查看原文
其他

2023 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། ཉིན་དོན་གཅིག་པ།

关注 阳光之卫 2024-01-31

བསླབ་པ་ཀུན་ལས་བཏུས་པ།

མཛད་པ་པོ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ། 

འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

གསུང་དུས། 2023.7_16

 དད་པའི་དགེ་མཚན་གླེང་བ།


གསུང་པ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།


    དད་པ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། དཔེར་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་སྨོས་ཅི་དགོས། དེར་མ་ཟད་འཇིག་རྟེན་གྱི་འཚོ་བའི་ནང་དུའང་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་ང་ཚོས་མཐོང་རྒྱུ་ཡོད་པ་ཞིག་ཡིན་ཞིང་། ཉེ་སྔོན་ལོ་གསུམ་ཙམ་གྱི་རིང་ལ་ནད་ངན་པ་ན་བའི་སྐབས་སུ་དད་པ་ཡོད་པའི་མི་དང་དད་པ་མེད་པའི་མི་གཉིས་ལ་ཧེ་བག་ཆེན་པོ་ཡོད་པ་ཚང་མས་ཤེས་གསལ་རེད།

     དད་པ་མེད་པའི་མི་རྣམས་ཀྱིས་བཟའ་འཛིང་གཏུག་པ་དང་། གཞན་དང་མ་འཕྲོད་པ་དང་། ཚོང་ལས་ཀྱི་མ་རྩ་བརྡིབས་པ་སོགས་ཀྱི་དཀའ་ཁག་དང་འཕྲད་འོང་དུས་ཧ་ཅང་སྡུག་རྩུབ་ཆེན་པོའི་བྱ་ལས་སྒྲུབ་ཡོང་བ་ཡིན་ལ། དཔེར་ན་གྲོང་ཁྱེར་ནང་དུ་རྡོ་ལེབ་ཁ་ཕྱེས་པའི་གྲོག་འབུ་ལྟ་བུའི་མི་མང་པོ་ཡོད་པའི་ནང་དུ་རླངས་འཁོར་བསྐོར་ཏེ་མི་མང་པོ་གསོད་པ་ཡིན་ཞིང་། ཉེ་ཆར་རྒྱ་ཡུལ་དུ་མི་གཅིག་བྱིས་སློབ་ཁང་གི་ནང་དུ་འཛུལ་ཏེ་དོན་མེད་ཀྱི་བྱིས་པ་མང་པོ་ཞིག་རང་དགར་བསད་པའི་གནས་ཚུལ་ཡོད་པ་རེད། དེ་དག་ནི་དད་པ་མེད་པའི་སྐྱོན་གྱིས་ཡིན་ལ། ང་ཚོ་བོད་རྣམས་ཀྱི་ནང་དུ་མི་མ་རུང་བ་སྡུག་རྩུབ་ཅན་ཡོད་པ་ཡིན་ཡང་དེ་དག་གིས་རང་ཉིད་མི་དགའ་སའི་དགྲ་བོ་སོགས་ལ་གནོད་པ་བྱེད་པ་ལས་རང་དགར་དོན་མེད་ཀྱི་མི་རྣམས་ལ་གནོད་པ་བྱེད་པའི་ལོ་རྒྱུས་གཏན་ནས་ཡོད་པ་མ་ཡིན་ཞིང་། དེ་ནི་དད་པ་ཡོད་པའི་དགེ་མཚན་གྱིས་རེད། དེ་བཞིན་དུ་བཟའ་འཐོར་རྒྱག་རྒྱུ་ཡིན་ན་ད་ལྟ་ཀྲུང་གོ་ཞིང་ཆེན་ཁག་གི་ནང་དུ་ཞིང་ཆེན་ལ་ལར་བཟའ་འཐོར་བྱེད་མཁན་བརྒྱ་ཆ་དྲུག་ཅུ་དང་བདུན་ཅུ་ལྷག་བརྒལ་ཟིན་པ་ཞིག་ཡོད་པ་ཡིན་ལ། ཞིང་ཆེན་ཁག་གིས་ནང་དུ་བཟའ་འཐོར་རྒྱག་མཁན་བརྒྱ་ཆ་སུམ་ཅུ་བཞི་བཅུ་ཙམ་ལས་མེད་པ་དེ་མཚོ་སྔོན་དང་བོད་ལྗོངས་ཞིང་ཆེན་འདི་དག་རེད་འདུག་ཅེས་ཟེར་གྱིན་ཡོད་པ་ཡིན་ཞིང་། དེ་དག་ཀྱང་ཤ་དང་རུས་པ་བོད་ཡིན་པའི་ཁྱད་པར་ཙམ་གྱིས་ཡིན་པར་བོད་ལ་དད་པ་དང་ཡང་དག་པའི་སློབ་གསོ་ཡོད་པའི་དགེ་མཚན་གྱིས་རེད། བཟའ་འཛིང་དང་བཟའ་འཐོར་བྱེད་པ་ལ་དད་པས་ཕན་ཐོགས་ཅི་ཞིག་ཡོད། ཁྱོད་གས་ཆུང་མ་ལ་དད་པ་འཇོག་དགོས་པ་ཡིན་ནམ ཁྱོ་གས་ཆུང་མ་ལ་དད་པ་འཇོག་དགོས་པ་ཡིན་ཞེ་ན། དེ་ལ་འབྲེལ་བཤད་ཧ་ཅང་ཆེན་པོ་རྒྱག་རྒྱུ་ཡོད་པ་རེད།

     དད་པ་འདི་ཡོད་ན་བཟའ་མཁོན་བྱེད་པའི་སྐབས་སུ་བསམ་བློ་གཏོང་སྟངས་དང་། རང་རང་གི་སེམས་ལ་སྡུག་བསྔལ་ཡོང་བའི་སྐབས་སུ་གདོང་ལེན་བྱེད་སྟངས་དང་། དོགས་འཚེར་གྱི་ནད་མི་ན་བ་སོགས་འཚོ་བའི་ཁྲོད་དུ་ཕན་ཐོགས་རྒྱ་ཆེན་དངོས་གནས་དྲང་གནས་ཡོད་པ་རེད།

དད་པ་ཡོད་མེད་ཀྱིས་ཁྱིམ་ཚང་ལ་བདེ་སྐྱིད་ཡོད་མེད་དང་བདེ་འཇགས་ཡོད་མེད་ཀྱི་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཞིང་། སྤྱི་ཚོགས་ཀྱང་ཁྱིམ་ཚང་དུ་མ་འདུས་པ་ལས་གྲུབ་པ་ཡིན་པས་ཁྱིམ་ཚང་ལ་བདེ་སྐྱིད་དང་བདེ་འཇགས་ཡོད་ན་སྤྱི་ཚོགས་ལའང་བདེ་སྐྱིད་དང་བདེ་འཇགས་ཡོད་པ་ཡིན་པས་འཇིག་

རྟེན་ལས་འདས་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་དད་པ་གལ་ཆེ་བར་མ་ཟད་འཇིག་རྟེན་འདིའིཐོག་གི་གང་ཟག་སྒེར་སོ་སོ་དང་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་བདེ་འཇགས་ཚང་མ་དེ་དད་པ་ཡོད་མེད་ཀྱིས་ཁྱད་པར་ཆེན་པོ་ཡོད་པ་ཡིན་ལ། དེ་བས་དད་པ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད།

     ང་ཚོས་གཞུང་བཀའ་པོད་ཀྱི་དཀའ་གནས་དེ་དག་གི་ཐོག་ནས་ཁྱབ་པ་ཡོད་མེད་སོགས་རྩོད་པ་བྱེད་རྒྱུ་གལ་ཆེན་པོ་རེད་དེ། དེང་སང་མི་སྒེར་གྱི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཁ་ཚ་དགོས་གཏུགས་ལ་ཕན་ཐོགས་ཡོད་པའི་དད་པ་དང་སློབ་གསོ་འདི་དག་རྩ་འཛུགས་ཡག་པོ་ཞིག་བྱེད་ཐུབ་རྒྱུ་གལ་ཆེ་བ་ཞིག་རེད་མ་གཏོགས་ནང་ཆོས་དང་མིའི་རིགས་ཀྱི་འཚོ་བ་གཉིས་ཁ་ཐག་ཇེ་རིང་དུ་བཏང་སྟེ་ནང་ཆོས་དང་སྤྱི་ཚོགས་ཀྱི་འཚོ་བ་གཉིས་འབྲེལ་མེད་དུ་ཆགས་པར་གྱུར་ན་འགྲིག་གི་ཡོད་པ་མ་ཡིན་པས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས་ལ་ཕན་ཐོགས་པའི་དད་པ་སོགས་ནང་ཆོས་ཀྱི་རྒྱུན་ཤེས་རྣམས་སློབ་གསོ་གཏོང་རྒྱུ་གལ་ཆེན་པོ་རེད།


སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་༡༦ཉིན་ཆོས་ཁྲིད་སྐབས་ཀྱི་འཕྲོས་དོན་སློབ་མ་སྨྱུག་གིས་དབུས་ལྷ་ལྡན་ཞིང་དུ་ཐད་གཏོང་ལམ་ནས་ཆོས་ཁྲིད་ཞུ་སྐབས་ཟིན་བྲིས་སུ་ཕབ་པ་བོད་མང་ཚོགས་ལ་ཕན་ཐོགས་པར་སྨོན་པ་དང་བཅས་འཕྲལ་བྲིས་འཕྲལ་སྤེལ།


བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

3 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

10 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

11 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

12 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

13བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

14 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

15 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

16 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

17 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

18 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

19 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། 

20 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

21 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

22 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

23 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

24 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

25 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

26 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

27 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

28 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

29 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས།

30



       
继续滑动看下一个

2023 བསླབ་པ་ཀུན་ལས་བཏུས་པའི་བཀའ་ཆོས། ཉིན་དོན་གཅིག་པ།

关注 阳光之卫
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存