ཁྲིད་བྱ། དབུ་མ་རྒྱན་འགྲེལ་གཞུང་དོན། མཁན་མུ་ར་ཀུན་བཟང་། 11-16
ཁྲིད་བྱ། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
མཛད་པ་པོ། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
དཔེ་ཁྲིད་གནང་མཁན། མཁན་པོ་མུ་ར་ཀུན་བཟང་།
དཔེ་ཁྲིད་བྱ་ཡུལ། ཀཿཐོག་བཅུ་ཕྲག་རིག་པའི་སློབ་གླིང་།
དཔེ་ཆ་བ་རྣམས་ཀྱི་ཡིད་ལ་ངེས་དགོས་པ་ཞིག་ནི་འདི་ལྟར་རོ། ། ཆིངས་ཆེན་པོ་གསུམ་ནི། ། དཀྱུས་ཀྱི་ས་བཅད་པ་སྟག་མོའི་མཆོངས་ལྟ་བུ། ། ཚིག་གི་འབྲུ་ནོན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། །སྐབས་ཀྱི་དོན་བསྡུ་བ་སེང་གེའི་འགྱིངས་ལྟ་བུའོ། །
དང་པོ།སྟག་མོས་མཆོངས་སྟངས་ཀྱི་སྒོ་ནས་བལྟ་ཚུལ་ནི་སྟག་མོ་ཡིས་གང་དང་གང་བར་ལ་མཆོངས་ཐུབ་མིན་དང་མཆོངས་དགོས་མིན་དང་པོ་ནས་ཚོད་འཛིན་ཐུབ་གི་རེད། དཔེ་དེ་བཞིན་ལས་དང་པོ་རིགས་ཀྱིས་དང་པོ་སྦྱང་བྱ་ཕྱོགས་རེ་བ་ཞིག་གཏན་ཁེལ་བྱེད་རྒྱུ་དང་དུས་ཚོད་ངེས་ཅན་ཞིག་བཀོད་སྒྲིག་བྱེད་རྒྱུ། དུས་ཚོད་དུས་ནང་དཔེ་ཆ་འདི་ལས་གཞན་ལ་མི་བལྟ་རྒྱུ། དཔེ་ཆ་དེ་མགོ་མཇུག་ཐོག་མཐའ་བར་གསུམ་དཔྱིས་ཕྱིན་པ་ཞིག་མ་རྫོགས་བར་གཞན་ལ་མི་བལྟ་བར་ཚོད་འཛིན་བྱེད་རྒྱུ་དེ་རེད།
གཉིས་པ། རུས་སྦལ་གྱི་ནུར་འགྲོས་ལྟ་བུའི་བལྟ་སྟངས་ནི་གཞུང་ལུགས་དེའི་ཚིག་དོན་ཇི་མ་ཇི་བཞིན་མཐར་ཆགས་ཤིག་བློར་ངེས་རྒྱུ་དེ་རེད།
གསུམ་པ། སེང་གེས་གཟིགས་སྟངས་ཀྱི་དཔེ་ཀློག་བྱེད་ཚུལ་ནི་སེང་གེས་རང་ཉིད་གང་ལ་མཆོངས་ན་མཆོངས་ཚར་རྗེས་ཕྱིར་བལྟས་ཤིག་བྱེད་ཀི་རེད། དཔེ་དེ་ལྟར་ང་ཚོས་དཔེ་ཆ་གང་བཀླགས་པ་བལྟས་ཟིན་རྗེས་དེ་ནས་གཡུགས་མི་འཇོག་པར་ཡང་དང་ཡང་དུ་ཕྱིར་བལྟ་བྱེད་རྒྱུ་དང་བསྐྱར་ཀློག་གནང་རྒྱུ་དཔེ་ཡག་པོ་རེད་འདུག།