查看原文
其他

疫情防控 青春有责 ——致全区广大团员青年的一封信(附藏文版倡议书)



疫情防控 青春有责

——致全区广大团员青年的一封信



全区广大团员青年:


当前,新型冠状病毒感染的肺炎疫情防控战已经打响,我区正式启动重大突发公共卫生事件二级响应,全区各地正在全力以赴做好防控救治工作,区党委、政府已经全面安排动员。“疫情就是命令,防控就是责任”。防控疫情,是一场全民战争,任何人都不可能置身事外。新时代青年要担当起时代责任,要勇挑重担、勇克难关、勇斗风险,在此,我们向全区广大团员青年发出倡议:

一、保持好定力。面对疫情,不造谣、不信谣、不传谣,更没有必要恐慌。恐慌是疫情的催化剂,理智才是抗击病毒的良方。要听党话、跟党走,增强“四个意识”、坚定“四个自信”、做到“两个维护”,切实把思想行动统一到习近平总书记关于新型冠状病毒感染的肺炎疫情防控工作的重要指示精神和党中央、区党委各项决策部署上来,为身边亲友做出良好示范,始终坚定打赢抗击疫情防控战的信心和决心,用自己的实际行动为控制疫情做出实实在在贡献。

二、保护好自己。自觉做到多运动少熬夜,少出门不聚会,勤洗手多通风,戴口罩讲卫生,打喷嚏捂口鼻,喷嚏后慎揉眼,有症状早就医。如出现发热、干咳、不明原因的浑身乏力等疑似症状,请第一时间到指定医院就医。

三、树立好榜样。带头宣传防控疫情有关要求和注意事项,带头不去旅游景区、酒店、网吧、电影院等人群密集公共场所,带头劝导亲朋好友减少外出,多使用电话、短信、微信拜年,取消聚会聚餐,带头营造全民抗击新型冠状病毒感染肺炎疫情的积极氛围。

四、遵守纪律、服从好安排。带头遵守区党委、政府关于疫情防控的各项规定,主动服从辖区工作人员管理,该登记登记,该检测检测,特别是从疫情严重地区返乡的团员青年要主动报备并进行自我隔离,必要时到定点医疗机构进行隔离治疗。

“只要坚定信心、同舟共济、科学防治、精准施策,我们就一定能打赢疫情防控阻击战”,党中央已经吹响了疫情防控的集结号。团员青年们,让我们立即行动,投身疫情防控,从我做起,从现在做起,齐心协力为打赢这场疫情防控战贡献青春力量! 

 

让我们对奋战在防疫一线的医护人员致以崇高的敬意!

祝全区广大团员青年及家人新春快乐,幸福安康!




 共青团西藏自治区委员会

2020年1月28日



རིམས་ནད་འགོག་སེལ།  ལང་ཚོའི་འོས་འགན།

    ——ལྗོངས་ཡོངས་ཀྱི་སྡེ་ཚོགས་གཞོན་ནུར་སྤྲིངས་པའི་ཡི་གེ།


ལྗོངས་ཡོངས་ཀྱི་སྡེ་ཚོགས་གཞོན་ནུ་ཚོ།

     ཏོག་དབྱིབས་ནད་དུག་གློ་ཚད་ཀྱི་རིམས་ནད་འགོག་སེལ་བྱེད་པའི་དམག་འཐབ་ཀྱི་དུང་བརྡ་ད་ཆ་དངོས་སུ་བསྒྲགས་ཟིན། རང་ལྗོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་རིམ་པ་གཉིས་པ་ཡིན་པའི་ཁྱབ་བསྒྲགས་དངོས་སུ་གནང་ཡོད། ལྗོངས་ཡོངས་ཀྱི་ས་ཕྱོགས་གང་སར་ནུས་ཤུགས་ཡོད་རྒུས་རིམས་འགོག་འགག་སེལ་གྱི་ལས་དོན་གཉེར་བཞིན་ཡོད་ལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ཀྱི་སྐུལ་སློང་གནང་ཡོད། “རིམས་ནད་ནི་བཀའ་འབེབས་ཡིན། འགོག་སེལ་ནི་འགན་འཁྲི་ཡིན། “རིམས་ནད་འགོག་སེལ་ནི་དམངས་ཡོངས་ཀྱི་དམག་འཐབ་གཅིག་ཡིན་པས་མི་སུ་ཞིག་ཀྱང་གཡོལ་ཐབས་མེད།  དུས་རབས་གསར་པའི་གཞོན་ནུ་ཚོས་དུས་རབས་ཀྱི་འགན་འཁྲི་འཁུར་དགོས་ལ་དཔའ་སྟོབས་ཆེན་པོས་ཉེན་ཁར་མི་འཛེམས་པར་འགག་འགྲོལ་ལས་དོན་ལ་ཞུགས་དགོས། འདི་གར། ང་ཚོས་ལྗོངས་ཀྱི་སྡེ་ཚོགས་གཞོན་ནུ་ཚོར་གྲོས་འདོན་ཞུ་རྒྱུར། 

གཅིག  བློ་རྩ་བརྟན་པོ་དགོས།

     རིམས་ནད་འཕྲད་དུས་དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་མ་ཤོད་པ་བཅས་བྱེད་དགོས་ལ་དངངས་འཚབ་དེ་བས་ཀྱང་བྱེད་མི་ཉན། དོན་མེད་དངངས་འཚབ་བྱེད་པ་ནི་རིམས་ནད་ལ་སྐུལ་ལྕག་བྱེད་པ་དང་གཉིས་སུ་མ་མཆིས། བློ་རྩ་བརྟན་པོས་ནད་དུག་འགོག་སེལ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། “འདུ་ཤེས་བཞི་” ཟབ་ཏུ་གཏང་བ་དང་“གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་སེལ་ལས་དོན་ཐོག་གནང་བའི་གལ་ཆེའི་མཛུབ་སྟོན་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་ཆོད་བཀོད་སྒྲིག་དང་གཅིག་འགྱུར་ཡོང་བ་བྱས་ནས་ཉེ་འཁོར་གྱི་སྤུན་གྲོགས་ཚོར་མིག་དཔེ་བཟང་པོ་སྟོན་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་སེལ་གྱི་དམག་འཐབ་འདིའི་རྒྱལ་ཁ་ཐོབ་པའི་ཆོད་སེམས་བརྟན་པོ་བཅངས་ནས་རང་གི་བྱ་སྤྱོད་དངོས་ཀྱིས་རིམས་ནད་འགོག་སེལ་ལ་དོན་དམ་པའི་ལེགས་སྐྱེས་འབུལ་དགོས།

གཉིས། རང་སོ་སོར་སྲུང་སྐྱོབ་ཡག་པོ་བྱེད་དགོས།

       རང་འགུལ་ངང་ལུས་སྦྱོང་གང་མང་། མཚན་འཁྱོངས་ཉུང་ཙམ། ཕྱིར་ཐོན་ཉུང་ཙམ། འཛོམས་འཛོམས་ཉུང་ཙམ། ལག་འཁྲུ་ཧུར་ཐག རླུང་འགྲོ་གང་མང་། ཁ་རས་བརྒྱབ་ཏེ་འཕྲོད་བསྟེན་ལ་དོ་སྣང་། ཧབ་ཆི་རྒྱབ་སྐབས་ཁ་དང་སྣ་ཁུག་བཀབ་པ། ཧབ་ཆི་རྒྱབ་རྗེས་མིག་མ་འཕུར་བ། མི་བདེ་བ་ཡོད་ཚེ་སྨན་པ་བསྟེན་པ། གལ་སྲིད་ཚ་བ་རྒྱབ་པ་དང་སྐམ་གློ་རྒྱབ་པ། རྒྱུ་མཚན་མི་གསལ་བའི་ལུས་ཤུགས་ཉམས་པ་སོགས་དོགས་ཡོད་ནད་རྟགས་ཐོན་ཚེ་ཆེད་དམིགས་སྨན་ཁང་དུ་སྨན་པ་བསྟེན་པ་བཅས་བྱེད་དགོས།

གསུམ། མིག་དཔེ་བཟང་པོ་སྟོན་དགོས།

       རིམས་ནད་འགོག་སེལ་གྱི་རེ་བ་དང་དོ་སྣང་བྱེད་དགོས་པ་དག་དྲིལ་བསྒྲགས་བྱེད་རྒྱུར་སྣེ་འཁྲིད་བྱེད་དགོས། ཡུལ་སྐོར་བྱེད་ཡུལ་དང་ཨར་ཁང་། དྲ་ཁང་གློག་བརྙན་ཁང་སོགས་མི་འདུ་འཛོམས་ཆེ་སར་མི་འགྲོ་བ། སྤུན་གྲོགས་ཚོར་ཕྱིར་ཐོན་ཉུང་དུ་གཏོང་བ་དང་ཁ་པར་དང་འཕྲིན་ཐུང་། འཕྲིན་ཕྲན་སོགས་ཀྱིས་ལོ་གསར་མཚམས་འདྲི་ཞུས་ཏེ་འདུ་འཛོམས་ཉུང་དུ་གཏོང་བར་སྣེ་འཁྲིད་བྱས་ཏེ་དམངས་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་གློ་ཚད་ཀྱི་རིམས་ནད་འགོག་སེལ་བྱེད་པའི་ཧུར་བརྩོན་གྱི་རྣམ་པ་གཏོད་དགོས།

བཞི། བཀོད་སྒྲིག་ལ་སྲུང་བརྩི་ཞུ་བ།

      རང་ངོས་ནས་འགོ་འཁྲིད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རིམས་ནད་འགོག་སེལ་གྱི་གཏན་འབེབས་ཁག་ལ་སྲུང་བརྩི་དང་རང་འགུལ་ངང་རང་ཁོངས་ལས་དོན་མི་སྣའི་དོ་དམ་ལ་ཉན་ནས་ཐོ་འགོད་སར་འཁོད། ཞིབ་དཔྱད་ཚད་ལེན་བྱེད་སར་བྱེད་དགོས། ལྷག་པར་དུ་རིམས་ནད་ལྕི་བའི་ས་ཁུལ་ནས་ལོག་ཡོང་བའི་སྡེ་ཚོགས་གཞོན་ནུས་རང་འགུལ་ངང་སྙན་སེང་ཞུས་ཏེ་ལོགས་སུ་སྡོད་དགོས་པ་དང་དགོས་པ་ཡོད་དུས་ཆེད་དམིགས་སྨན་ཁང་དུ་ལོགས་སུ་སྨན་བཅོས་བྱེད་དགོས།

“ཡིད་ཆེས་བརྟན་པོ། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་བྱེད་ཐུབ་ན་ང་ཚོས་རིམས་ནད་འགོག་སེལ་གྱི་འགོག་རྒོལ་དམག་འཐབ་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་རེད།”ཏང་ཀྲུང་དབྱང་གིས་རིམས་ནད་འགོག་སེལ་གྱི་དམག་འཐབ་འདིའི་དུང་བརྡ་བསྒྲགས་ཟིན། སྡེ་ཚོགས་གཞོན་ནུ་ཚོ། ང་ཚོས་འཕྲལ་དུ་བྱ་སྤྱོད་སྤེལ་ཤོག ད་ལྟ་རང་། སོ་སོ་ནས་འགོ་ཚུགས་ཏེ་བློ་སེམས་གཅིག་མཐུན་གྱིས་རིམས་ནད་འགོག་སེལ་གྱི་འགོག་རྒོལ་དམག་འཐབ་འདིར་ལང་ཚོའི་ནུས་ཤུགས་ལེགས་སྐྱེས་འབུལ་ཤོག

     ང་ཚོས་རིམས་ནད་འགོག་སེལ་གྱི་འཐབ་ས་མདུན་མར་ཡོད་པའི་སྨན་དོན་མི་སྣར་ཚད་མཐོའི་གུས་འདུད་ཞུ། 

     ལྗོངས་ཡོངས་ཀྱི་སྡེ་ཚོགས་གཞོན་ནུ་རྣམས་དང་ནང་མི་ལྷན་རྒྱས་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ།


གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

༢༠༢༠ལོའི་ཟླ་༡ཚེས་༢ཉིན།



实习编辑:赵涵
编辑:蒋云飞


    您可能也对以下帖子感兴趣

    文章有问题?点此查看未经处理的缓存