查看原文
其他

藏汉双语 | 疫情防控中15种违法违规行为要承担法律后果

点击关注→ 海北新媒 2022-09-29
རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་བཅའ་ཁྲིམས་ཁྲིམས་ཆད་འཁུར་དགོས་པའི་སྒྲིག་འགལ་བྱ་སྤྱོད་དོན་ཚན15疫情防控中15种违法违规行为要承担法律后果
༡.ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྱབ་ཁོངས་སུ་ཚུད་པའི་མི་ཚོགས་ཀྱིས་གཅིག་གྱུར་རྩ་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་མ་བྱས་ན་མཇུག་འབྲས་ཅི་ཞིག་ཡོད།
ལན། ཡིད་རྟོན་ཤོར་བའི་གྲལ་དུ་བརྩིས་ནས་སྤྱི་པའི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་དང་ཞབས་ཞུའི་ལས་སྟེགས་སུ་བཀོད་རྒྱུ་ཡིན་ལ། རྗེས་ཕྱོགས་མི་སྒེར་གྱི་ཡིད་རྟོན་དངུལ་བུན་དང་། འཛད་སྤྱོད། ལས་ཞུགས། ལས་འགན་འཁུར་བ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད།
གཞན་ཡང་། གནས་ཚུལ་མི་འདྲ་བར་གཞིགས་ནས་ཐ་ཚིག་སྒྲོག་པ་དང་། དངུལ་ཆད་གཅོད་པ། བཀག་སྐྱིལ་བྱེད་པ་སོགས་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་པ་དང་། ཐ་ན་འགོས་ནད་འགོག་བཅོས་ལ་བར་ཆད་གཏོང་བའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་ཡང་གཅོད་སྲིད།
1.纳入核酸检测范围的人群,不参加统一组织的核酸检测,会有什么后果?
答:将被作为失信信息录入到公共信用信息归集和服务平台,今后可能影响个人信贷、消费、从业、任职等。
另外,根据不同情节,可处以警告、罚款、拘留等治安管理处罚;甚至,还可能以妨害传染病防治罪定罪处罚。
༢.གཞིས་ཁུལ་དང་ཚོང་ཁང་། སྔོ་ཚལ་ཚོང་ཁང་སོགས་ཀྱི་ནང་དུ་འགྲོ་སྐབས། བདེ་ཐང་ཆ་འཕྲིན་ཞིབ་བཤེར་ལ་རམ་འདེགས་མི་བྱེད་པ་དང་། ཐོབ་ཐང་ཐོ་འགོད་ཀྱི་གཏན་ཁེལ་ལ་རམ་འདེགས་མ་བྱས་ན་མཇུག་འབྲས་ཅི་ཞིག་ཡོད།
ལན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ཅིང་། གལ་ཏེ་གནས་ཚུལ་ཚབས་ཆེན་ཡིན་ན་བཀག་སྐྱིལ་བྱས་ཆོག  པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཧ་ཅང་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
2、出入小区、超市、菜场等有关场所,拒不配合健康信息核查,拒绝配合身份登记规定,会有什么后果?
答:根据情节,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
༣.སྒོ་ཕྱིར་འགྲོ་སྐབས་ཁ་ཐུམ་མ་བརྒྱབ་ན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།
ལན། སྡོད་དམངས་དེ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་འདུག་པ་དང་། གཞིས་ཁུལ་གྱི་སྒོ་ཕྱི་སོགས་སྤྱི་པའི་འདུ་གནས་སུ་འགྲོ་སྐབས། དོ་དམ་མི་སྣའི་ཁ་ཏ་སློབ་སྟོན་ལ་མི་ཉན་པར་ཁ་ཐུམ་མི་རྒྱག་པ་དང་། ཡང་ན་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་གྱི་སྡོད་དམངས་ཕྱི་རུ་འགྲོ་སྐབས་ཁ་ཐུམ་མ་བརྒྱབ་ཚེ། དེ་ལ་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
3.出门不戴口罩,会承担法律责任吗?

答:居民乘坐公共交通工具、出入小区大门等公共场所,拒不配合管理人员的劝导佩戴口罩;或者,中高风险地区的居民外出不戴口罩,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。


༤.ཚོད་བཀག་དང་བཀག་སྡོམ་མངའ་ཁོངས་ཀྱི་སྡོད་དམངས་ཀྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི《བརྡ་ཁྱབ》དང《སྤྱི་བསྒྲགས》《བྱེད་ཐབས》སོགས་ཀྱི་གཏན་འབེབས་དང་འགལ་ཏེ། རང་དགར་གྱིས་ཕྱི་རུ་བསྐྱོད་པ་དང་འདུ་འཛོམས་བྱས་ཚེ། བཅའ་ཁྲིམས་ཀྱི་མཇུག་འབྲས་ཅི་ཞིག་འཁུར་དགོས།
ལན། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ན། གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། གསར་བྱུང་པྲོག་དབྱིབས་ནད་དུག་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་དང་དངུལ་ཆད་གཅོད་སྲིད། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་མི་སྣས་ནད་གཞི་གསང་བ་དང་འགྲུལ་བཞུད་ལམ་ཐིག་གསང་ནས་མི་མང་འཛོམས་སའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ནས། པྲོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་ཚེ། ཉེན་ཁའི་བྱེད་ཐབས་སྤྱད་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་བ་གྲུབ་སྲིད།
4.封控、封闭区域的居民,违反县级以上人民政府发布的《通告》《公告》《措施》等的规定,擅自外出、聚集,会有什么法律后果?
答:根据《治安管理处罚法》第五十条的规定,情节严重的,可处拘留,并处罚款。
根据《刑法》相关规定,引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能构成以危险方法危害公共安全罪。
༥.བདེ་ཐང་ཨང་རིས་དེ་མདོག་སེར་པོ་དང་དམར་པོ་ཡིན་པའི་མི་སྣས་གཏན་འཁེལ་ལྟར་ལོགས་བཀར་གསོ་རིག་ལྟ་ཞིབ་དང་ཡང་ན་ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་མ་བྱས་ན། མཇུག་འབྲས་ཅི་ཞིག་ཡོད།
ལན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
5.健康码为黄码、红码的人员,不按照规定隔离医学观察或者居家健康检测,会有什么后果?
答:根据情节,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
༦.རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ། སྡོད་དམངས་ཀྱིས་གཏན་འཁེལ་ལ་འགལ་ཏེ་ཕྱི་ནས་ཤོག་ཕེ་རྒྱག་པ་དང་། བཟའ་བཏུང་རོལ་རྩེད་སོགས་འདུ་འཛོམས་ཀྱི་བྱེད་སྒོར་ཞུགས་ན། འགན་འཁྲི་ཅི་ཞིག་འཁུར་དགོས།
ལན། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འཁེལ་ལྟར་ན། གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་དང་དངུལ་ཆད་གཅོད་སྲིད། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་མི་སྣས་ནད་གཞི་གསང་བ་དང་འགྲུལ་བཞུད་ལམ་ཐིག་གསང་ནས་མི་མང་འཛོམས་སའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ནས། པྲོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་ཚེ། ཉེན་ཁའི་བྱེད་ཐབས་སྤྱད་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་པའི་ཉེས་བ་གྲུབ་སྲིད།
6.疫情防控期间,居民违反规定外出参加打牌、餐饮、娱乐等聚集活动,应当承担何种责任?
答:根据《治安管理处罚法》第五十条的规定,情节严重的,可处拘留,并处罚款。
根据《刑法》相关规定,引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者公共交通工具,造成新型冠状病毒传播的,可能构成以危险方法危害公共安全罪。


༧.སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་གྱི་གཏན་འཁེལ་ལ་འགལ་ཏེ། ཁྱིམ་ཚང་གི་སྡོད་གནས་སུ་ཟབ་སྦྱོང་འཛིན་གྲྭ་འཛུགས་པ་དང་ཤོ་ཁང་གི་སྒོ་འབྱེད་པ། སྒྲིག་འགལ་ངང་ཆམ་ནད་དང་ཚ་རྒྱས་པའི་སྨན་སོགས་བཙོང་ན། མཇུག་འབྲས་ཅི་ཞིག་ཡོད།
ལན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
7.违反政府疫情防控管理规定,在家庭住所开设辅导班、麻将馆,违规售卖感冒发热药品等,会有什么后果?
答:根据情节,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
༨.གཅིག་བསྡུས་ལོགས་བཀར་མཇུག་རྫོགས་རྗེས། གཏན་འཁེལ་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མ་བྱས་ན། མཇུག་འབྲས་ཅི་ཞིག་ཡོད།
ལན། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འཁེལ་ལྟར་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག  གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག་པ་མ་ཟད། དངུལ་ཆད་བཅད་ཆོག
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་དང་དངུལ་ཆད་གཅོད་སྲིད།
8.集中隔离结束后,不按照规定接受健康监测和管理的,会有什么后果?
答:根据《治安管理处罚法》第五十条的规定,可警告、罚款;情节严重的,可处拘留,并处罚款。
根据《刑法》相关规定,引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
༩.ནད་གཞི་གསང་བ་དང་འགྲུལ་བཞུད་ལམ་ཐིག་གསང་བ(ཁྱད་པར་དུ་གཙོ་གནད་ས་ཁུལ་དུ་སོང་བའི་གནས་ཚུལ)དང་། ནད་གཞི་གཏན་འཁེལ་བྱས་པའི་ནད་པ་དང་དོགས་ཡོད་ནད་པ་ལ་འབྲེལ་འདྲིས་དམ་ཟབ་བྱས་པའི་གནས་ཚུལ་གསང་ན། མཇུག་འབྲས་ཅི་ཞིག་ཡོད།
ལན། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འཁེལ་ལྟར་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག
《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན།   པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་དང་དངུལ་ཆད་གཅོད་སྲིད། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་མི་སྣས་ནད་གཞི་གསང་བ་དང་འགྲུལ་བཞུད་ལམ་ཐིག་གསང་ནས་མི་མང་འཛོམས་སའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ནས། པྲོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་ཚེ། ཉེན་ཁའི་བྱེད་ཐབས་སྤྱད་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་པའི་ཉེས་བ་གྲུབ་སྲིད།
9.隐瞒病情、瞒报行程信息(尤其是重点地区旅居史)、隐瞒与确诊病例或者疑似病例有密切接触史,会有什么后果?
答:根据《治安管理处罚法》第五十条的规定,可处警告、罚款;情节严重的,可处拘留,并处罚款。
根据《刑法》相关规定,引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚:确诊病人、病原携带者隐瞒病情、瞒报行程信息,进入公共场所或者公共交通工具,造成新型冠状病毒传播的,可能构成以危险方法危害公共安全罪。
༡༠.སྡོད་དམངས་དང་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་དུག་སེལ་བྱ་བར་གཞོགས་འདེགས་མ་བྱས་ན།  འགན་འཁྲི་ཅི་ཞིག་འཁུར་དགོས།
  ལན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་སྲིད།  གནས་ཚུལ་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་སྲིད།
   དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཡང་ཚུད)ཁྲིམས་ལྟར་རིམས་ནད་བརྟག་དཔྱད་བྱེད་པར་བཀག་འགོག་བྱས་པའི་རིགས་ལ། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་སྲིད།
10.居民和企业不配合开展疫情防控相关的消毒工作,应当承担什么责任?
答:根据情节,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,以妨害公务罪定罪处罚。
༡༡.ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ཐང་ཆད་པ། དྲི་དང་རོ་ཚོར་ཉམས་པ། སྣ་འཚུབ་བ། སྣ་ཆུ་བཞུར་བ། མིད་པ་ན་བ། མིག་འབྲས་སྐྱི་མོར་གཉན་ཚད་རྒྱས་པ། ཤ་གནད་ན་བ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་པར་མ་བསྟན་ན། མཇུག་འབྲས་ཅི་ཞིག་ཡོད།
 ལན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་གཅོད་ཅིང་། ཉེས་ཚབས་ཆེ་བར་བཀག་སྐྱིལ་བྱས་ཆོག གསར་བྱུང་པྲོག་དབྱིབས་ནད་དུག་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
11.具有发热、干咳、乏力、嗅觉味觉减退、鼻塞、流涕、咽痛、结膜炎、肌痛和腹泻等症状的人员,未按照疫情防控要求,到发热门诊就医,会有什么后果?
答:根据情节,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
༡༢.རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་བདེ་ལས་ཁུངས་ཀྱིས་སྤེལ་བའི་རིམས་ནད་རིག་པའི་བརྟག་དཔྱད་བྱ་བར་གཞོགས་འདེགས་མ་བྱས་ན། འགན་འཁྲི་ཅི་ཞིག་འཁུར་དགོས།
ལན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་སྲིད། ཉེས་ཚབས་ཆེ་ན་བཀག་སྐྱིལ་བྱས་ཆོག པྲོག་དབྱིབས་ནད་དུག་གསར་པ་ཁྱབ་སྤེལ་བྱས་པའམ་ཁྱབ་སྤེལ་བྱས་པ་ཚབས་ཆེ་ན། རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
 དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཡང་ཚུད)ཁྲིམས་ལྟར་རིམས་ནད་བརྟག་དཔྱད་བྱེད་པར་བཀག་འགོག་བྱས་པའི་རིགས་ལ། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོག་རྒྱུ།
12.拒绝配合疾控和公安部门开展的疫情流行病学调查工作应当承担什么责任?
答:根据情节,可处警告、罚款;情节严重的,可处拘留。引起新型冠状病毒传播或者有传播严重危险的,以妨害传染病防治罪定罪处罚。
以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,以妨害公务罪定罪处罚。
༡༣.ཐལ་དྲགས་ཀུ་རེ་དང་མིག་དབང་འཕྲོག་པ། ཚོང་ལས་ཀྱི་དམིགས་ཡུལ་སོགས་ཀྱི་ཆེད་དུ། རིམས་ནད་ཀྱི་ཆ་འཕྲིན་རྫུན་མ་བཟོས་ཏེ། དྲ་བ་སོགས་མི་ཚོགས་འདུ་སར་ཁྱབ་སྤེལ་བྱས་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁྱབ་སྤེལ་བྱེད་རོགས་བྱས་ན། བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་ཁུར་དགོས།
ལན།《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་བའི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པའི་གཏན་འབེབས་ལྟར། ཡོ་བསྲང་བྱེད་པ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་པར་བཅའ་ཁྲིམས་ལྟར་ལས་སྒོ་སྤེལ་མཚམས་འཇོག་པའམ་ལས་གཉེར་ཆོག་མཆན་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།
《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་ལྟར་ན། བཀག་སྐྱིལ་གྱི་ཆད་པ་གཅོད་རྒྱུ་དང་མཉམ་དུ་དངུལ་ཆད་བཅད་ཆོག
13、为恶作剧、博眼球、商业目的等,编造虚假的疫情信息,在网络等公众场合散布,或者明知是虚假信息还帮助散布和传播的,应当承担何种法律责任?
答:根据《突发事件应对法》第六十五条的规定,责令改正,给予警告;造成严重后果的,依法暂停业务活动或者吊销执业许可证。
根据《治安管理处罚法》第二十五条规定,可处拘留,并处罚款。
༡༤.རིམས་ནད་བྱུང་བའི་དུས་སུ་དངོས་རྫས་ཀྱི་རིན་གོང་ཇེ་མཐོར་གཏོང་བ་དང་། ཚུལ་མིན་གྱི་ཁེ་ཕོགས་རེག་ཐབས་བྱས་པར་ཉེས་ཆད་ཇི་ལྟར་གཅོད་དགོས།
ལན། བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་ཕུད། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་དང་། ཁྲོམ་རའི་སྒྲིག་ལམ་གཏོར་བརླག་བཏང་བ་ཚབས་ཆེ་ན། ཁྲིམས་འགལ་གཉེར་སྐྱོང་བྱས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
14.疫情期间,哄抬物价、牟取暴利,如何处罚?
答:除了治安管理处罚外,对于违法所得数额较大或者有其他严重情节的,严重扰乱市场秩序的,以非法经营罪定罪处罚。
༡༥.རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་འགལ་ཏེ། ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་ཀྱི་སྨན་བཅོས་འགོག་སྲུང་མཁོ་ཆས་གང་བྱུང་དུ་གཡུགས་ན། བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།
ལན། གལ་ཏེ་ཁ་ཐུམ་དང་། འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་མཁོ་ཆས་ཏེ་རིམས་ནད་ཀྱི་ནད་སློང་དུག་གཞི་ཚུད་པའི་གད་སྙིགས་དང་། དུག་ལྡན་དངོས་པོའམ་གནོད་ལྡན་དངོས་པོ་གཞན་དག་གང་བྱུང་དུ་གཡུགས་ན་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པས། ཁོར་ཡུག་སྦགས་བཙོག་བཟོས་པའི་ཉེས་པར་བརྩིས་ནས་ཉེས་ཆད་གཅོད་རྒྱུ།
བསམ་བཞིན་དུ་པྲོག་དབྱིབས་གློ་ཚད་ནད་དུག་ཁྱབ་སྤེལ་བྱས་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་རིགས་ནི། ཉེན་ཁའི་བྱེད་ཐབས་སྤྱད་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་ལྟར་ཉེས་ཆད་གཅོད་སྲིད།
15.违反疫情防控规定,乱扔口罩、防护服等医疗防护用品等要承担法律责任吗?
答:一旦发现乱扔的口罩、防护服等医疗防护用品包含传染病病原体的废物、有毒物质或者其他有害物质,严重污染环境的,以污染环境罪定罪处罚。
故意传播新冠肺炎病原体,危害公共安全的,按照以危险方法危害公共安全罪定罪处罚。

མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྒྱུར་སྒྲིག་བྱས།

海北州民族语言文字工作中心编译
推荐阅读:
注意!疫情防控期间,这些行为违法,甚至涉嫌犯罪

【疫情防控】疫情防控不放松!这些防疫科普小知识请牢记


责编/贾丽娟
监制/智华坚赞 总监制/刘增奎
版权归原作者所有,如有侵权请立即与我们联系
转载请注明出处
点亮在看

您可能也对以下帖子感兴趣

文章有问题?点此查看未经处理的缓存