查看原文
其他

ལྷོ་ཁས་མདུན་གྲལ་དུ་བསྐྱོད་ཐུབ་ངེས་ཡིན་པ།

政治部宣教科 山南公安 2022-10-06



མདུན་གྲལ་དུ་སླེབས་པ་བྱ་རྒྱུའི་གཟི་བརྗིད་ལས་འགན་གསར་པ་ཕྲག་ཐོག་ཏུ་འཁུར་བ།

--གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་འགོ་ཚུགས་པའི་ཟུར་བྲིས།


དཀའ་སྤྱད་འབུད་འབུངས་ཀྱི་ལོ་ངོ་ལྔ། སྨིན་འབྲས་བཟང་པོ་ཐོགས་པའི་བགྲང་བྱ་ལྔ།

ཟླ་11པའི་ཚེས་1ཉིན། ཡར་ཀླུང་བུ་ཕྲུག་ཁྲི་ཚོ་35ཡི་རེ་སྒུག་དང་ཕུགས་འདུན་བསྣམས་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་ཆེན་ཏེ། ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་རྩེད་ཐང་དུ་གཟབ་རྒྱས་ངང་འཚོགས་པ་རེད།


འདི་ནི་འཐུས་མི་ཚོས་ཡིད་ཆེས་ཆེར་སྐྱེད་ངང་ཚོགས་རར་སྐྱོད་བཞིན་པ།

གོམ་ཁ་སྒྱུར་ནས་འདི་རུ་འཛོམས། རེ་བའི་ས་བོན་འདི་ནས་བཏབ། ཞོགས་པ་སྔ་པོ་ནས་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་ཏང་གི་འཐུས་མི་400ཡིས་ཉམས་འགྱུར་བཟང་པོ་དང་ཡིད་ཆེས་ལྡབ་བརྒྱས་ཚོགས་རར་བསྐྱོད་དེ་ལྷོ་ཁའི་མ་འོངས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་བ་རེད།

ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ཅིང་གྲལ་འགྲིག་དར་དམར་འོད་མདངས་འོག་བརྗིད་ཉམས་ལྷག་པར་མངོན། ཀྲུའུ་ཞི་སྡིངས་ཆའི་ཐོད། ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཞེས་འཁོད་པའི་ཡིག་ཆེན་བཀྲག་ཆེ།


འདི་ནི་ཚོགས་ར་ཡིན་པ།

སྔ་དྲོའི་ཆུ་ཚོད་9དང་ཕྱེད་ཀར། ཚོགས་ཆེན་ནི་བརྗིད་ཉམས་ལྡན་པའི་རྒྱལ་གླུ་དཀྲོལ་བའི་ཁྲོད་འཚོག་འགོ་ཚུགས། སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡབ་སྒྲའི་ཁྲོད། བློ་མཐུན་ཞུས་ཁྲེང་ཚང་གིས་ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ཆ་ཚང་བ་དང་ཡང་དག་པ་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་སླེབས་པ་བྱེད་དགོས་ཞེས་པ་འགོ་བརྗོད་དུ་བྱས་པའི་སྙན་སྒྲོན་གནང་།ཏང་གི་འཐུས་མི་མི་རེ་ངོ་རེ་ནི་ངེད་གྲོང་ཁྱེར་གྱི་ལོ་ལྔའི་འཕོ་འགྱུར་ནང་ཞུགས་མཁན་དང་བདེན་དཔང་ཐུབ་མཁན་ཤ་སྟག་ཡིན་པས། ཚང་མས་བློ་གཅིག་སེམས་གཅིག་ངང་སྙན་སྒྲོན་གྱི་ནང་དོན་གསན་པ་དང་འབྲེལ། མཚམས་མཚམས་སུ་སྨྱུ་གུ་ཐོགས་ནས་སྙན་སྒྲོན་གྱི་ནང་དོན་གཙོ་བོ་དག་ཟིན་བྲིས་སུ་འདེབས་བཞིན་མཆིས།སྙན་སྒྲོན་ནང་བསྟན་དོན། ལྷོ་ཁ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་འདོམས་དང་ཏང་ཀྲུང་དབྱང་གི་ཐུགས་འཁུར་ཟབ་བཞེས་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག དེ་བཞིན་བོད་སྐྱོར་ཞིང་ཆེནདང་གྲོང་ཁྱེར། དེ་བཞིན་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་སྒོས། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས། འགོ་འཛུགས་ས་དང་དོན་ལ་འཁྱོངས་ས་བཅས་ལ་རྒྱུས་མངའ་ཡོད་པ་བྱས་པ་དང་། འཕེལ་རྒྱས་དོ་མ་མཉམ་པ་དང་ལེགས་པོ་མེད་པའི་འབུར་ཐོན་གནད་དོན་ལ་དམ་པོར་དམིགས་ནས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱས་ཐོག དུས་ཡུན་རིང་མོའི་ནང་ཐག་གཅོད་བྱ་བསམས་ཀྱང་མི་ཐུབ་པའི་དཀའ་གནད་མང་དག་ཐག་གཅོད་བྱུང་བ་དང་། སྔར་སོང་སྒྲུབ་བསམས་ཀྱང་སྒྲུབ་མི་ཐུབ་པའི་དོན་ཆེན་མང་དག་ལེགས་གྲུབ་བྱུང་ཡོད་ཅེས་པ་སོགས། ཚིག་སྒྲོས་རེ་རེ་དང་ཚིག་དུམ་རེ་རེ་ལས་འདས་ཟིན་པའི་ལོ་ལྔའི་ནང་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་དང་དངོས་མཚོན་གཏིང་འགྲེལ་བྱུང་བས། འཐུས་མི་ཚོས་ངེད་གྲོང་ཁྱེར་ལ་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་དང་སྙིང་དབུས་ནས་མོས་གུས་ཆེན་པོ་སྐྱེས།

འདི་ནི་འཐུས་མི་ཚོས་ངོ་མཚར་ཆེ་བའི་སྙན་སྒྲོན་གསན་རྗེས་དགའ་བསུ་ཞུ་བཞིན་པ།ཏང་གི་འཐུས་མི་ཝུའུ་ཅན་ཅུན་གྱིས་བརྗོད་དོན། འདི་ནི་མི་སེམས་འགུལ་ཞིང་འབད་འཐབ་ལ་སྐུལ་བའི་སྙན་སྒྲོན་ཞིག་རེད། སྙན་སྒྲོན་ནང་། གྲུབ་འབྲས་ལ་ཕྱོགས་བསྡོམས་བདེན་པ་བདེན་ཐུབ་དང་དབྱེ་ཞིབ་ཁ་གསལ་བའི་ཁར་གནད་ལ་འཁེལ་བ། མ་འོངས་འཆར་འགོད་ཐད་དོན་དངོས་དང་ཚན་རིག་དང་མཐུན་པ་བཅས། མདོར་ན་མཛུབ་སྟོན་རང་བཞིན་དང་། དམིགས་གཏད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེས་ཆེར་ལྡན། ཚོགས་ཆེན་གྲོལ་ནས་ལས་གནས་ཐོག་ལོག་རྗེས། ད་ཐེངས་འཚོགས་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ཡག་པོ་བྱ་རྒྱུ་ཡིན། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཀྲེང་ཅུན་གྱིས་བཏོན་གནང་བའི་མདུན་གྲལ་དུ་བསྐྱོད་པའི་ལས་དོན་གྱི་བླང་བྱ་གཞིར་བཟུང་། དམ་པ་དོན་གཉེར་དང་མདུན་གྲལ་དུ་སླེབས་རྒྱུར་བརྩོན་ནས་གོམ་སྟབས་རྗེས་མའི་དམིགས་ཚད་ལས་འགན་དག་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན།འདས་ཟིན་པའི་ལོ་ལྔ་ནི། སྤྱིར་བཏང་ཞིག་གཏན་ནས་མ་ཡིན་མོད། དེ་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་ཆེན་པོ་བྱུང་བའི་ལོ་ལྔ་དང་། སྒོ་ཀུན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་སོང་བའི་ལོ་ལྔ། མཐའ་མཚམས་སྟོབས་ཆེར་གཏོང་བའི་ཐད་འགག་སྒྲོལ་རང་བཞིན་གྱི་འཕེལ་རིམ་བྱུང་བའི་ལོ་ལྔ། སྤྱོད་ཚུལ་འཛུགས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལོ་ལྔ་བཅས་ཡིན་པ་སྙན་སྒྲོན་ལས་གསལ།

འདི་ནི་ཏང་གི་འཐུས་མི་སྒྲོལ་དཀར་གྱིས་ནན་ཏན་ངང་སྙན་སྒྲོན་གསན་བཞིན་པ།གཞི་རིམ་འཐབ་ས་མདུན་མ་ནས་ཡོང་བའི་ཏང་གི་འཐུས་མི་རྒྱ་མཚོས་སྙན་སྒྲོན་ཡིག་ཆ་ལྟ་གིན་གཙོ་གནད་དག་ཟིན་བྲིས་སུ་བཏབ། ཁོ་པས་བརྗོད་དོན། དགེ་རྒན་ཞིག་ཡིན་པའི་ངོས་ནས། ངས་འདས་ཟིན་པའི་ལོ་ལྔའི་ནང་ང་ཚོའི་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་། ང་ཚོ་དགེ་རྒན་དཔུང་ཁག་སྒྲིག་སྦྱོར་ཐད་ལེགས་སྒྱུར་དང་། སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཆེན་པོ། སློབ་གསོའི་སྤུས་ཚད་ལའང་མཐོར་འདེགས་མངོན་གསལ་བཅས་བྱུང་ཡོད། ད་ལྟ་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཐད་སྐུལ་སྤེལ་ཧུར་ཐག་གཏོང་མུས་ལགས། འདི་དག་ཚང་མ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་བྱུང་བས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་བུ་ཕྲུག་རྣམས་སློབ་གསོ་མྱོང་བྱའི་སློབ་གྲྭ་ཡོད་པ་ནས་སློབ་གསོ་ཡག་པོ་མྱོང་རྒྱུ་ཡོད་པའི་བར་འཕོ་འགྱུར་དཔེ་མི་སྲིད་པ་ཕྱིན་སོང་།ཟླ་10པའི་ཚེས་26ཉིན་ནས་ཚེས་28ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲེང་ཅུན་གྱིས་ངེད་གྲོང་ཁྱེར་དུ་རྟོག་ཞིབ་ལ་ཕེབས་སྐབས།  ལྷོ་ཁས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་པའི་ལས་དོན་བླང་བྱ་བཏོན་གནང་ཡོད། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་འདོམས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཡོད་པ། དེ་བཞིན་ཧྲུའུ་ཅི་ཝང་ཀྲེང་ཅུན་གྱིས་གཙོ་བོ་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ། ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་། ཐོན་ཁུངས་ཀྱི་དགེ་མཚན། རྨང་གཞི་ཡག་པོ་བཅས་ཡོད་པས། ང་ཚོས་རང་འགུལ་ངང་བྱས་པ་འཇོག་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ན། ལྷོ་ཁའི་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུར་སྐུལ་སྤེལ་གཏོང་ཐུབ་ངེས་རེད་ཅེས་སྙན་སྒྲོན་ལས་གསལ།

འདི་ནི་ཚོགས་ཞུགས་འཐུས་མི་ཚོས་ཚོས་སྙན་སྒྲོན་གྱི་ནང་དོན་གསན་གཟིགས་གནང་བཞིན་པ།
ཏང་གི་འཐུས་མི་ཆུང་བདག་གིས་ཆོད་སེམས་བསྟན་དོན། ཚོགས་ཆེན་གྱིས་ང་ཚོའི་རྗེས་སོའི་ལས་དོན་ལ་ཁ་ཕྱོགས་དང་དམིགས་ཚད་གསལ་པོར་བསྟན་ཡོད། སླད་ཕྱིན། རང་ཉིད་ནས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་བརྒྱུད་བསྒྲགས་ཡག་པོ་བྱས་ཏེ། ཏང་ཡོན་གྱི་མིག་དཔེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡོད་པའི་ཐོག་ནས་ཚོགས་ཆེན་གྱིས་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་དག་མངོན་འགྱུར་ཐུབ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན།སྙན་སྒྲོན་ནང་གསལ་དོན། མདུན་གྲལ་དུ་བསྐྱོད་པའི་ལམ་བུ་ནི་བདེ་ཞིང་ཡངས་པ་ཞིག་རྩ་བ་ནས་མིན་ཞིང་། དཀའ་ངལ་དང་གནད་དོན་ཅི་ཡང་འཕྲད་སྲིད། དེར་བརྟེན། མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དེ་ཉིད་ལས་དོན་ཁག་ལ་འཆར་འགོད་དང་སྐུལ་སྤེལ་གཏོང་བའི་གཞི་རྩའི་རྩ་དོན་ཞིག་ལ་བརྩིས་ཏེ། དེ་ལ་མཐའ་བསྐོར་ནས་ལས་ཀའི་བྱ་ཐབས་སྒྲིག་བཟོ་བྱས་ནས་དེ་ཉིད་ལས་དོན་ཁག་སྤེལ་ཕྱོགས་ཀྱི་དམིགས་ཚད་ཅིག་ཏུ་ཆགས་པ་བྱ་དགོས། སྙན་སྒྲོན་གྱི་མ་འོངས་འཆར་འགོད་ལས་མི་སེམས་ལ་ལྕག་སྐུལ་དང་ཡར་ཐོན་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་།  ཚོགས་རའི་ནང་བར་མཚམས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།

འདི་ནི་ཚོགས་ཞུགས་འཐུས་མི་ཚོས་ཚོས་སྙན་སྒྲོན་གྱི་ནང་དོན་གསན་གཟིགས་གནང་བཞིན་པ།རང་ཉིད་ཀྱིས་སྔར་སོང་གི་གྲུབ་འབྲས་ལ་སྤོབས་པ་སྐྱེས་བྱུང་ལ། མ་འོངས་ཀྱི་འདུ་འགོད་ལའང་སེམས་འགུལ་ཐེབས་བྱུང་། འདས་ཟིན་པའི་ལོ་ལྔ་ཡི་ནང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འབྲས་བཟང་སྨིན་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཐོབ་སྣང་བཅས་མཐོར་འདེགས་ཟམ་མི་ཆད་པ་བྱུང་ཡོད། སླད་ཕྱིན་ཆད་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་གསར་པ་དེ་དག་དུས་བཀག་ནང་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད་ཅེས་ཚོགས་ར་ནས་ཕྱིར་ཐོན་པའི་ཏང་གི་འཐུས་མི་པད་མ་སྒྲོལ་མས་སེམས་འགུལ་ཆེར་སྐྱེད་སྒོ་ནས་བརྗོད།མ་འོངས་ཀྱི་འདུ་འགོད་བརྩམས་ཟིན། འབད་འཐབ་ད་ལྟ་ནས་བྱེད་རན།  ཡར་ཀླུང་བུ་ཕྲུག་ཁྲི་ཚོ་35ཡིས་ལོ་བརྒྱའི་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ཏེ། ནམ་ཡང་ལྷོད་གཡེང་མེད་པའི་བསམ་བློའི་ཉམས་འགྱུར་དང་། དཀའ་སྤྱད་འབད་འབུངས། དཀའ་སེལ་འགག་སྒྲོལ་བཅས་ཡོད་པའི་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་ཞུམ་མེད་བསྐྱོད་པ་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་བསྐྲུན་ཆེད་འབད་འབུངས་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

来源:山南藏文报

往期精彩回顾

王君正主持召开区党委常委会会议

许成仓参加乃东代表团审议

百名先锋|洛扎县公安局治安大队民警  扎西

审   核|古 鹏 飞

责   编|马 俊 勇

编   辑|尼玛次仁

山南公安    在您身边

觉得好看,请点这里↓↓


您可能也对以下帖子感兴趣

文章有问题?点此查看未经处理的缓存