【少儿禁】马建《亮出你的舌苔或空空荡荡》

重磅!各种迹象证明中国经济进入大萧条

去泰国看了一场“成人秀”,画面尴尬到让人窒息.....

贵州把问题的严重性摆上了桌面

清明时节一声吼:“加班?加个锤子!”

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

科学常识篇16 རིམས་ནད་ཁྲོད་ཀྱི་རྒྱུན་མཐོང་སེམས་ཁམས་གནད་དོན།

天上阿里 2022-11-15

点击蓝字 关注我们



来源:阳光西藏

    抗击疫情——科学常识与你同行  (第十六期)


རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་རྟག་ཏུ་སེམས་དང་འབྲེལ་བ་ཡོད། རྒྱུན་མཐོང་བསམ་པའི་གནད་དོན་དེ་དག་ཞིབ་བསྡུར་བྱས་ནས་རང་བཤེར་བྱས་ཆོག ཏོག་གསར་ནད་དུག་གི་ཚན་རིག་ཤེས་བྱ། 


རིམས་ནད་ཀྱི་མདུན་དུ། རྒྱུན་མཐོང་སེམས་ཁམས་གནད་དོན།


༡ སེམས་ཁྲལ་དང་ཐེ་ཚོམ་གྱི་ནད། 


དེའི་མངོན་ཚུལ་ནི། ལུས་པོའི་ཚོར་བ་ལ་དོ་སྣང་ཆེན་པོ་བྱེད་པར་མ་ཟད། ལུས་པོ་མི་བདེ་བའི་ཚོར་སྣང་སྣ་ཚོགས་ནད་དུག་དང་སྦྱར་ཏེ། རང་ཉིད་ལ་ནད་ཕོག་པར་དོགས་པ་སྐྱེ་གི་ཡོད། མི་ཁ་ཤས་ཀྱིས་རིམས་ནད་གནས་ཚུལ་གྱི་འབྲེལ་ཡོད་ཆ་འཕྲིན་ལ་དོ་སྣང་བྱས་དྲགས་པས། དེའི་སྐོར་གྱི་ནང་དོན་ཐད་ཞིབ་བཤེར་ཡང་ཡང་བྱས་རྗེས་དངངས་སྐྲག་དང་འཇིགས་སྣང་གི་བསམ་ཚུལ་ཇེ་ཆེར་སོང་བར་མ་ཟད། ཐ་ན་རྨོངས་ཚོད་ཀྱིས་མང་ཚོགས་ལ་བརྟེན་དགོས་པའི་བྱ་སྤྱོད་ཀྱང་རབ་དང་རིམ་པ་བྱུང་ཡོད། 


བདེ་འཇགས་ཀྱི་ཚོར་བ་མར་ཆག་པ་དང་། སེམས་ཁྲལ་ལངས་སྲིད།


༢ ཁོང་ཁྲོའི་ཚོར་སྣང་། 


སེམས་ཁམས་རིག་པའི་ནང་བར་ཆད་དང་ཕར་རྒོལ་གྱི་རྣམ་པ་ལྟར་ན། རིམས་ནད་ཀྱི་ཉེན་ཁ་དང་གནོན་ཤུགས་སྣ་ཚོགས་ལ་གཞིགས་ནས་བྱུང་བའི་ཁོང་ཁྲོའི་ཚོར་སྣང་དེ་ནི། ཚོད་འཛིན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རང་ཉིད་འགོག་སྲུང་བྱེད་པའི་རང་བྱུང་གི་ཚུར་སྣང་ཞིག་ཡིན། 


ང་ཚོས་རང་ཉིད་ཀྱི་བསམ་ཚུལ་དང་བྱ་སྤྱོད་ལ་བབ་བརླིང་དང་བཟོད་སྒོམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཤད་པའི་བསམ་བློའི་ཐོག་རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་བྱ་དགོས། 


ཁོང་ཁྲོ་རང་བཞིན་གྱིས་ལངས་པར་སེམས་རྣལ་དུ་དབབ་དགོས། 

༣ སྐྱོ་སྣང་དང་ཡིད་མུག་པ། 


རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་མི་རྣམས་ལ་སེམས་སྡུག་དང་། ཐ་ན་རེ་ཞིག་སྐྱོ་སྣང་། ཡིད་ཆད་བཅས་བྱུང་ནས་སྤྲོ་སྣང་ཡང་ཚོར་ཐུབ་ཀྱི་མེད། རིམས་ནད་ཀྱིས་རང་ཉིད་ཀྱི་ལས་ཀ་དང་ཁྱིམ་ཚང་གི་དོན་དག་གལ་ཆེན་ལ་ཤུགས་རྐྱེན་ཐེབས་སྐབས་དང་། ལྷག་པར་དུ་ཡིད་ཆད་པའི་རིགས་ཀྱི་མངོན་ཚུལ་ནི་སུན་ནད་ཀྱི་བརྡ་རྟགས་ཡིན་སྲིད། ཡིད་མུག་པ་དེ་གལ་ཏེ་དུས་ཡུན་རིང་ན་འཚོ་བའི་ཆོས་ཉིད་རྙོག་འཛིང་བྱུང་ནས་ལུས་ཕུང་གི་ནད་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་འབྱུང་སྲིད། 


འཚོ་བར་ཡིད་མ་ཚིམ་པས་སྤྲོ་སྣང་ཚོར་དཀའ། 


རིམས་ནད་མདུན་གྱི་རྒྱུན་གཏན་སེམས་ཁམས་གནད་དོན།


༤ རྨོངས་ཚོད་ཀྱི་སྤྲོ་སྣང་།


རིམས་ནད་ཀྱི་མདུན་དུ་སྤྲོ་སྣང་འོས་འཚམ་ཞིག་དགོས་ངེས་ཡིན། ཡིན་ན་ཡང་རང་ཉིད་ཀྱི་ཉེ་འཁོར་དུ་རིམས་ནད་ཕོག་མཁན་མེད་པ་ཐོས་ནས་འགོས་ཁྱབ་ཡོང་གི་མ་རེད་བསམས་ཏེ། རྨོངས་ཚོད་ཀྱི་སྤྲོ་སྣང་དང་བསམ་པ་ལྷོད་ལ་འབབ་པ། གོ་མེད་ཚོར་མེད་སོགས་བྱས་ཚེ། རང་ཉིད་དང་མི་གཞན་བར་རིམས་ནད་འགོས་ཁྱབ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད།


གོ་མེད་ཚོར་མེད་བྱ་རྒྱུ་མེད། བློ་སེམས་བརྟན་པོས་རིམས་ནད་འགོག


མང་ཚོགས་དཀྱུས་མའི་སེམས་ཁམས་རང་གཅུན་དང་ཁྲིད་སྟོན།


༡ རིམས་ནད་ཐོན་པ་དེས་ང་ཚོར་སྣོན་ཤུགས་ཆེན་པོ་ཞིག་ཡོང་ངེས་ཡིན་ལ། སེམས་ཁམས་འཁྲུག་པའི་གནས་ཚུལ་ཡང་ཐོན་སྲིད་ངེས་ཡིན། རང་ཉིད་ལ་རྒྱུན་ལྡན་མིན་པའི་སེམས་ཁམས་མི་བདེ་བ་བྱུང་ཚེ་གོད་ཆགས་ཆེན་པོ་བྱུང་སོང་བསམ་རྒྱུ་མེད། དེ་དག་དང་ལེན་བྱས་ཚེ་རང་ཉིད་ཀྱི་འཚོ་བར་ཕན་པ་ཡོད་ལ་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་ཡང་ཕན་པ་ཡོད།


༢ སེམས་ཁམས་འོས་འཚམ་ཐོག་ནས་རིམས་ནད་ཆ་འཕྲིན་ལ་ཁ་ཕྱོགས་དགོས།

རིམས་ནད་ཐད་ཤེས་རྟོགས་གང་ལེགས་བྱས་ནས་གཞུང་ཕྱོགས་སྨྱན་སྦྱོར་གྱི་འབྲེལ་ཡོད་གསར་འགྱུར་བལྟ་དགོས་པ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་ཤེས་བྱ་རྒྱུས་ལོན་བྱས་ནས། གཟབ་ནན་དང་ཚན་རིག  ཚད་དང་མཐུན་པས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས།


མང་ཚོགས་དཀྱུས་མའི་སེམས་ཁམས་རང་གཅུན་དང་ཁྲིད་སྟོན།


༣ འབྲེལ་ཡོད་མི་སྣ་ཕན་ཚུན་འབྲེལ་བ་དམ་ཟབ་བྱ་དགོས།

ཁ་པར་དང་དྲ་བ་བརྒྱུད་དེ་རང་ཉིད་ཀྱི་ནང་མི་དང་གྲོགས་པོའི་བར་གླེང་མོལ་བྱས་ནས། ཕན་ཚུན་སེམས་གསོ་བཏང་རེས་བྱས་ཏེ་བསམ་བློ་བརྗེ་རེས་ཕན་ཚུན་རྒྱབ་སྐྱོར་ཡོད་པར་བྱ་དགོས། གལ་ཏེ་ནད་གཞི་འདྲ་པོ་དང་ནད་ངོ་ཆོད་པ། འབྲེལ་འདྲིས་སོགས་བྱུང་ཚེ། ལོགས་བཀར་གསོ་རིག་བརྟག་དཔྱད་བརྒྱུད་རིམ་ཁྲོད། ངེས་པར་དུ་ཕན་ཚུན་སེམས་གསོ་བྱས་ཏེ། རིམས་འགོག་སེམས་ཁམས་ཀྱི་མནའ་འབྲེལ་འཛུགས་ཐུབ་པར་བྱ་དགོས།


༤ བདེ་ཐང་འཚོ་བའི་གོམས་སྲོལ་ཞིག་འཛུགས་ཐུབ་པར་བྱ་དགོས།

སེམས་མི་འཚབ་པར་འཚོ་བར་ཁ་ཕྱོགས་ནས། སྔར་གྱི་འཚོ་བའི་གོམས་གཤིས་དང་སྔར་གྱི་འཚོ་བའི་རྣམ་པ་ཤིག་ཆགས་པར་བྱས་ནས། རང་ཉིད་རྒྱུན་གཏན་གྱི་འཚོ་བའི་ལམ་བུར་བསྐྱོད་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག འཚོ་བའི་གོམས་སྲོལ་བཟང་པོ་དང་གཙང་སྦྲ་འཕྲོད་བསྟེན། བཟའ་བཏུང་ལ་སྣང་འཇོག གཉིད་ཐེབས་མི་ཆགས་པ་བཅས་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པར་བྱ་དགོས།


推荐阅读

科学常识篇13 བཟའ་ཤེས་ན་བདེ་སྐྱིད་ཕོ་བྲང་། མ་ཤེས་དམྱལ་ཟངས་དམར་པོ།


科学常识篇14 བགྲེས་སོང་ཚོས་རང་ཉིད་ཀྱི་འགོག་སྲུང་ཇི་ལྟར་བྱ་དགོས།


科学常识篇15 ལུས་པོར་བར་ཐག་བཞག་ཀྱང་སེམས་པ་གཅིག་ཏུ་སྦྲེལ་ཡོད།

更多精彩 

请关注“天上阿里+”视频号↓↓↓




编 校:何聪
责 编:久太加
终 审:蔺新平

文章有问题?点此查看未经处理的缓存