查看原文
其他

ས་ག་ཟླ་བ། ང་ཚོས་མཉམ་དུ་འཚེ་མེད་ཞི་བའི་ལྟ་སྤྱོད་ལག་བསྟར་བྱ།

关注 阳光之卫 2022-05-31

     ས་ག་ཟླ་བའི་དུས་ཚིགས་འདི་ནི་རྒྱུན་ལྡན་གྱི་ཟླ་ཚེས་དག་དང་མི་འདྲ་བར། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་གི་མཛད་ཆེན་བཅུ་གཉིས་ཀྱི་ནང་ནས་སྐུ་བལྟམས་པའི་མཛད་པ་དང་། སངས་རྒྱས་པའི་མཛད་པ།  སྐུ་མྱ་ངན་ལས་འདས་པའི་མཛད་པ་སོགས་མཛད་ཆེན་གསུམ་འཛོམས་ཀྱི་ཟླ་ཚེས་ཤིག་ཡིན་པས་ནང་པ་བ་དག་ལ་མཚོན་ན་ཆེས་བླ་ན་མེད་པའི་དུས་ཆེན་ཁྱད་འཕགས་ཤིག་ཡིན། 

  བོད་ཟླ་བཞི་བ་འདིའི་རིང་ལ་སྐྱེ་བོ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་དགེ་བ་གང་ཞིག་བསྒྲུབས་ནའང་འགྱུར་ཁྱད་ཆེ་བར་གསུངས་ལ། བྱམས་བརྩེ་ལག་བསྟར་དུ་བྱས་ཏེ་དཀར་ཟས་བསྟེན་པ། སྲོག་བླུ་བྱེད་པ། བཀའ་ཆོས་ལ་ལྟ་ཀློག་བྱེད་པ། སྟོན་པའི་རྣམ་ཐར་ལ་མཇལ་བ་སོགས་དགེ་བའི་ལས་ན་འབད་ན་སྟོན་པ་མཆོག་ལ་རྗེས་དྲན་དང་རང་གི་ཚོགས་བསགས་ཀྱང་དེ་ལས་ལྷག་པ་མི་དགོས། བོད་པ་དག་གིས་རྒྱུན་པར་ཟླ་འདི་དང་ཆོ་འཕྲུལ་ཟླ་བ་གཉིས་ནི་ཐུན་མིན་དགེ་སྦྱོར་གྱི་དུས་ཆེན་ཞིག་ཏུ་བརྩི་སྲོལ་ཡོད། 

   སྟོན་པ་ཐུགས་རྗེ་ཅན་གྱི་མཛད་ཆེན་ཁག་གི་དུས་ཚིགས་ལ་དམིགས་བསལ་གྱི་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་པ་ནི། དོན་གྱིས་སྟོན་པ་ཐུགས་རྗེ་ཅན་ལ་ལེགས་ཚོགས་ཀྱི་མཆོད་པ་ཕུལ་བ་ཡིན་ལ། ཉམས་ཐག་འགྲོ་བ་རྣམས་ལ་དམ་པ་ཆོས་ཀྱི་སྦྱིན་པ་བྱིན་པའང་ཡིན། སྟོན་པ་བཀའ་དྲིན་ཅན་གང་ཉིད་གྱི་རྗེས་དྲན་ཡང་དེས་ཆོག་པ་ཡིན་ནོ།། 


今天是2022年5月30日藏历三月三十日,明日起就是藏历四月也就是萨嘎月了,藏传佛教的传统节日,藏语称:萨噶达瓦节。南传佛教国家的信众又称:卫塞节,意为月圆日。对于佛教信众来讲,是一极不平凡而又神圣的日子。它与佛陀一生中三件重要的大事联系在一起,即:诞生、成道、涅盘,是个三期同庆的吉祥的日子。

 ས་ག་ཟླ་བ། འཚེ་མེད་ཀྱི་ལྟ་སྤྱོད་ཀློང་ནས། སྟོན་པ་ཡི་སྐུ་དྲིན་དྲན།

ས་ག་ཟླ་བའི་དུས་ཆེན་གྱི་གལ་ཆེན་རང་བཞིན་དང་འཚི་མེད་ཞི་བདེའི་ལྟ་སྤྱོད། གསུང་བཤད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

དཔལ་ས་སྐྱའི་མཐོ་སློབ་ཆེན་མོ་ནས་དཀར་ཟས་འབོད་སྐུལ་བྱས་པ་དང་འབྲེལ”ཁྲི་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ།

དཀར་ཟས་འབོད་སྐུལ་ལས་དཀར་ཟས་ཟ་དགོས་པའི་ཁྲིམས་ཤིག་སུས་ཀྱང་འཇོག་མྱོང་མེད།

རབ་བྱུང་དང་རྣམ་གསུམ་དག་པའི་ཤའི་སྐོར་གྱི་བཀའ་སློབ་གལ་ཆེན།

བྱམས་བརྩེ་དང་འགལ་བའི་ཁ་ཟས།

༄༅། །ཐུབ་པའི་བསྟོད་པ་གང་ཚེ་རྐང་གཉིས་མ། 


 གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། ། 

ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །  

ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། ། 

དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །  

དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །  

རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། ། 

ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །  

བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །  

གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །

ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །  

སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །  

སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །  

གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །  

མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །  

ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །  

སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །  

རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །  

ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །  

མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །  

མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །  

ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །  

ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །  

རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །  

ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །  

འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །  

མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །  

དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །  

བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག  ། 

ཅེས་པ་འདི་ནི་སློབ་དཔོན་དཔའ་བོས་མཛད་པའོ། །


སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་།།

བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ།།

པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།


མང་ཚོགས་རྣམས་ལ་དཀར་ཟས་སྐོར་གྱི་རེ་ཞུ་གསར་བ།










您可能也对以下帖子感兴趣

文章有问题?点此查看未经处理的缓存