该内容已被发布者删除 该内容被自由微信恢复
文章于 2018年11月7日 被检测为删除。
查看原文
被用户删除
其他

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་སྐོར་ཅུང་གླེང་བ།

夏坝王子 藏族论社会平台 今天


点击上方蓝色字关注我们~

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་ལ་ཅུང་ཟད་གླེང་བ།简单的聊一下甘孜州的教育

                                                                                                                        ཡོངས་གྲགས།拥扎


      དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་མི་འགྱང་བར་སློབ་གསོ་གོང་སྤེལ་ཡོང་ཆེད་ཆུང་འབྲིང་མཐོ་གསུམ་གྱི་དགེ་རྒན་ཡོངས་ལ་ཤེས་ཚད་འཇལ་བའི་རྒྱུགས་སྤྲོད་ཀྱི་བྱ་འགུལ་ཅིག་སྤེལ་གྲབས་གདའ། ཀུན་སློང་ཡག་པོ་རང་རེད།ཡིན་ནའང་རྒྱུགས་སྤྲོད་ཀྱི་ཁྱབ་ཁོངས་ཏེ་རྒྱུགས་ལེན་གྱི་ནང་དོན་ད་ལྟ་ཚོགས་པ་སོ་སོར་བསྐུར་དང་སྐུར་མུས་སུ་མཆིས། དེ་ལྟར་བྱས་ན་དོན་གྱི་ནུས་པ་ཐོན་ཐུབ་བམ།དེ་ནི་འཛིན་སྐྱོར་ལ་སུ་བཟང་ལྟ་བའི་ལས་འགུལ་ཤིག་ལ་མི་འདྲ་འམ།ངོས་ཀྱི་བསམ་ཚུལ་ལ། སློབ་གསོ་ཡར་རྒྱས་ནི་དགེ་རྒན་ཚོར་སློབ་གསོའི་སྐོར་གྱི་རིག་གཞུང་བགྲོ་གླེང་འདུ་ཚོགས་འཚོགས་པ་དང་། ནུས་པ་ཅི་ཡོད་ཀྱིས་གསོ་སྐྱོང་སྦྱོང་བརྡར་གྱི་གོ་སྐབས་བསྐྲུན་དགོས་པ་ཞིག་ཡིན་པ་ལས། རྒྱུགས་སྤྲོད་པ་ཙམ་ནི་མ་ཡིན་ནོ།། ཡང་གཅིག་བཤད་ན།སློབ་གསོ་ནི་སེམས་སུ་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་དགོས་པ་ཞིག་ཡིན་པ་ལས་ཕྱི་ནས་འདེད་དགོས་པ་ཞིག་ཡིན་པ་ལར་ནས་མི་འདོད་དོ།།                                         ཡོངས་གྲགས་ནས།

      

     甘孜州为了提高教育质量,测验中小学,以及高中的所有在编任教的教师们的水平,即将要举行一场考试。动机纯善。但考试范围及考试主要内容已经在各个群里相互传送。依照这样的方法,能够起的到作用嘛?难道这不像一场测验记诵能力的比赛。自认为提高教育就要为老师们开设跟教育有关联性的一些理论探讨大会以及力所能及的创建培训机会,而非考试也。换言之,教育应该是在心里发芽生根,而非外在的制约。      

                       ―拥扎



        རྩོམ་པ་པོ་ངོ་སྤྲོད།作者简介

     གསར་སྐྱེས་ཀྱི་ན་གཞོན་གླུ་བ་དང་རྩོམ་པ་པོ།། དགེ་རྒན་གོས་རྩའི་ཡོངས་གྲགས་ནི་ཕ་ཡུལ་བྲག་མགོ་རྫོང་གཙང་སྨད་ཡུལ་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ལང་ཚོའི་མྱུ་གུ་འབུས་ཤིང་། རང་གི་ཕ་ཡུལ་ལ་སློབ་གྲྭ་ཆུང་འབྲིང་ལ་འགྲིམ་ནས།   སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད།  མཐར་ཕྱིན་རྗེས་དགེ་རྒན་བྱ་བ་རྙེད་ནས་ད་ཆ་དགེ་རྒན་གྱི་ལས་སུ་ཞུགས་ཡོད།  མ་ཟད་ཆུང་དུས་ནས་བཟུང་གླུ་ངག་སྒྱུ་རྩལ་གྱི་ལམ་ཕྱོགས་ལ་མོས་འདུན་ཆེ་ཞིང་འབྱུང་འགྱུར་གྱི་ལོ་ཟླ་རིང་མོར་ཡང་རང་ཉིད་ཀྱི་སྐད་ངག་ལ་བརྟེན་ནས་མཐུན་སྒྲིལ་དང་གཅིག་གྱུར། འཕྲོད་བསྟེན་དང་དྲིན་གཟོ་སོགས་ཀྱིས་མཚོན་པའི་དྲང་ཕྱོགས་ཀྱི་ནུས་པ་སྤེལ་ཐུབ་པའི་ལས་འགུལ་ཡོངས་ལ་འབོད་སྐུལ་དང་། གཏོར་བརླག་དང་གཉའ་གནོན། དྲག་ལས་དང་གདོལ་སྤྱོད་སོགས་ཀྱིས་མཚོན་པའི་ལྡོག་ཕྱོགས་ཀྱི་ནུས་པ་སྟེར་བའི་རིགས་ལ་རྩམ་དྲི་མ་ཡལ་བའི་རང་སྐད་གཙང་མས་གད་རྒྱངས་འདོན་པའི་འགན་བབ་དང་དུ་བླངས་ནས། མུ་ནས་མུ་རུ་སྒྱུ་རྩལ་འཚོལ་སྙེག་གི་འཇུག་ངོགས་སུ་འདེགས་འཇོག་ལྷོད་མེད་དུ་བསྒྱུར་བའི་ན་ཆུང་གླུ་བ་ཞིག་སྟེ་༢༠༡༧ལོར་ཚིག་དབྱངས་སོགས་རང་གི་བརྩམས་པའི་༿འཕྲོད་ བསྟེན་༾ཞེས་པ་ལེགས་འགྲུབ་བྱུང་བ། 青年歌手、诗人、老师拥扎出生于四川省甘孜州炉霍县境内,在家乡就读中小学,之后以优秀的成绩考入四川省藏文学校,三年的努力考上了自己理想的事业当一名人民教师。在教学之外的业余时间也在学习自己所爱的音乐,因为天生有一个动听的妙音。在2017年成功发出自己的首发单曲《卫生》,也得到不少听众的欢迎和鼓励

长按识别二维码关注我

点击阅读原文,聆听拥扎的首发单曲《卫生》


    您可能也对以下帖子感兴趣

    文章有问题?点此查看未经处理的缓存