杂多县关于主城区在全员核酸检测期间实行交通管制的通告
为全面加强疫情防控工作,减少车辆人员流动带来的疫情防控风险,确保全员核算检测顺利进行,根据杂多县疫情防控处置工作指挥部(2022年第9号)通告要求,决定于2022年8月16日—17日在全县区域内实行交通管制措施。现将有关事宜通告如下:
一、交通管制时间
2022年8月16日早上6时—17日晚18:00时,交通管制,解除时间以疫情防控处置工作指挥部通告为准。
二、交通管制区域
交通管制期间,对县城所有道路(含县城进出口)。
三、交通管制车辆
交通管制期间,城区所有车辆禁止通行且禁止驶出、驶入我县。
机动车(包括各类重型、大型、中型、小型汽车;轮式机械车;全挂车;半挂车;专项作业车;摩托车)、非机动车(包括自行车;电动自行车;脚踏车、残疾人代步车)。
行人除核酸检测、急诊就医等特殊需求外,非必要一律不出门、不聚集、不进入公共场所(公共区域),并禁止通过步行等方式进出城。
四、核准通行的情形
交通管制期间除执勤执法、医疗救护、消防救援、通讯保障、物资保障及县疫情处置指挥部核发的通行证的车辆以外,对所有车辆实行交通限制通行,严禁所有车辆上路行驶。
五、交通管制要求
(一)私家车、出租车、各类旅游车(包括自驾游、拼车包车游)一律禁止出行。
(二)遇有急症就医、伤愈回家、吊唁出殡、照顾老幼病残孕等特殊需求时,可拨打公安110报警平台及公安122报警平台进行求助。
(三)对不服从管制的,将根据《中华人民共和国道路交通安全法》等法律法规进行处罚,涉嫌犯罪的,将依法追究刑事责任。
交通管制期间,敬请广大群众自觉遵守规定、服从指挥,支持并配合交通管制相关工作要求,保障全员核酸检测顺利进行。
杂多县公安局交通警察大队
2022年8月15日
རྫ་སྟོད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་གྲོང་ཁུལ་གཙོ་བོའི་ཁོངས་སུ་ཉིང་སྐྱུར་རྟག་དཔྱད་བྱེད་རིང་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་ལས་བྱུང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་ཉུང་དུ་བཏང་སྟེ་མི་སྣ་ཡོངས་ལ་ཞིབ་རྩིས་ཞིབ་དཔྱད་ཚད་ལེན་བདེ་བླག་ངང་བྱ་རྒྱུའི་འགན་ལེན་བྱ་ཆེད། རྫ་སྟོད་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི(2022ལོའི་ཨང་9པ)སྤྱི་བསྒྲགས་བླང་བྱ་གཞིར་བཟུང་2022ལོའི་ཟླ་8ཚེས་16ཉིན་ནས་ཚེས་17ཉིན་བར་རྫོང་ཡོངས་ཀྱི་ས་ཁོངས་ནང་འགྲིམ་འགྲུལ་བཀག་སྡོམ་བྱ་ཐབས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
དང་པོ། འགྲིམ་འགྲུལ་དོ་དམ་བྱེད་པའི་དུས་ཚོད།
2022ལོའི་ཟླ་8ཚེས་16ཉིན་ནས་ཚེས་17ཉིན་བར།(ཆུ་ཚོད་6པ་ནས་18པའི་བར།)
གཉིས་པ། འགྲིམ་འགྲུལ་དོ་དམ་ས་ཁོངས།
འགྲིམ་འགྲུལ་དོ་དམ་གྱི་སྐབས་སུ། རྫོང་མཁར་གྱི་འགྲོ་ལམ(རྫོང་མཁར་གྱི་ཕྱིར་གཏོང་ནང་འདྲེན)ཡོད་ཚད་ལ་དོ་དམ།
གསུམ་པ། འགྲིམ་འགྲུལ་དོ་དམ་བྱས་པའི་རླངས་འཁོར།
འགྲིམ་འགྲུལ་དོ་དམ་གྱི་སྐབས་སུ། གྲོང་མཁར་ནང་གི་རླངས་འཁོར་ཡོད་ཚད་འགྲོ་མི་ཆོག་པ་མ་ཟད། རྫོང་ཕྱི་རུ་བསྐྱོད་མི་ཆོག་པ་དང་། རང་རེའི་རྫོང་དུ་ཡར་ཡོང་མི་ཆོག
འཕྲུལ་སྒུལ་འཁོར་ལོ།(ལྗིད་རིགས་དང་། ཆེ་གྲས། འབྲིང་གྲས། ཆུང་གྲས། འཁོར་དབྱིབས་འཕྲུལ་ཆས་འཁོར་ལོ། འགེལ་འཁོར། ཕྱེད་འགེལ་འཁོར། ཆེད་སྤྱོད་ལས་སྒྲུབ་འཁོར་ལོ། སྦག་སྦག་འཁོར་ལོ།)རྐང་འཁོར་གྱི་རིགས།(ལྕགས་རྟ་དང་། གློག་སྒུལ་ལྕགས་རྟ། རྐང་འཁོར། དབང་པོ་སྐྱོན་ཅན་གྱི་རྐང་ཐང་འཁོར་ལོ།)
རྐང་ཐང་བ་ནི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་དོས་དྲག་སྨན་པ་བསྟེན་པ་སོགས་དམིགས་བསལ་གྱི་དགོས་མཁོ་ཡོད་པ་ཕུད། ངེས་པར་དུ་ཕྱི་རོལ་དུ་མི་འགྲོ་བ་དང་། མཉམ་རུག་མི་བྱེད་པ། མི་མང་འདུ་འཛོམ་བྱེད་ས་(སྤྱི་པའི་ས་ཁོངས)རུ་འགྲོ་མི་རུང་བ་མ་ཟད། རྐང་ཐང་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་མཁར་ནས་འགྲོ་འོང་བྱེད་མི་ཆོག
བཞི་བ། ཤར་སྐྱོད་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་པའི་གནས་ཚུལ།
འགྲིམ་འགྲུལ་དོ་དམ་བྱེད་རིང་ལས་སྒྲུབ་ཁྲིམས་འཛིན་དང་། སྨན་བཅོས་སྲོག་སྐྱོབ། མེ་ཟོན་རོགས་སྐྱོབ། འཕྲིན་གཏོང་འགན་ལེན། དངོས་ཟོག་འགན་ལེན་བཅས་དང་དེ་བཞིན་རྫོང་རིམས་ནད་ཐག་གཅོད་བཀོད་འདོམས་པུའུ་ཡིས་ཞིབ་བཤེར་བྱས་ནས་སྤྲད་པའི་འགྲོ་སྐྱོད་ལག་ཁྱེར་ཡོད་པའི་རླངས་འཁོར་ཕུད་དེ་མིན་གྱི་རླངས་འཁོར་ཚང་མར་འགྲིམ་འགྲུལ་ཚོད་འཛིན་བྱས་ནས་འགྲོ་སྐྱོད་བྱེད་པ་ལས་རླངས་འཁོར་ཚང་མ་འགྲོ་སྐྱོད་བྱེད་མི་ཆོག
ལྔ་བ། འགྲིམ་འགྲུལ་དོ་དམ་གྱི་བླང་བྱ།
གཅིག སྒེར་གྱི་རླངས་འཁོར་དང་། བོགས་གཏོང་རླངས་འཁོར། ཡུལ་སྐོར་རླངས་འཁོར་སྣ་ཚོགས(སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་སྐྱོད་པ་དང་རླངས་འཁོར་གླས་ནས་ཡུལ་སྐོར་ལ་སྐྱོད་པ་ཚུད)བཅས་ཚང་མར་འགྲོ་སྐྱོད་བྱེད་མི་ཆོག
གཉིས། དོས་དྲག་ནད་པ་སྨན་བཅོས་བྱེད་པ་དང་། རྨས་སྐྱོན་ཕོག་ནས་ཁྱིམ་དུ་ལོག་པ། མྱ་ངན་སྐབས་མཆོད་འབུལ་བྱེད་པ། རྒན་རྒོན་དང་བྱིས་པ། དབང་པོ་སྐྱོན་ཅན་བཅས་ལ་ལྟ་རྟོག་བྱེད་པ་སོགས་དམིགས་བསལ་གྱི་དགོས་མཁོ་འཕྲད་སྐབས་སྤྱི་བདེའི་110ཡི་ཉེན་བརྡ་སྐྱེལ་སའི་སྟེགས་བུ་དང་སྤྱི་བདེའི་122ཀྱི་ཉེན་བརྡ་སྐྱེལ་སའི་སྟེགས་བུ་ནས་རོགས་སྐྱོར་ཞུ་དགོས།
གསུམ། དོ་དམ་དང་ལེན་མི་བྱེད་པའི་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ནས་ཆད་པ་གཅོད་ངེས་པ་དང་། བྱས་ཉེས་བསགས་པའི་དོགས་པ་ཡོད་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
འགྲིམ་འགྲུལ་དོ་དམ་བྱེད་རིང་རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་ངང་གཏན་འབེབས་ལ་བརྩི་སྲུང་དང་། བཀོད་འདོམས་ལ་བརྩི་འཇོག འགྲིམ་འགྲུལ་བཀག་སྡོམ་གྱི་འབྲེལ་ཡོད་ལས་ཀའི་བླང་བྱ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་བྱས་ཏེ་མི་སྣ་ཡོངས་ཀྱི་ཉིང་སྐྱུར་རྟག་དཔྱད་ཚད་ལེན་བདེ་བླག་ངང་འགྲུབ་པར་འགན་ལེན་བྱེད་དགོས།
རྫ་སྟོད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་
2022ལོའི་ཟླ་8ཚེས་15ཉིན།
编 辑丨普布成林
往期回顾