查看原文
其他

འདས་ལོ18པ། གྲུབ་མཐའ་ལྔའི་སྲོལ་འབྱེད་རྣམས་ཀྱི་མར་བཟོའི་སྐུ་བརྙན།

关注 阳光之卫 2022-01-22

ཆོས་རྗེ་བླ་མས་གནང་བའི་བཀའ་སློབ་རྩ་ཆེན་ཁག་ཅིག

བོད་ཀྱི་བསྟན་པ་འཛིན་པའི་བླ་སྤྲུལ་རྣམས་ལ་གསུངས་བ།གྲུབ་མཐའི་ཆགས་སྡང་གིས་ཆོས་སྤོང་ལ་གཟབ་དགོས་སྐོར་གྱི་ལམ་སྟོན་གལ་ཆེན།ཆོས་བརྒྱུད་སོ་སོའི་སྐྱེས་བུ་རྣམས་ཐུགས་མཐུན་བྱེད་རྒྱུ་གལ་ཆེན་ཡིན།
ཁ་བཤད་ལས་བརྒལ་ཏེ་དོན་གྱི་རིས་མེད་གནང་དགོས།

ཟངས་གསེར་ལས་གྲུབ་པའི་ཁྲི་ཤོང་ཀུན་དགའ་ར་བའི་ནང་བཞུགས་པའི་ཆོས་རྗེ་མཆོག་གི་ཞལ་ཆེམས། 


རིས་མེད་འགྲོ་བའི་སྐྱབས་གཅིག་བསྟན་པ་ཡང་དར་གྱི་བྱེད་པོ་དམ་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་ཞུས་ན་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་གང་ཉིད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ་ལོ་འཁོར་བཅོ་བརྒྱད་ལོན་པའི་རྗེས་དྲན་འདས་མཆོད་ཆེན་མོའི་སྐབས་མར་ལས་བཟོས་པའི་བོད་གངས་ཅན་གྱི་གྲུབ་མཐའ་ཆེན་པོ་ལྔའི་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་སྐུ་བརྙན།

འདས་མཆོད་ཐེངས་བཅོ་བརྒྱད་པའི་དཀྱིལ་འཁོར་དང་མཆོད་རྫས་བརྙན་ལམ་ནས་མཇལ་ཆོག།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས། གཙོ་ལྷ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས། ཀུན་མཁྱེན་མི་ཕམ་རྒྱ་མཚོ། 

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས། 

རྗེ་དོལ་པོ་བ་ཤེས་རབ་རྒྱལ་མཚན། གཙོ་ལྷ་མཁའ་འགྲོ་རིག་བྱེད་དབང་མོ། སྒྲ་བསྒྱུར་མར་བ་ལོ་ཙྭ། 

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་ཇོ་ནང་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན།

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་སྒྲ་བསྒྱུར་མར་བ་ལོ་ཙྭ།

རྗེ་ཙོང་ཁ་པ་ཆེན་པོ། གཙོ་ལྷ་རྗེ་བཙུན་འཇམ་དཔལ་དབྱངས། འཇམ་མགོན་ས་སྐྱ་པཎྜི་ཏ།

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ།

གླིང་གེ་སར་རྒྱལ་བོ། གཙོ་ལྷ་ཆོས་སྐྱོང་ཨེ་ཀ་ཛ་ཏི། འདན་སྲས་གཡུ་འོད་འབུམ་མེ།

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་གླིང་གེ་སར་རྒྱལ་བོ། 

འདས་མཆོད་ཐེངས་བཅོ་བརྒྱད་པར་འབྲུ་མར་ལས་ཆེད་དུ་བཟོས་པའི་འདན་སྲས་གཡུ་འོད་འབུམ་མེ། 








སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་རྒྱས་སྨོན་ལམ།


༄༅། །གྲངས་མེད་བསྐལ་པ་མང་པོའི་གོང་རོལ་ནས། །སྙིང་རྗེའི་ཐུགས་བསྐྱེད་དྲག་པོ་ཁུར་བཞེས་ཏེ། །རྩོད་ལྡན་མུན་པའི་ཞིང་འདི་ཡོངས་བཟུང་བ། །སྟོན་མཆོག་ཐུབ་པའི་དབང་པོ་དགོངས་སུ་གསོལ། ། 
གང་གི་ཐེག་མཆོག་སྙིང་པོའི་རིང་ལུགས་ནི།།བསིལ་ལྡན་ཁ་བའི་ལྗོངས་འདིར་དར་བ་ལ།།སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་ཡོངས་གྲགས་པའི། །བསྟན་དང་བསྟན་འཛིན་ཕྱོགས་མཐར་རྒྱས་གྱུར་ཅིག །
རྒྱལ་བསྟན་སྤྱི་དང་ནང་རྒྱུད་ཡོ་ག་གསུམ།ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་སྲོལ། །འཛིན་སྐྱོང་སྤེལ་བའི་ལམ་བཟང་ཟླ་མེད་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
དྲི་མེད་བསླབ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་། །ཐུབ་དབང་སྤྱན་གཟིགས་སྒྲོལ་མ་མི་གཡོ་བ། །མི་ཕྱེད་གཏན་གྱི་སྐྱ་བས་སུ་ཉེར་བསྟེན་པའི། ཇོ་བོ་བཀའ་གདམས་བསྟན་པ་རྒྱས་གྱུར་ཅིག 
ཁྱད་པར་ཨ་ཏི་ཤ་ཡི་རིང་ལུགས་མཆོག །བཤད་སྒྲུབ་དྲི་མ་མེད་པས་འཛིན་མཁས་ཤིང་། །འདུལ་འཛིན་གཙང་མས་ནོར་འཛིན་འགེངས་ནུས་པའི། །རི་བོ་དགེ་ལྡན་བསྟན་པ་རྒྱས་གྱུར་ཅིག ། 
འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་རྗེའི་གར། །གོང་མ་རྣམ་ལྔའི་ཐུགས་དགོངས་སྙིང་པོའི་མཐིལ། །ཀྱཻ་རྡོར་ལམ་འབྲས་ཉམས་ལེན་གཙོར་བྱེད་པའི། །དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་གྱུར་ཅིག །
གྲུབ་ཆེན་ན་རོ་པ་དང་མེ་ཏྲི་བའི། །བརྒྱུད་པའི་བཀའ་སྲོལ་ཐབས་ལམ་ཆོས་དྲུག་དང་། །གྲོལ་ལམ་ཕྱག་རྒྱ་ཆེན་པོ་ཉམས་བཞེས་པའི། །འགྲོ་མགོན་བཀའ་བརྒྱུད་བསྟན་པ་རྒྱས་གྱུར་ཅིག ། 
གཞན་ཡང་ཞི་བྱེད་ཤངས་པ་ཇོ་ནང་དང་། །བསྙེན་སྒྲུབ་ལ་སོགས་རིས་སུ་མ་ཆད་པའི། ། རྣམ་དག་རྒྱལ་བའི་བསྟན་པ་ཇི་སྙེད་ཀུན། །སྲིད་པའི་མཐར་ཡང་ཡོངས་སུ་རྒྱས་གྱུར་ཅིག །
མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང་། །ཆོས་ཉིད་རྣམ་དག་ཆོས་ཅན་རྟེན་འབྲེལ་མཐུས། །བདག་གི་ཡིད་ལ་སྨོན་པའི་རེ་འབྲས་ཀུན། །མ་ལུས་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། །


ཞེས་དམ་པའི་སྐྱེས་ཆེན་སྡེ་དགེ་བཀྲ་ཤིས་རྡོ་རྗེས་བསྐུལ་བ་ལ་རྐྱེན་བྱས་ཏེ་ངག་དབང་བློ་གྲོས་མཚུངས་མེད་པས་སྨྲས་པའོ།། །།

您可能也对以下帖子感兴趣

文章有问题?点此查看未经处理的缓存