རྒྱ་ཆེའི་ཆེད་ལས་མཁས་པ་དང་། རིག་གཞུང་ཉམས་ཞིབ་པ་རྣམས་ལ།
བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གོ་ལ་ཧྲིལ་པོའི་རྣམ་པར་འགྱུར་བ་གཏིང་ཟབ་གཏོང་བ་དང་། རྒྱལ་ཕྱི་ནང་གཉིས་ཁྱོན་ཡོངས་གཅིག་གྱུར་འཆར་འགོད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་ལ། གནའ་བོའི་དར་གོས་གནའ་ལམ་གྱིས་དུས་རབས་ཀྱི་དོན་སྙིང་ལ་ཁ་སྣོན་གསར་པ་དང་། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་གཏོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་སྦྱིན་ཡོད།
བོད་ལྗོངས་ནི་ས་མཐོའི་དར་གོས་གནའ་ལམ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ། ཡ་གླིང་ལྷོ་མར་སྒོ་དབྱེ་བྱེད་པའི་གལ་ཆེའི་ལམ་རྒྱུད་ཅིག་རེད། ནག་ཆུས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་གཞན་དང་སྣེ་འབྲེལ་མང་ཤོས་དང་། མཚོ་བོད་གཞུང་ལམ། མཚོ་བོད་ལྕགས་ལམ། རྒྱལ་༣༡༧དང་༣༤༩བཅས་ཀྱི་ལམ་རྒྱུད་ཡིན་པའི་ངོས་ནས་བོད་ཀྱི་སྒོ་ཆེན་མོ་ཡིན་པའི་ངོས་ནས། བོད་ལྗོངས་དེ་བརྒྱུད་གཅིག་ལམ་གཅིག་དང་ལྷན་དུ་བསྐྱོད་རྒྱུར་སྐུལ་སློང་དང་། ཡ་གླིང་ལྷོ་མར་སྒོ་དབྱེ་བྱེད་པའི་འཕར་རྩ་ལྟ་བུར་འཛུགས་སྐྲུན་བྱེད་ཆེད། བྱང་ཐང་གི་གནའ་ལམ་དག་གི་ལོ་རྒྱུས་རིག་གནས་བསྔོག་འདོན་གཏིང་ཟབ་བྱེད་པའི་བརྒྱུད་ནས་བྱང་ཐང་ས་མཐོར་མིའི་རིགས་ཀྱི་ཤེས་དཔལ་གདོད་མ་ནས་དར་མྱོང་བའི་ཐུན་མིན་གནས་བབ་དང་། དར་གོས་གནའ་ལམ་དེ་ཉིད་བྱང་ཐང་དུ་ཇི་ལྟར་བརྒྱུད་པའི་གཞི་རྩའི་གནས་ཚུལ། བྱང་ཐང་དང་ཉེ་འཁོར་ས་ཁོངས་བར་འགྲོ་འོང་སྤེལ་རེས་ཁྱོན་ཡོངས་ནས་མངོན་པ་བཅས་ལ་བརྟེན་ནས། སྔར་དུས་ཀྱི་ཁེར་རྐྱང་རྣམ་པ་གྲོལ་ཏེ་བོད་བྱང་ཐང་ནི་མཚོ་བོད་མཐོ་སྒང་གླིང་གི་རྒྱ་ལམ་བཞི་མདོ་ལྟ་བུའི་འགྲིམ་འགྲུལ་འདུས་མདོའི་གཟུགས་བརྙན་གསར་བསྐྲུན་དང་། བརྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་འཐབ་ཇུས་གནས་བབ་མཐོ་རུ་བཏང་ནས། ནག་ཆུ་གྲོང་ཁྱེར་གྱིས་བརྒྱུད་གཅིག་ལམ་གཅིག་དང་གཞི་གཅིག་ཏུ་འདྲེས་རྒྱུར་ལོ་རྒྱུས་ཀྱི་རྩ་བ་བརྟན་ཞིང་། རིག་གནས་ཀྱི་ལམ་བུ་ཡིན་པར་དྲིལ་བསྒྲགས་ལྷོད་མེད་བྱས་ནས་བོད་ཀྱི་ས་བབ་མཐོ་ཤོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་གཏོད་ཆེད་དུ། ༢༠༢༢ལོའི་ཟླ་༧པའི་ནང་། སྲིད་གྲོས་ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ལྷ་རི་རྫོང་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་གྱི་སྒོ་ནས་བྱང་ཐང་སྦས་ཡུལ་ལྷ་རིར་“བྱང་ཐང་གནའ་ལམ་དང་ལྷ་རིའི་ཡུལ་སྐོར་”བརྗོད་གཞིར་བྱས་པའི་ལོ་རྒྱུས་རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུ་ཞེས་པ་གཉེར་ཏེ་བྱང་ཐང་གི་གནའ་བོའི་ལམ་རྒྱུད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་གཏིང་ཟབ་དུ་གཏོང་རྒྱུ་ཡིན།
ད་ལྟ་སྤྱི་ཚོགས་རིགས་ཁོངས་ཁག་གི་ཆེད་ལས་མཁས་པ་དང་། རིག་གཞུང་ཉམས་ཞིབ་པ་རྣམས་ལ་རྩོམ་བསྡུའི་བརྡ་ཐོ་འབུལ་རྒྱུ་གཤམ་གསལ།
གཅིག བགྲོ་གླེང་ཚོགས་འདུའི་མིང་།
“བྱང་ཐང་གནའ་ལམ་དང་ལྷ་རིའི་ཡུལ་སྐོར་”ལོ་རྒྱུས་རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུ།
གཉིས། གཉེར་མཁན་ལས་ཁུངས།
གཙོ་གཉེར། སྲིད་གྲོས་ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་།
འགན་གཉེར། ལྷ་རི་རྫོང་མི་དམངས་སྲིད་གཞུང་།
གསུམ། ཚོགས་ཡུལ།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཡིན།
བཞི། བགྲོ་གླེང་ཚོགས་འདུའི་ནང་དོན།
༼གཅིག༽བྱང་ཐང་གི་གནའ་བོའི་ལམ་རྒྱུད་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཁྲོད་ཀྱི་ནུས་པ།
༼གཉིས༽བྱང་ཐང་གནའ་ལམ་ལས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་འདྲེས་འདྲིས་སྤེལ་རེས་བྱུང་ཚུལ།
༼གསུམ༽བྱང་ཐང་གནའ་ལམ་དེ་དག་བརྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་གལ་ཆེའི་གནས་བབ།
༼བཞི༽བྱང་ཐང་གནའ་ལམ་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག
༼ལྔ༽ རྒྱ་བོད་བར་གྱི་གསེར་ཟམ། སི་བོད་དཔོན་ལམ་གྱི་གྲུབ་ཚུལ་དང་འཕེལ་རིམ།
༼དྲུག༽ལྷ་རི་ཁུལ་གྱི་གནའ་བོའི་ལམ་རྒྱུད་ཁག་གི་ལོ་རྒྱུས་རིག་གནས་ཞིབ་འཇུག
༼བདུན༽ཇ་རྟའི་བརྒྱུད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག
༼བརྒྱད༽བྱང་ཐང་གནའ་ལམ་སྟེང་གི་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག
༼དགུ༽བྱང་ཐང་གནའ་ལམ་བརྒྱུད་ཀྱི་ཡིག་ཚང་དང་། གནའ་རྫས། རིག་གནས། དམངས་སྲོལ། ཡུལ་སྐོར་ཐོན་ཁུངས་སོགས་ཀྱི་ཞིབ་འཇུག
ལྔ། དཔྱད་རྩོམ་གྱི་བླང་བྱ།
༼གཅིག༽ངེས་པར་དུ་དཔྱད་རྩོམ་གསར་པ་ཡིན་པ་ལ། ལྟ་ཚུལ་གསར་པ་ཡོད་པ་དང་། ནང་དོན་རྒྱས་བསྡུས་འཚམ་པ། ཚིག་ཉོག་གིས་མ་བསླད་པ། དག་ཆ་ལེགས་པ། སྔ་ཚིག་ཕྱི་འགལ་མེད་པ། དེ་སྔོན་དུས་དེབ་གང་ལའང་བཀོད་མྱོང་མེད་པ་ཡིན་དགོས།
༼གཉིས༽ རིག་གཞུང་བགྲོ་གླེང་ཚོགས་འདུའི་བརྗོད་བྱ་དང་མཐུན་ཞིང་། རིག་གཞུང་གི་རང་བཞིན་ལྡན་པ། གཏན་ཚིགས་ཀྱི་རང་བཞིན་ཆེ་བ་བཅས་ལྡན་དགོས་ལ། དཔྱད་རྩོམ་wordགློག་རྡུལ་པར་གཞི་ཡིན་པ་དང་། རྩོམ་པ་པོའི་མིང་དང་། གོ་གནས། ལས་ཁུངས། འབྲེལ་གཏུག་ས་གནས། ཡིག་ཟམ། གློག་རྡུལ་ཡིག་སྒམ། འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་ཞིབ་ཕྲ་ཡོད་དགོས།
༼གསུམ༽ དཔྱད་རྩོམ་དག་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་སྤྱོད་དགོས་ལ། ཚད་ལྡན་དཔྱད་རྩོམ་གྱི་བླང་བྱ་དང་མཐུན་པར་འགོ་མཇུག་བར་གསུམ་ཆ་ཚང་བ་དགོས།
༼བཞི༽དཔྱད་རྩོམ་དག་ཡིག་འབྲུ་༥༠༠༠ནས་༡༥༠༠༠བར་ཡིན་དགོས་ལ། བོད་ཡིག་དཔྱད་རྩོམ་ལ་རྒྱ་ཡིག་གི་ནང་དོན་གནད་བསྡུས་དགོས་ཤིང་། རྒྱ་ཡིག་གི་ཡིག་འབྲུ་༥༠༠ལས་མི་ཉུང་བ་དགོས།
དྲུག དཔྱད་རྩོམ་བསྡུ་པའི་དུས་ཚོད།
ངེས་པར་དུ་༢༠༢༢ལོའི་ཟླ་༥ཚེས་༡༥ཉིན་གོང་དུ་དཔྱད་རྩོམ་རྣམས་ཀྱི་གློག་རྡུལ་པར་གཞི་nqwsb2015@126.com
ཡིག་སྒམ་འདིར་བསྐུར༼རྩོམ་སྡུད་དཔྱད་རྩོམ་ལྟ་བུའི་གསལ་བཤད་འགོད་དགོས༽དགོས། དཔྱད་རྩོམ་ཕྱོགས་བསྒྲིགས་བྱེད་བདེ་དང་ཕྱོགས་བསྒྲིགས་བྱ་རྒྱུར་མི་ལུས་པའི་ཆེད་དུ། དཔྱད་རྩོམ་རྣམས་ཡིག་སྒམ་དུ་བསྐུར་བ་ལས་མི་སྒེར་ལ་འཕྲིན་ཕྲན་སོགས་ཀྱི་བརྒྱུད་ནས་བསྐུར་མི་རུང་། དུས་ཐོག་ཏུ་དཔྱད་རྩོམ་དང་། ནང་དོན་གནད་བསྡུས་མ་སྤྲད་ཚེ་ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཐེ་ཞུགས་མ་བྱས་པར་བརྩི་རྒྱུ་ཡིན།
བདུན དོ་སྣང་བྱ་དགོས་རིགས།
༼གཅིག༽དཔྱད་རྩོམ་སོ་སོར་ནང་དོན་གནད་བསྡུས་དང་། བརྡ་ཆད་གཙོ་བོ་བཅས་ཡོད་དགོས་ལ། དཔྱད་རྩོམ་གྱི་མཇུག་ཏུ་ཟུར་ལྟའི་དཔྱད་གཞིའི་ཡིག་ཆའི་མིང་དང་། ལུངས་འདྲེན་བྱས་པའི་ཤོག་གྲངས། དཔེ་སྐྲུན་ཁང་། རྩོམ་པ་པོ་བཅས་ཀྱི་མིང་གསལ་བོ་འགོད་དགོས་ལ།གལ་ཏེ་རྩོམ་གྱི་བདག་དབང་ལ་རྩོད་གླེང་བྱུང་ཚེ་དཔྱད་རྩོམ་བདག་པོ་རང་ཉིད་ནས་འགན་ཡོངས་རྫོགས་འཁུར་དགོས།
༼གཉིས༽ དཔྱད་རྩོམ་ཆེད་མཁས་ཚོགས་ཆུང་གིས་ཞིབ་དཔྱད་བྱས་རྗེས། ཆེད་ལས་མཁས་པའི་ཞིབ་དཔྱད་དགོངས་འཆར་གཞིར་བཟུང་། རིག་གཞུང་བགྲོ་གླེང་ཚོགས་ཐོག་གླེང་རྒྱུའི་དཔྱད་རྩོམ་དང་། ཡིག་ཐོག་ནས་རིག་གཞུང་བགྲོ་གླེང་ཚོགས་འདུར་སྤྱོད་པའམ། རིག་གཞུང་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་དུ་མ་ཚུད་པ་བཅས་ཀྱི་གནས་ཚུལ་རྩོམ་པ་པོ་བརྡ་ལན་ཡིན་ལ། རིག་གཞུང་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་དུ་ཚུད་པ་རྣམས་རྩོམ་པ་པོར་གདན་ཞུའི་ཡི་གེ་བསྐུར་རྒྱུ་ཡིན།
༼གསུམ༽ཚོགས་འདུའི་དཔྱད་རྩོམ་འགའ་རེ་《ནག་ཆུ་སྲིད་གྲོས》ནང་ཁུལ་དུས་དེབ་སྟེང་འགོད་རྒྱུ་དང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་ཅུང་མཐོ་བའི་དཔྱད་རྩོམ་འགའ་རེ་《བོད་ལྗོངས་ཞིབ་འཇུག》སོགས་ལྗོངས་ཕྱི་ནང་གི་རིག་གཞུང་དུས་དེབ་སྟེང་འོས་སྦྱོར་གང་ཐུབ་བྱ་རྒྱུ་ཡིན།
༼བཞི༽ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་རིང་གི་ཟས་སྡོད་འགྲོ་གྲོན་དང་། ཕར་འགྲོ་ཚུར་འོང་གི་ལམ་རིན་བཅས་ཚོགས་འདུའི་སྒྲུབ་མཁན་ཚན་པས་འགན་འཁུར་རྒྱུ་ཡིན།
འབྲེལ་གཏུག་ཁ་པར། ༠༨༩༦ ༣༩༢༢༦༡༣
སྲིད་གྲོས་ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།
ལྷ་རི་རྫོང་མི་དམངས་སྲིད་གཞུང་།
༢༠༢༢ལོའི་ཟླ་༡ཚེས་༢༨ཉིན།