【少儿禁】马建《亮出你的舌苔或空空荡荡》

重磅!各种迹象证明中国经济进入大萧条

去泰国看了一场“成人秀”,画面尴尬到让人窒息.....

贵州把问题的严重性摆上了桌面

清明时节一声吼:“加班?加个锤子!”

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

科学与常识篇17 སྒེའུ་ཁུང་ཡང་སེ་ཕྱེ་ནས་དྲི་བཞོན་ལྷ་མོ་བསུས་དང་།

天上阿里 2022-11-15

点击蓝字 关注我们



来源:阳光西藏

   抗击疫情——科学常识与你同行  (第十七期)

ད་ལྟའི་རིམས་ནད་འགོག་ཟོན་དུས་བབ་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་བྱ་ཐབས་༼ པར་མ་དགུ་པ ༽པར་འགྲེམ་བྱས་ནས། འགོག་ཟོན་བྱ་ཐབས་ལེགས་སྒྲིག་བྱས་པ་དང་། སྤྱི་དམངས་ཀྱི་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞིར་ཡང་དེ་བསྟུན་བཟོ་བཅོས་བྱས་ཡོད། བྱ་སྤྱོད་ཚད་གཞི་དེའི་ནང་ཁྱོན་དོན་ཚན་ཁག་༡༢ཡོད་དེ། ལག་པ་ཡང་སེ་འཁྲུད་བ་དང་། ཁ་རས་ཡང་དག་རྒྱག་པ། གློ་ལུ་སྐབས་དོ་སྣང་བྱ་དགོས་པ། འདུ་འཛོམས་ཉུང་ཙམ་བྱེད་པ། སྨིད་གཅིག་གི་བར་ཐག་རྒྱུན་འཁྱོངས་བྱེད་པ། རྟག་ཏུ་རླུང་རྒྱུག་པར་བྱེད་པ། གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་པ། གསང་སྤྱོད་ཀྱི་གཙང་སྦྲར་དོ་སྣང་བྱེད་པ། བདེ་ཐང་འཚོ་བའི་གོམ་གཤིས་འཇགས་པར་བྱེད་པ། ཉིང་སྐྱུར་བརྟག་བཤེར་བྱེད་པ། འགོག་སྨན་རྒྱག་པ་སོགས་ཚུད་ཡོད། མང་ཚོགས་ཀྱིས་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞི་འདི་སྤྱི་ཚོགས་ཀྱི་ཡ་རབས་ཤེས་དཔལ་དང་། བདེ་ཐང་འཚོ་བའི་གོམ་གཤིས་ཤིག་ཏུ་འཇགས་པར་བྱས་ནས། ཡུན་རིང་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ལ་ཁྱབ་གདལ་གཏང་རྒྱུར་སྐུལ་མ་བྱས་ཡོད།

དེ་རིང་སྤྱི་དམངས་ཀྱི་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞི་ལས་རྒྱུན་དུ་རླུང་རྒྱུག་པར་བྱེད་པ་ཞེས་པར་རྒྱུས་མངའ་ཞིག་གནང་ངོ་། རྟག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱས་ན། སྡོད་ཁང་ནང་མཁའ་རླུང་སོས་པ་རྒྱུག་ནས། གཟུགས་གཞིའི་བདེ་ཐང་ལ་ཕན་པ་ཡོད།

针对当前疫情防控形势,国务院联防联控机制综合组公布了《新型冠状病毒肺炎防控方案(第九版)》,对防控措施进行了调整,对《公民防疫基本行为准则》也做了相应的修订。最新版行为准则共有12条,包括勤洗手、科学戴口罩、注意咳嗽礼仪、少聚集、文明用餐、遵守1米线、常通风、做好清洁消毒、保持厕所卫生、养成健康生活方式、核酸检测、疫苗接种等方面,倡导公众将防疫基本行为准则作为一种社会文明风尚和健康生活方式,持久地坚持下去、推广开来。

今天一起来了解公民防疫基本行为准则之常通风。经常开窗通风可保持室内空气新鲜流通,有利于身体健康。

རྒྱུན་དུ་རླུང་རྒྱུག་པར་བྱ་དགོས།

ཉིན་ལྟར་སྒེའུ་ཁུང་ཐེངས་གཉིས་ནས་གསུམ་བར་ཕྱེ་བ་དང་ཐེངས་རེར་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་ཕྱེ་དགོས་ཤིང་། གནམ་གཤིས་ཡག་སྐབས་སྒེའུ་ཁུང་ཡང་སེ་ཕྱེ་ནས་རླུང་རྒྱུག་པར་བྱ་དགོས།

提倡勤开窗通风,每日开窗通风 2~3 次, 每次 20~30分钟。温度适宜时,可使窗户常开。 

ཁང་པའི་སྒེའུ་ཡང་སེ་ཕྱེ་ནས་རླུང་རྒྱུག་པར་བྱ་དགོས།

ཁང་པའི་ནང་གུ་དོག་པོ་ཡོད་པས་ནད་འབུ་སྐྱེ་འཕེལ་འབྱུང་བས། མིའི་གཟུགས་པོར་འགོས་ནད་འགོ་བའི་ཉེན་ཁ་ཆེན་པོ་ཡོད། དུས་བཀག་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱས་ན། ཁང་པའི་ནང་གི་མངའ་རླུང་སྤུས་ཚད་ཇེ་ལེགས་སུ་བཏང་ནས། ནད་འབུ་སོགས་སྦག་བཙོག་དངོས་པོ་ཉུང་དུ་འགྲོ་ཐུབ། དེ་མིན་ཉི་འོད་ཁྲོད་ཀྱི་སྨུག་ཕྱིའི་འོད་ལ་ནད་འབུ་སེལ་བའི་ནུས་པ་ཡོད།

室内环境密闭,容易造成病菌滋生繁殖,增加人体感染疾病的风险。定时开窗通风可有效改善室内空气质量,减少室内致病微生物和其他污染物的含量,降低室内二氧化碳和有害气体的浓度。此外,阳光中的紫外线还有杀菌作用。

སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱ་བའི་དུས་ཚོད་ཡག་ཤོས།

ཉིན་ལྟར་ཞོགས་པ་དང་ཉིན་གུང་། དགོང་མོ་བཅས་ཚང་མར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱ་དགོས་ཤིང་། སྒེའུ་ཁུང་ཕྱེ་བའི་དུས་ཚོད་སྐར་མ་༡༥ལས་ཉུང་རྒྱུ་མེད།

ཞོགས་པའི་ཆུ་ཚོད་༨ནས་༡༡བར་དང་། ཕྱི་དྲོའི་ཆུ་ཚོད་༡ནས་༤བར་སྦག་བཙོག་དངོས་པོའི་གར་ཚད་ཅུང་ཉུང་བས། དེའི་རིང་ནི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱེད་པའི་དུས་ཚོད་ཡག་ཤོས་ཡིན།

སྔ་ཙམ་ལངས་ནས་སྒེའུ་ཁུང་ཕྱེ་དགོས།

ཞོགས་པ་མལ་ལས་ལངས་སྐབས་ཁང་པའི་ནང་དབྱང་གཉིས་སོལ་འགྱུར་མང་པོ་འདུས་ནས་གསོ་རླུང་ཉུང་ཉུང་བས། དེའི་སྐབས་སྒེའུ་ཕྱེ་ནས་གསོ་རླུང་སོས་པ་ཁང་པའི་ནང་རྒྱུག་པར་བྱ་དགོས།

ཁ་ལག་བཟོ་སྐབས་རླུང་རྒྱུག་པར་བྱ་དགོས།

ཁ་ལག་བཟོ་སྐབས་དུད་རྔུབ་འཕྲུལ་ཆས་བེད་སྤྱོད་བྱ་དགོས་པར་མ་ཟད། ད་དུང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱ་དགོས། ཁ་ལག་ཟས་རྗེས་མུ་མཐུད་སྐར་མ་བཅུ་ཙམ་ཕྱེ་ནས། ཐབ་ཚང་ནང་གི་དུད་སྣུམ་གཙང་མ་འགྲོ་བར་བྱ་དགོས།

ཁང་པའི་ནང་གཙང་སྦྲ་བྱེད་སྐབས།

ཁང་པའི་ནང་གཙང་སྦྲ་བྱེད་སྐབས། ནད་འབུ་དང་། ཐལ་བ་མང་པོ་མཁའ་རླུང་ཁྲོད་ལྡང་ནས་སྡོད་ཀྱི་ཡོད་པས། དེའི་སྐབས། ཁ་རས་བརྒྱབ་རྗེས། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱ་དགོས།

གཉིད་མ་ཉལ་གོང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱ་དགོས།

དགོང་མོ་མ་ཉལ་གོང་སྒེའུ་ཁུང་སྐར་མ་༡༥ཙམ་ཕྱེ་ནས་རླུང་རྒྱུག་པར་བྱས་ན། གཉིད་སྐྱིད་པོ་ཞིག་ཁུག་ཡོང་།

条件允许情况下,每天早、中、晚均应开窗通风,每次通风时间不少于15分钟。 

早上8:00-11:00和下午1:00-4:00污染物浓度较低,是最佳通风时间段。

★早起通风

早晨起床时,室内积累了大量的二氧化碳,降低了氧含量,这时要打开窗户通风,让新鲜空气进入房间。

★做饭通风 

做饭炒菜时不仅要打开抽油烟机,还要开窗通风,让空气产生对流。用餐结束后,请继续开窗10分钟,将厨房里的油烟完全排放出去。

★打扫室内卫生时

打扫房间时,大量细菌、尘螨、皮屑会漂浮在室内空气中。此时应戴上口罩,开窗通风,以免吸入污染物。

★睡前通风

晚上睡觉前开窗通风15分钟,增加室内含氧量,有助于睡眠。

སྒེའུ་ཁུང་འདི་ལྟར་ཕྱེ་ན་ཕན་ནུས་དེ་བས་ཆེ།

ཉིན་ལྟར་སྒེའུ་ཁུང་ཐེངས་གཉིས་ནས་གསུམ་བར་ཕྱེ་དགོས་པ་དང་། ཐེངས་གཅིག་ལ་སྐར་མ་༢༠ནས་༣༠བར་ཕྱེ་དགོས།

རླུང་འཁོར་རྒྱུག་བྱུང་ན་ཧ་ཅང་ལེགས་ཏེ། དཔེར་ན། ཁྱིམ་གྱི་བར་ཐག་ཅུང་རིང་བའི་སྒེའུ་ཁུང་དང་སྒོ་ཕྱེ་ནས། འཁོར་སྐྱོད་མཁའ་རླུང་དེ་ཁང་པ་ཡོངས་ལ་བརྒྱུད་ཐུབ་པར་བྱ་དགོས།

གནམ་གཤིས་གྲང་མོའི་སྐབས་ལ་སྒེའུ་ཁུང་ཕྱེ་དུས་ཁང་པའི་ཕྱི་ནང་གི་དྲོད་ཚད་ཧེ་བག་ལ་དོ་སྣང་བྱས་ནས། ཆམ་པ་མི་རྒྱག་པར་བྱ་དགོས།

每天开窗通风2-3次,每次开窗通风的时间为20-30分钟

通风方式以形成对流为佳,比如说可以打开家中相距较远的窗户和门,让流动的空气穿过整个房间。

天冷开窗通风时,注意室内外温差,避免受凉引起感冒。

གནམ་གཤིས་འདི་འདྲ་ལ་སྒེའུ་ཁུང་ཕྱེ་མི་རུང་།

སྨུག་རྡུལ་གནམ་གཤིས།

སྨུག་རྡུལ་གནམ་གཤིས་དང་བྱེ་རྡུལ་དྲག་རླུང་ལྡང་སྐབས། མཁའ་རླུང་ཁྲོད་སྦག་བཙོག་དངོས་པོ་ཅུང་མང་བས་སྒེའུ་ཁུང་ཕྱེ་མི་རུང་།

ཆར་པ་འབབ་པའི་གནམ་གཤིས།

ཆར་པ་འབབཔའི་དུས་སུ་སྦག་བཙོག་དངོས་པོ་སེལ་མི་ཐུབ་པར། རློན་པར་གྱུར་ནས་ས་ངོས་ལ་འབབ་ཀྱི་ཡོད་པས། མཁའ་རླུང་ཁྲོད་ཀྱི་སྦག་བཙོག་ཇེ་མང་དུ་འགྲོ་ཡི་ཡོད། ཆར་ཐག་ཆད་ནས་གནམ་དྭངས་རྗེས། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཐུབ་པར་བྱ་དགོས།

རླུང་དམར་ལྡང་བའི་གནམ་གཤིས།

རླུང་དམར་ལྡང་སྐབས་ཐལ་རྡུལ་མང་པོ་སློང་གི་ཡོད་པར་མ་ཟད། མཁའ་རླུང་ཁྲོད་ཀྱི་སྦག་བཙོག་དངོས་པོ་ཁྱབ་འགྲོ་ཡི་ཡོད། རླུང་ཤུགས་རིམ་པ་ལྔ་ཡན་ཟིན་ན་འཕྲལ་དུ་སྒེའུ་ཁུང་བརྒྱག་དགོས། རླུང་ཤུགས་ཅུང་ཆུང་སྐབས། སྒེའུ་ཁུང་ཏོག་ཙམ་ཕྱེ་ནས་རླུང་རྒྱུག་ཐུབ་པར་བྱ་དགོས།

雾霾天

在雾霾和沙尘天气,室外大气污染较重时,应关闭门窗。

下雨天

下雨时,不利于污染物的稀释和扩散,大气中的污染物会形成湿沉降,加重空气污染。应等雨过天晴、空气清新,再开窗通风。

大风天

大风可造成扬尘,且易使空气中污染物扩散,风力5级以上时应关上窗户,等风力较小时,将窗户开一条缝即可。


ཁྱིམ་དུ་མཁའ་དབུགས་གཙང་བཟོ་འཕྲུལ་ཆས་ཉོས་ཡོད་ཀྱང་། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཐུབ་པར་བྱ་དགོས་སམ།

ཁྲོམ་རའི་ཐོག་གི་མཁའ་དབུགས་གཙང་བཟོ་འཕྲུལ་ཆས་མང་ཆེ་བས་འཚག་ཆས་ཀྱིས་ཐལ་རྡུལ་སེལ་པ་ལས། དུག་སེལ་ནུས་པ་མེད་སྟབས། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཐུབ་པར་བྱ་དགོས། སྨུག་རྡུལ་གནམ་གཤིས་སྐབས་སུ། མཁའ་རླུང་གཙང་བཟོ་འཕྲུལ་ཆས་བེད་སྤྱོད་བྱས་ན་ནུས་པ་ངེས་ཅན་ཐོན།

 ང་པའི་ནང་དྲོད་སྙོམ་འཕྲུལ་ཆས་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། དེས་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པའི་ཚབ་བྱེད་ཐུབ་བམ།

ཚབ་བྱེད་མི་ཐུབ། མཁའ་རླུང་ནི་དྲོད་སྙོམ་འཕྲུལ་ཆས་བརྒྱུད་དེ་ཁང་པའི་ནང་འཁོར་རྒྱུག་བྱེད་པ་ཙམ་མ་གཏོགས། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་དོ་སྣང་བྱ་དགོས་ལ། དྲོད་སྙོམ་འཕྲུལ་ཆས་ཀྱི་འཚག་ཆས་དྲ་བ་དུས་ཐོག་ཏུ་གཙང་མར་བཀྲུ་དགོས།    

●家里买了空气净化器,不用经常开窗吧?

市面上的空气净化器多采用过滤式除尘方式,并不具备消毒作用,因此开窗通风才是更好的选择。除非遇到雾霾天,空气质量达到重度或严重污染,此时不建议开窗,在室内打开空气净化器是有一定帮助的。

家里使用空调,可以代替开窗通风吗?

家里使用空调时,无法代替开窗通风。如果家中使用的是分体式空调,空气通过空调器后在室内自行循环,要注意开窗通风,及时清洗回风口的过滤网。

推荐阅读

藏易通健康码常见问题解答


@西藏网友,表达诉求、反映问题……渠道来了!


科学常识篇16 རིམས་ནད་ཁྲོད་ཀྱི་རྒྱུན་མཐོང་སེམས་ཁམས་གནད་དོན།


更多精彩 

请关注“天上阿里+”视频号↓↓↓


编 校:何聪
责 编:久太加
终 审:蔺新平

文章有问题?点此查看未经处理的缓存