查看原文
其他

སྒྱུ་རྩལ་དུས་ཆེན།诚邀八方宾客!我县艺术节于本月25日盛大开幕~

网信比如 2023-12-15





友情提示

点击上面“网信比如”可关注哟~






ལྷག་བསམ་རྣམ་དག་གིས་ཕྱོགས་བཞིའི་སྐུ་མགྲོན་བསུ།  ངེད་རྫོང་གི་སྒྱུ་རྩལ་དུས་ཆེན་ཟླ་འདིའི་ཚེས་25ཉིན་གཟབ་རྒྱས་ངང་འགོ་འཛུགས་རྒྱུ་ཡིན།

诚邀八方宾客!我县艺术节于本月25日盛大开幕~

དབྱར་རྩྭ་དགུན་འབུའི་ཕ་སས་རྒྱལ་མོ་རྔུལ་ཆུའི་ངོ་མཚར་མུ་མཐུད་གཏོད། འབྲི་རུར་མཉམ་འཛོམས་ཀྱིས་དུས་རབས་གསར་པའི་ཞི་མཐུན་ལེའུ་མཉམ་དུ་རྩོམ།  ད་ལོ་ནི་"ལོ་ལྔ་ཚན་བཅུ་གསུམ་པའི་"འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ། དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འབྲི་རུའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་གང་ལེགས་མངོན་པ་བྱ་རྒྱུ་དང་། བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་པ་བྱ་རྒྱུ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དཀའ་སྤྱད་བློ་གྲོས་མངོན་པ་བྱ་རྒྱུ། དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་སྒོ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགྱོད་མེད་ཀྱི་འགན་འཁྲི་མངོན་པ་བྱ་རྒྱུ་བཅས་ཀྱི་ཆེད་དུ་འབྲི་རུ་རྫོང་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་སྔར་རྒྱུན་བཞིན་སྤྱི་ཟླ་7པའི་ཚེས་25ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་དུས་ཡུན་ཉིན་དྲུག་ཡིན།  སྐབས་དེར། 2020ལོའི་འབྲི་རུ་རྫོང་གི་དབྱར་རྩྭ་དགུན་འབུ་དང་ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་ཚོང་འདུས་དང་ལྗོངས་ཕྱི་ནང་གི་མི་གྲངས་800ལྷག་ཟིན་པའི་གསའ་ཕུར་རྐང་ཐང་བསྐྱོད་པའི་འདུ་ཚོགས་ཆེན་མོའང་དུས་གཅིག་ཏུ་གཟབ་རྒྱས་ངང་འཚོག་རྒྱུ་རེད་འདུག དེས་མ་ཚད་མི་སྟོང་གི་སྟག་ཕུའི་ཨར་གཞས་དང་སྟེང་དཀར་རལ་པ་སོགས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་དང་རིགས་མི་འདྲ་བའི་དམངས་ཁྲོད་རིག་རྩལ་བྱེད་སྒོ་སྣ་ཚོགས་ཡོད། ད་དུང་ཡིད་དབང་འཕྲོག་ཤུགས་ཆེ་བའི་"འབྲོག་པའི་ཉམས་བཟང་། འབྲི་རུའི་གཟུགས་བརྙན་"གྱི་དཔྱད་འདེམས་དང་། རྟ་རྒྱུགས། རྡོ་འགྱོག་འགྲན་སྡུར་ཡོད་པ་མ་ཟད་འབྲི་རུའི་གདོད་མའི་གླུ་གར་འཁྲབ་སྟོན་སོགས་བྱེད་སྒོ་མང་དག་ཡོད།


虫草之乡续写怒江奇缘,相约比如共谱新时代和谐篇章。今年是“十三五”规划的收官之年,也是决战决胜脱贫攻坚、全面建成小康社会的关键之年,为充分展现比如独具魅力的传统民族文化,展现改革发展稳定的丰硕成果,展现广大农牧民群众的辛劳智慧,展现广大党员干部群众合力抗击疫情的无悔担当,积极营造欢乐祥和的节日氛围,比如县第十二届苏毗·娜秀文化旅游艺术节将于7月25日如约而至,为期6天。届时,2020年比如县冬虫夏草和特色产品展销会、区内外人数达800余人第二届萨普徒步大会也将同步盛大举行,不仅有千人大型达布阿谐、丁嘎热巴等国家级非物质文化遗产表演和各类民间文体活动,还将开展比如县独具魅力的“牧人风采·比如形象”大选和赛马、抱石头比赛以及各种比如本土原生态歌舞表演等活动。


山水娜秀美

虫草比如优

ནགས་ཤོད་ཡུལ་ལུང་མཛེས། འབུ་རྩྭའི་སྤུས་ཀ་ལེགས། དེ་ནི་ནག་ཆུ་གྲོང་ཁྱེར་གྱི་འབྲི་རུ་རྫོང་ལ་རྒྱུས་མངའ་བྱེད་པའི་མཚོན་བྱེད་ཡག་ཤོས་དེ་ཡིན། འབྲི་རུ་ཞེས་བོད་སྐད་དུ་"འབྲི་མོའི་ཚོ་པ་"འམ་"འབྲི་མོའི་རྭ་ཅོར་"གོ་ཞིང་མིང་གཞན་ལ་ནགས་ཤོད་ཡང་འབོད། འབྲི་རུ་འདི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད། གདང་ལ་དང་གཉན་ཆེན་ཐང་ལྷའི་བར་དུ་གནས་ཞིང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྒྱུན་འབབ་ཡུལ་གྱི་ཁོངས་སུ་གཏོགས་པ་དང་ནགས་ཤོད་དང་སྐྱིད་ཤོད་ས་ཁོངས་གཉིས་ལས་གྲུབ། འབྲི་རུའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་ལ་སུམ་པའི་རིག་གནས་ཀྱི་འབྱུང་གནས་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ། དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་འོང་སྐབས་བརྒྱུད་པའི་གནས་བཅས་ཡིན། འབྲི་རུ་ནི་དབྱར་རྩྭ་དགུན་འབུའི་ཐོན་ཁུང་གཙོ་གྲས་ཤིག་ཡིན་པས་"མཛེས་སྡུག་ལྡན་པའི་བྱང་ཐང་། དབྱར་རྩྭ་དགུན་འབུའི་ཕ་ས་"ཞེས་པའི་མཚན་སྙན་ཐོབ་ཡོད། རྫོང་ཡོངས་སུ་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཡོད་པས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ས་ཁོངས་ནང་ཁུལ་དུ་མཛེས་ལྗོངས་གྲགས་ཅན་20ལྷག་ཙམ་ཡོད།   དེ་བས་ཀྱང་ལྟ་སྨོན་དགོན་གྱི་མི་ཐོད་བརྩིགས་མའི་གྱང་ནི་བོད་ནང་ཁུལ་དུ་མིའི་ཀ་ལི་ཉར་ཚགས་བྱེད་པའི་དུར་ཁྲོད་གཅིག་པུ་དེ་ཡིན། བརླན་ཆུའི་བྲམ་ལག་ཤེལ་དཀར་མཆོད་རྟེན་མཛེས་ལྗོངས་ཁུལ། གཡང་ཤོད་ཀྱི་གསའ་ཕུའི་འཁྱགས་རོམ། པད་དཀར་གྱི་སྒྲོལ་མ་དཀར་སྔོན་གྱི་བླ་མཚོ། ཚྭ་ཆུ་ཤང་གི་མི་ཐོད་བརྩིགས་མའི་གྱང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ནི་ལྟ་བས་མི་ངོམས་ཤིང་དྲ་ཐོག་ཏུ་སྐད་དུ་སྒྲོག་པའི་མཛེས་ལྗོངས་ཁུལ་ཤ་སྟག་ཡིན། བྱང་རྩྭ་ཐང་དང་རྒྱལ་མོ་རྔུལ་ཆུའི་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ། གངས་རི། ཆུ་ཚན། ཆུས་དྲུས་བྲག་ཕུག  རྦབ་ཆུ། ལྷ་བྱ་གོང་མོ། དོམ་སོགས་ཧ་ཅང་མང་། 

“山水娜秀美、虫草比如优”是对那曲市比如县最好的概括。比如,藏语意为“母牦牛部落或母牦牛角”,又名娜秀,地处青藏高原东部,怒江上游,唐古拉山和念青唐古拉山之间,属怒江上游流域,由娜秀和杰秀两个区域组成。比如文化底蕴深厚,系苏毗文化的发祥地、唐蕃古道、茶马古道和十八军进藏所经之地。比如盛产冬虫夏草,享有“藏北江南、虫草之乡”的美誉。全县有着神奇的自然风光,独特的民族风情,旅游资源极其丰富,境内风景名胜20多处,特别是达姆寺骷髅墙是西藏唯一保存头骨的天葬台,良曲帕拉晶塔景区、羊秀萨普冰川、白嘎双色湖、茶曲乡骷髅墙景区都是叹为观止的网红景点。羌塘草原、怒江沿线风光带、雪山、温泉、溶洞、瀑布、雪鸡、熊……


ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་རུ་རྫོང་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་འབྲི་རུ་རྫོང་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་འདུ་ཚོགས་གྲ་རྒྱས་ཤོས་དེ་ཡིན། སྐབས་རིམ་བྱུང་གི་རིག་གནས་སྒྱུ་རྩལ་དུས་ཆེན་ལོ་རེ་ནས་ལོ་རེ་ལྟད་མོ་ཆེ་བ་དང་། ནང་དོན་ལོ་རེ་ནས་ལོ་རེ་ཕུན་སུམ་ཚོགས་པ་ཡོད། ད་ལོའི་སྒྱུ་རྩལ་དུས་ཆེན་དེ་སྔའི་སྒྱུ་རྩལ་དུས་ཆེན་གྱི་ངོ་མཚར་ཆེ་བའི་ལེ་ཚན་དང་བྱེད་སྒོ་སྔར་རྒྱུན་བཞིན་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཕུད། ཅི་ཉི་སི་འཛམ་གླིང་ཟིན་ཐོའི་རིགས་གཅིག་མཁས་ཅན་དང་བདེན་དཔང་ར་སྤྲོད་དཔོན་ལས་ཡུལ་དངོས་སུ་བདེན་དཔང་ར་སྤྲོད་བྱེད་པར་གདན་དྲངས་ནས། "འབུ་ཧྲག་རྒྱལ་པོ་"དང་། དམིགས་བསལ་གྱི་མི་ཐོད་བརྩིགས་མའི་གྱང་། སྦྲ་ནག་ཆེ་ཤོས་སོགས་འཛམ་གླིང་གི་ཟིན་ཐོ་མང་པོར་འགྲན་སློང་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་མཚོ་སྔོན་ཡུལ་ཤུལ་སྤུན་ཟླའི་རྫོང་གི་ཆེད་ལས་རིག་རྩལ་རུ་ཁག་གདན་དྲངས་ནས་ཆེད་དོན་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་དང་། མིག་སྔའི་རིམས་ནད་དང་ཟུང་འབྲེལ་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་གསར་སྣོན་བྱས་ཡོད་པ་རེད། ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་རིང་། འབྲི་རུ་རྫོང་གི་ཤང་གྲོང་རྡལ་ཁག་གི་མང་ཚོགས་ཁྲི་ལྷག་ཙམ་གྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟག་ཕུའི་ཨར་གཞས་དང་། སྟེང་དཀར་རལ་པ། སྲོལ་རྒྱུན་གྱི་ཞབས་བྲོ་སྟག་ཕུའི་གར་དང་དམངས་ཁྲོད་སྐོར་བྲོ་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད། དེ་ནི་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་ངེས། ལུས་རྩལ་རྩལ་འགྲན་ལེ་ཚན་གྱི་རྟ་རྒྱུག་འགྲན་བསྡུར་དང་། རྡོ་འགྱོག ཐག་འཐེན་སོགས་ཀྱིས་ཚང་མར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་རེད།གྲོགས་པོ་རྣམས་ལ་མིག་གི་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་དུས་མཚུངས་རྩམ་པ་དང་གཡག་ཤའི་བྲོ་བ་མྱོང་རྒྱུ་ཡོད་ལ། དྲི་ཞིམ་གྱི་ཇ་སྲུབ་མ་འཐུང་ཐུབ་རྒྱུ་ཡོད་པ་མ་ཚད་མི་སྟོང་གི་སྐོར་བྲོའི་ནང་དངོས་སུ་ཞུགས་རྒྱུ་ཡོད་པ་རེད།

据悉,比如县苏毗·娜秀文化旅游艺术节是比如县规格最高、规模最大的盛会。历届文化艺术节,演出一届比一届精彩,内容一届比一届丰富。今年艺术节,除了一如既往继承和发扬往届艺术节的精彩节目和活动外,邀请了吉尼斯世界纪录专家及认证官现场认证,挑战“虫草王”、独特骷髅墙、最大黑帐篷等多项世界纪录;同时还邀请了青海玉树兄弟县专业文艺队开展专场文艺演出;结合当前疫情,新增抗击疫情专场文艺演出。娜秀文化旅游艺术节期间,比如县各乡镇群众上万人身着节日盛装载歌载舞,表演国家级非遗达布阿谐、丁嘎热巴和传统舞蹈达布卡尔、民间锅庄等,这必将是一场文化艺术的盛宴;体育竞技节目赛马、搬石头、拔河等将为大家展示独有的民族风情。届时,不仅仅让小伙伴大饱眼福,还能品味原生态糌粑、牦牛肉,喝到醇香酥油茶,最重要的是还能亲身参与千人锅庄舞。


དབྱར་རྩྭ་དགུན་འབུའི་ཕ་སས་རྒྱལ་མོ་རྔུལ་ཆུའི་ངོ་མཚར་མུ་མཐུད་གཏོད། འབྲི་རུར་འཛོམས་ནས་དུས་རབས་གསར་པའི་ཞི་མཐུན་གྱི་བྲོ་གར་འཁྲབ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པས་ཉམས་ཀྱིས་ཕྱུག  ཡུལ་དེའི་ཡིད་དབང་འཕྲོག་ཤུགས་དེ་ནི་རང་བྱུང་ཁམས་ཀྱི་མི་སེམས་འགུལ་པའི་སྙན་ངག་ཅིག་དང་། འཛམ་གླིང་ཡང་རྩེའི་དྭངས་གསལ་གྱི་མེ་ལོང་ཞིག སེམས་ཀྱི་འགྱུར་བ་མེད་པའི་དད་པ་ཞིག ནམ་མཁའ་གཡའ་དག་པའི་འོད་ཟེར་ཞིག་རེད། ད་ལྟའི་རྫོང་ཨུད་དང་རྫོང་སྲིད་གཞུང་འགོ་ཁྲིད་དཔུང་ཁག་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བྱ་གཞག་གསར་གཏོད་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས། སྤྱི་ཚོགས་ཀྱི་བྱ་གཞག་ཁག་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྣམ་པས་ཕྱུག་བཞིན་ཡོད། མིག་སྔར། འབྲི་རུའི་སྤྱི་ཚོགས་འཆམ་མཐུན་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། འགྲིམ་འགྲུལ་དར་རྒྱས་ཆེ་བ་མ་ཟད་སྒོ་དབྱེའི་ཡར་བརྩོན་གྱི་འབྲི་རུས། བོད་ཀྱི་ཁྱད་ཆོས་དང་ནང་སའི་ཁྱད་ལྡན་གྱི་ཉམས་འགྱུར་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་བཞིན་མཆིས།    




如果你也正好在

虫草之乡续写怒江奇缘,相约比如共舞和谐新篇。人类与自然和谐共生,历经沧桑。这片土地的色彩,散发着潇洒与俊逸。比如的诱惑,是大自然动人的诗章,是世界屋脊的满目清澈,是心中坚贞的信仰,是苍穹土地升腾的光芒!在现任县委、政府领导班子的坚强领导下,全县各族人民干事创业、敢于担当,社会各项事业协同跨步发展,人民群众安居乐业。当前,比如社会和谐、基础设施齐全、交通发达,开放奋进的比如,正以兼济西藏特色、内地特点的独特风姿迎接四方!


供稿:网信办

H5邀请函制作:网信办  吴小聪

翻译:网信办  旦增多吉


点击这里“阅读原文”,查看H5邀请函




主编:吴小聪

编辑:肖晓燕

校对:米玛次仁  旦增多吉  桑珍

大家都在看


1、那曲首个医疗教育培训基地在比如落成 宁波援藏助力雪域高原“云端医疗”

2、悠悠行旅中,君当千里赴比如

3、聚焦 | 沿着文成公主的足迹,享受梦回吐蕃的温泉SPA之旅

4、翰墨飘香高原 丹青溢彩雪域——比如首个绍兴文化长廊建成

5、ཀ་རིམ་གཉིས་པ་གཏོད་ཐུབ་འདུག 比如县人民医院医疗集团荣升“二甲”,本次全区仅评审确定4家!

6、བོད་རྒྱ་སྐད་གཉིས། 藏汉双语 | 幸福百县:与时间赛跑的比如教育


比如县互联网违法与不良信息举报中心

举报电话:0896—3622698

比如县扫黑除恶举报电话

0896—3923535 

比如县公安局扫黑办

0896—3622044

比如县扫黑办:0896—3622692


娜秀比如 岂止于美



长按识别二维码关注我们

投稿邮箱号:

28773994@qq.com



球分享

球点赞

球在看

继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存