ཚོང་ཟོག་འགྲེམས་སྟོན་དང་ཉོ་ཚོང་ཚར་རྗེས་ཀྱི་ཞབས་ཞུ་བྱེད་ས། ཚོགས་ར། ཆོས་ལུགས་ཆོ་ག་སྤེལ་ཡུལ་སོགས་ལ་ཟེར།
གཙོ་གནད་ཁུལ་གྱི་འགོག་སྲུང་ལ་ཤུགས་སྣོན་ཇི་ལྟར་བྱ་དགོས་ཞེ་ན།
མི་འདུ་འཛོམས་དང་། གུ་དོག་པའི་ཁུལ་སོགས་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐོན་སླ་བའི་ཁུལ་ཏེ། དཔེར་ན། རླངས་འཁོར་འབབ་ཚུགས་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་ཆས། དངོས་ཟོག་སྐྱེལ་འདྲེན་གླིང་ཁུལ། ཞིང་ཟོག་ཁྲོམ་ར། ལུས་སྦྱོང་རོལ་རྩེད་བྱེད་ཡུལ། སྐྲ་བཞར་ལུས་འཁྲུ་བྱེད་ཡུལ་སོགས་སུ་གནས་ཡུལ་བཤེར་རྟགས་བཤེར་བ་དང་། རླུང་ཡག་པོ་རྒྱུག་པ། གཙང་སྦྲ་དང་དུག་སེལ་བྱེད་པ། གཟུགས་པོའི་དྲོད་ཚད་འཇལ་བ་སོགས་རྒྱུན་རྣམ་ཅན་གྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་དགོས། ཁོངས་གཏོགས་ས་ཁུལ་ནང་རིམས་ནད་ཐོན་རྗེས། ཡུལ་དེ་གའི་རིམས་ནད་འགོག་ཟོན་གྱི་བླང་བྱ་ལག་བསྟར་བྱ་དགོས་པ་དང་། རིམས་འགོག་གི་དགོས་མཁོ་ལྟར་ལས་གཉེར་དུས་ཚོད་ཇེ་ཐུང་དུ་གཏང་དགོས་ཤིང་། ཁུལ་ཁོངས་ཀྱི་སྐུ་མགྲོན་མི་གྲངས་ཚད་བཀག་བཟོས་ནས། འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་དང་། ཚོགས་འདུ། སྦྱོང་བརྡར་སོགས་ཆེ་གྲས་སྤེལ་རྒྱུ་མེད་པ་དང་། རླངས་འཁོར་འབབ་ཚུགས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ཀྱིས་འགྲུལ་པ་དབོར་འདྲེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་དགོས།
● 重点场所是指公众从事社会生活的各种场所,主要包括哪些场所?
人员流动量大或人员密集、空间密闭,容易发生聚集性疫情的场所,如车站、口岸、机场、码头、公共交通工具(汽车、火车、飞机和地铁)、物流园区、核酸检测点,农贸(集贸)市场、宾馆、商场超市、健身娱乐场所、理发洗浴场所、影剧院、体育场馆、图书馆、博物馆、美术馆、棋牌室、封闭游船、剧本杀,以及商品展销与售后服务场所、会议中心、宗教活动场所等。
●如何加强重点场所防控?
对于人员密集、空间密闭等容易发生聚集性疫情的场所,如车站、公共交通工具、物流园区、农贸(集贸)市场、 健身娱乐场所、理发洗浴场所等,要落实进入人员严格扫场所码、通风换气、清洁消毒、体温检测等常态化防控措施。辖区内发生本土疫情后,配合执行当地疫情应急处置要求,同时根据防控需要可采取缩短营业时间,控制场所客流密度,避免举办聚集性活动、大型会议和培训,降低客运场站和公共交通工具的客载率等措施。
感染新冠病毒和痊愈出舱(出院)后如何做好居家消杀?答案在这→
编 校:何聪
责 编:久太加
终 审:蔺新平