查看原文
其他

༧ ཁང་སར་བསྟན་པའི་དབང་ཕྱུག་གི་མཐོང་སྣང་སྐལ་བཟང་རིག་གི་དགའ་སྟོན།

阿乍儿雅 阿乍儿雅学术论坛 2022-10-25

ཨ་ཙརྱ་རིག་གཞུང་འཕྲིན་སྟེགས།

ཨ་ཙརྱ་རིག་གཞུང་འཕྲིན་སྟེགས་ནི་བོད་ཁུལ་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་གསར་བ་ཞིག་ལ། འདིར་གར་དེངས་རབ་ཀྱི་རྩིས་འཕྲུལ་དང་བརྡ་འཕྲིན་ཤེས་བྱ་སྣ་ཚོགས་ངོ་སྤྲོད་བྱེད་བཞིན་ཡོད་ལ།  ལྷག་པར་བོད་ཀྱི་རིགས་གནས་སློབ་གསོ་དང་།  འཚོ་བའི་གྲུ་གར་གླན་པའི་གློག་བརྙན་སྣ་ཚོགས་རོ་མྱོང་བྱེད་ཐུབ་ལ།  མ་ཟད་སྤྲོ་དགའི་སྣང་བ་སྟེར་བའི་གླུ་བྲོ་དང་བཞད་གར།   དགའ་སྐྱོ་རྟོགས་འགྱུ་གཟུགས་སུ་ཕབ་པའི་སྙན་རྩོམ་སོགས་མདོར་ན་སྔོན་དང་ད་ལྟའི་བོད་ཀྱི་ངག་ཐོག་རིག་གནས་གང་མང་རྒྱུས་ལོན་དང་ལོངས་སུ་སྤྱོད་ཐུབ།  མ་ཟད་འཕྲིན་སྟེགས་འདི་ནི་གནའ་དེང་གི་རིག་གནས་སྣ་ཚོགས་གསོག་ཉར་བྱ་སའི་བརྡ་འཕྲིན་གྱི་འཇིག་རྟེན་ཆུང་ཆུང་ཞིག་དང་ཡིད་འོང་གི་གར་སྟེགས་ཤིག་ཀྱང་ཅི་ལ་མིན།  



大密前译教法明灯 深密大圆满无上瑜伽士 大悲藏至尊康赛仁波切 文智丹贝旺旭之法性光明净相 密严布达拉山持洲圣者刹土见闻——善缘弟子喜宴


མཚམས་སྤྱོར་པ།   ཕྱོགས་ལས་རྣམ་རྒྱལ། 





སྔོན་གྱི་དུས་ནས་སངས་རྒྱས་འོད་དཔག་མེད་ཀྱིས་ཤིན་ཏུ་གསལ་བར་ལུང་བསྟན་པ་བཞིན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་དེ་ཉིད་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་སུ་འགྲོ་བ་སེམས་ཅན་གྱི་དོན་ལ་འབྱོན་དགོས་པར་བསྐུལ་མ་བྱས་པས་འཕགས་པ་ཐུགས་རྗེ་ཆེན་པོས་ཞལ་གྱིས་བཞེས་ཏེ་བསིལ་ལྡན་གངས་ཀྱི་རི་བོའི་ཡུལ་ལྗོངས་སུ་ཕེབས་པའི་ཚུལ།



如是世尊宣说授记之后, 劝说大悲观世音应赴往雪域高原利益众生。

དེ་ནས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་རྨད་དུ་བྱུང་བའི་དབང་གིས་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་གཉིས་ཀྱིས་སྤྲུལ་པ་བཀྱེས་ཏེ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང་། བྲག་སྲིན་མོ་གཉིས་སུ་གྱུར་ནས་གངས་ཅན་བོད་ཀྱི་ཡུལ་གྲུ། བར་དབུས་གཙང་རུ་བཞིའི་ཡ་གྱལ། རྩེད་ཐང་མགོན་པོ་རིའི་ཚལ་དུ་སྐུ་འཁྲུངས་པའི་ཚུལ།


大悲观世音与圣尊度母分别化现为修道的猕猴以及岩罗刹女。

དེ་ནས་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ཁྱོ་ཤུག་ཏུ་གྱུར་ཏེ་རིམ་བཞིན་སྤྲེལ་ཕྲུག་མང་དུ་འཕེལ་ཞིང་སྤྲེལ་ཕྲུག་རྣམས་འཚོ་བས་ཕོངས་སྐབས་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དྲུང་དུ་བྱོན་ནས་ཞུས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་འབྲུ་རིགས་སྣ་ལྔའི་ཆར་ཕབ། དེ་ལ་ལོངས་སྤྱོད་བྱས་པས་སྤྲེལ་ཕྲུག་རྣམས་ཀྱང་རིམ་བཞིན་མིར་གྱུར་ནས་ཞིང་ལས་སོ་ནམ་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བར་རོལ་པའི་ཚུལ།



此后两者结为夫妇并共同生活,不久便生育了许多幼猴。

由于幼猴们生活贫困,故而向大悲观世音询问解救之法,于是圣尊菩萨以神变降下如雨谷类。

此后猕猴逐渐转变为人类,开始种植谷类庄稼

དེ་ནས་བོད་ཀྱི་ཡུལ་དུ་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས་མངའ་བདག་ཆོས་ཀྱི་རྒྱལ་པོ་རྣམས་རིམ་པར་བྱོན་པ་ལས་འཕགས་མཆོག་ཕྱག་ན་པདྨོ་མི་རྗེ་ལྷའི་རྒྱལ་པོའི་རྣམ་པར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཆོས་རྒྱལ་མེས་དབོན་རྣམ་ངསུག་གྱིས་མངའ་ཐང་གི་རྒྱ་བསྐྱེད་དེ་འཛམ་གླིང་སུམ་གཉིས་ཙམ་ཆབ་འབངས་སུ་བསྡུས་ནས་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཙུགས་ཏེ་རྒྱལ་ཁམས་དཀར་པོའི་ཆོས་ལ་བསྒྱུར་ཞིང་སྐྱེ་དགུ་བདེ་ལ་བཀོད་པའི་ཚུལ་ཏེ་བོད་ཐོག་མའི་བྱུང་བ་མདོ་ཙམ་བསྟན་པའོ། །



藏王松赞干布是大悲观世音的化身,以大悲利他心创建了藏传佛教,安置雪域之国于福乐地。

ཆོས་ཉིད་འོད་གསལ་དག་པའི་སྣང་ཆར་འོག་མིན་རི་བོ་པོ་ཏ་ལའི་ཞིང་དུ་ཕེབས་པའི་ཚེ་མཁའ་འགྲོ་སྡེ་ལྔ་མངོན་སུམ་དུ་བྱོན་ནས་འཇའ་སྤྲིན་གྱི་ལམ་ནས་དར་ཚོན་སྣ་ལྔ་དང་སྣ་ཚོགས་མཆོད་པའི་རྫས་ཀྱིས་སྣ་དྲངས་ཏེ་བསུ་མ་བྱས་པའི་ཚུལ།



至尊上师仁波切于净相中赴往持舟山刹土,尔时空中有五部空行前来迎接。

དེ་ནས་རི་བོ་གྲུ་འཛིན་གྱི་ཕྱིའི་ཡུལ་ལྗོངས་སུ་འོད་ཟེར་སྤྲིན་གྱི་སྐྱེད་མོའི་ཚལ་ཞེས་པ་མཛེས་སྡུག་ཡིད་དུ་འོང་བའི་གནས་སུ་ཆོས་ཀྱི་གྲོགས་པོ་དམ་པ་ཆོས་དཔལ་ཞེས་པ་དང་མཉམ་དུ་འབྱོར་བའི་ཚེ་ན་རིན་པོ་ཆེའི་བྲག་རིའི་ངོས་རྣམས་སུ་འཕགས་པ་རིགས་གསུམ་མགོན་པོ་རང་བྱོན་འབུར་དོད་དུ་འདུག་པ་རྣམས་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མར་མེ་དང་བདུག་སྤོས་སོགས་འདོད་པའི་ཡོན་ཏན་རྣམ་ལྔ་འཇའ་དང་འོད་ཟེར་གྱི་ཀློང་ནས་མངོན་པར་སྤྲོ་བར་མཇལ་ཞིང་། དེ་ལས་ཀྱང་རི་བོ་གྲུ་འཛིན་གྱི་ཞིང་གི་ཤར་ཕྱོགས་ཀྱི་ནམ་མཁར་ནོར་བུའི་སྤྲིན་གྱི་ཕུང་པོ་ལང་ལོང་དུ་འཁྲིགས་པའི་དབུས་ནས་གཙུག་ལག་ཁང་གི་ཕྱེད་ཙམ་མཐོང་བ་རྒྱང་རིང་པོ་ནས་མཇལ་བའི་མོད་ལ་དད་པའི་སྤུ་ལོང་གཡོ་བཞིན་གཟིགས་པའི་ཚུལ།



仁波切抵达持舟山刹土时,在“光芒云层林苑”处遇见道友“法德”,两人共同朝圣珍宝山岩上的“天然三怙主”(文殊,观世音,金刚手菩萨)。

仁波切又抬头仰望持舟山刹土的东方,见到空中珍宝云层中布达拉宫的半边。

དེ་ནས་ཆོས་ཀྱི་གྲོགས་པོ་དྷརྨའི་མཚན་ཅན་དང་མཉམ་དུ་མཚོ་གླིང་ཉམས་དགའ་བའི་དབུས་སུ་གྲོང་ཁྱེར་ཆེན་པོ་ཚངས་པའི་འབྱུང་གནས་ཞེས་བྱ་བ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པའི་ཁང་བཟང་ཡིད་དུ་འོང་བའི་གནས་སུ་བསླེབས་པ་ན། རྒྱ་མཚོའི་རླབས་ཀྱིས་སྣ་ཚོགས་ནོར་བུའི་ཕུང་པོ་མཁའ་དབྱིངས་སུ་མཆོད་ཅིང་རྣལ་འབྱོར་གྲུབ་པའི་རིག་འཛིན་རྣམས་ཀྱིས་ནམ་མཁའ་ནས་ནོར་བུ་སྣ་ཚོགས་པ་ཕྱག་ཏུ་བསྣམས་ཏེ་འཕུར་རྩལ་ངོམ་བཞིན་ཕན་ཚུན་ཅི་དགར་བསྐྱོད་པའི་ཚུལ།


此后仁波切又遇见道友“达玛”,两人来到一座叫“梵净生源”的城市。四周的海面涌动着层层波浪,浪花中的珍宝不断散向天空,供养给上师三宝等福田。

དེ་ནས་ཡང་ཅིག་མདུན་དུ་ཕེབས་པའི་ཚེ་ན་གྲུ་འཛིན་འཕགས་པའི་ཞིང་ཁམས་ཀྱི་ནམ་མཁའ་དང་བར་སྣང་རྣམས་སུ་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་ལྕང་ལོའི་ཟར་བུ་ཤིགས་སེ།རུས་རྒྱན་གཡེར་ཁ་ཁྲོ་ལེ། དར་གྱི་འཕྱང་འཕྲུལ་སྤུངས་སེ་འཕུར་ནས་བྱོན་པ་དང་། བྱང་ཆུབ་སེམས་དཔའི་དགེ་སློང་མང་པོས་ཀྱང་ངུར་སྨྲིག་གི་ན་བཟའི་གཟི་འོད་ལམ་ལམ་ཕན་ཚུན་འཕུར་ཏེ་ཕེབས་པ། ཡིད་དུ་འོང་བའི་སྤང་ལྗོངས་མཛེས་སྡུག་མེ་ཏོག་གིས་བརྒྱན་པ་རྣམས་སུ་སྐྱེ་བོ་ཕོ་མོ་འཇོ་སྒེག་གི་ཉམས་དང་ལྡན་པ་དུ་མས་གླུ་གར་དང་རྩེད་འཇོ་ལ་རོལ་པ། གཙུག་ལག་ཁང་དང་ཀུན་དགའ་ར་བ་དང་ཆོས་གྲྭ་ཆེན་པོ་རྣམས་སུ་རབ་ཏུ་བྱུང་བའི་ཚོགས་རྣམས་ཀྱིས་དམ་པ་ཆོས་ཀྱི་བགྲོ་གླེང་བྱེད་པ་སོགས་ལ་མཇལ་བའི་ཚུལ།


持舟山刹土上空飞舞着诸多持明勇父,空行,以及菩萨比丘众。心旷神怡的草坪上聚集着诸多男女,他们正在翩翩起舞。前方又有一处天然的大法苑,僧众们正在研讨法要。

དེ་ནས་རི་བོ་གྲུ་འཛིན་གྱི་ཞིང་གི་ཁོར་ཡུག་ཏུ་ངོ་མཚར་སྤྲུལ་པའི་ལྗོན་ཤིང་དཔག་ཚད་མང་པོའི་བར་ཁྱབ་པ་རྣམས་ལ་ལོ་འདབ་དང་མེ་ཏོག་འབྲས་བུ་རྣམས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རང་བཞིན་ཅན་གྱི་བསིལ་གྲིབ་ན་སྤྲུལ་པའི་དགེ་སློང་ཆོས་སྨྲ་བའི་ཚོགས་མང་པོ་བཞུགས་པ་རྣམས་ལས་འཁོར་མང་པོ་དག་དང་ཐབས་གཅིག་ཏུ་དམ་པའི་ཆོས་གསན་པའི་ཚུལ།


持舟山刹土周边有美丽的树荫,仁波切拜见了此处的说法比丘,以及比丘的眷属众。

དེ་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཤིང་ལྗོན་པའི་དབང་པོ་མེ་ཏོག་དང་འབྲས་བུས་བརྒྱན་པའི་སྟེང་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བྱ་ནེ་ཙོའི་གཟུགས་ཀྱིས་དུང་དང་ཆུ་སྲིན་ཉ་བོ་ཆེ་ལ་སོགས་པ་མཚོ་ལ་གནས་པའི་སྲོག་ཆགས་རྣམས་ལ་དམ་པའི་ཆོས་གསུངས་པ་ལ་ཆོས་ཀྱི་གྲོགས་པོ་བྱང་ཆུབ་བཟང་པོ་དང་བགྲོ་གླེང་བྱེད་བཞིན་མཇལ་བའི་ཚུལ།


这只鹦鹉是大悲观世音的化身,他正在海面上为诸多水中生命说法。这时仁波切随同道友“菩提贤”来到此处,两人开始研讨法要。

དེ་ནས་ཡང་མཚོ་གླིང་ཉམས་དགའ་བའི་དབུས་སུ་པདྨའི་སྡོང་པོ་ཡལ་ག་དང་ལོ་འདབ་རབ་ཏུ་རྒྱས་པའི་ཟེའུ་འབྲུའི་སྟེང་ན་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་དུ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་བྱ་ཁུ་བྱུག་གི་གཟུགས་ཅན་གྱིས་རང་གི་རིགས་སུ་གཏོགས་པའི་ངང་བ་དང་ངུར་བ་རྨ་བྱ་དང་ཁྲུང་ཁྲུང་ལ་སོགས་པའི་མཚོ་ལ་གནས་པའི་འདབ་ཆགས་བྱའི་ཚོགས་རྣམས་ལ་དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་པར་ཐུགས་ཤིན་ཏུ་དགྱེས་བཞིན་མཇལ་བའི་ཚུལ།


这只杜鹃是大悲观世音的化身,仁波切见到他正在为诸多禽鸟说法。

དེ་ནས་རི་བོ་གྲུ་འཛིན་གྱི་ཞིང་གི་ཁོར་ཡུག་ན་གྲོང་ཁྱེར་སྤྲིན་གྱི་སྙིང་པོ་ཞེས་བྱ་བའི་རི་སུལ་རྣམས་སུ་བྲག་སྐྱིབས་དང་།གཞན་ཡང་ཤིང་ལྗོན་པའི་བསིལ་གྲིབ། སྨྱུག་མའི་ཁང་ཆུང་། ལོ་མའི་སྤྱིལ་བུ་སོགས་སུ་གྲོགས་རི་དྭགས་མང་པོ་དང་མཉམ་དུ་བསམ་གཏན་གྱི་མལ་སྟན་བདེ་བ་ལ་དྲང་སྲོང་རི་ཁྲོད་པ་དུ་མ་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་བཞུགས་པར་མཇལ་བའི་ཚུལ།


持舟山刹土周边又有城市名为“云藏”,此处岩洞中居住着诸多静修仙人,仁波切见到他们正处于禅定之中。

དེ་ནས་རི་བོ་གྲུ་འཛིན་གྱི་ཞིང་གི་ཁོར་ཡུག་རྣམས་སུ་གཏེར་ཆེན་པོའི་བུམ་པ་བཟང་པོ་འདོད་རྒུ་ཡིད་བཞིན་དུ་འབྱུང་བའི་བདག་ཉིད་ཅན་དང་། འདོད་པ་འཇོ་བའི་བ་མོ། དཔག་བསམ་གྱི་ལྗོན་པ། མ་རྨོས་པའི་ལོ་ཏོག་གི་ཚལ། ཁྱད་པར་དུ་སྤོས་ཆུའི་གཤེར་བའི་ཁྲུས་ཀྱི་རྫིང་བུ་རྣམས་ཀྱི་སྟེང་དུ་བསིལ་གདུགས་གསེར་གྱི་ཡུ་བ་ཅན་ལ་རིན་ཆེན་སྣ་ཚོགས་ཀྱི་དྲ་བ་དང་དྲ་ཕྱེད་ཀྱིས་མཛེས་པ། གཡས་གཡོན་རྣམས་སུ་མཚར་སྡུག་ལང་ཚོས་སྒེག་པའི་ལྷའི་བུ་མོ་མང་པོས་ཁྲུས་ཀྱི་བུམ་པ་དྲི་ཞིམ་བདུད་རྩིས་བཀང་བའི་ཆུ་རྒྱུན་གྱིས་སྐུ་ཁྲུས་གསོལ་བ་སོགས་ངོ་མཚར་སྤྲུལ་པའི་བཀོད་པ་ཡིད་དུ་འོང་བ་རྣམས་ལ་གཟིགས་པའི་ཚུལ།


仁波切又见到刹土周边有无量无边的宝瓶,天然稻田,如意宝树,悦意的浴池,以及如意牛。


དེ་ནས་རྒྱ་མཚོ་ཆེན་པོའི་འགྲམ་མེ་ཏོག་སྣ་ཚོགས་བཀྲ་བའི་སྐྱེད་མོའི་ཚལ་ཤིང་ལྗོན་པའི་བསིལ་གྲིབ་དུ་སྐུ་ངལ་གསོས་པའི་ཚེ་ན་མཚོ་པདྨའི་དྲྭ་བ་ཅན་དུ་རིན་པོ་ཆེའི་སྡོང་པོ་མཐོ་ཞིང་བརྗིད་ལ་འོད་ཟེར་གྱི་སྣང་བ་ལམ་ལམ་འཕྲོ་བ་དག་ལ་སྤྲུལ་པའི་བྱ་ངང་བའི་ཚོགས་རྣམས་ཀྱིས་འཕུར་བསྐྱོད་ལྡིང་སྐོར་བྱེད་པ་དང་། མཚོ་ནང་ནས་ལྷ་ཀླུ་མིའི་ལོངས་སྤྱོད་རྒྱལ་སྲིད་ནོར་བུ་ཆ་བདུན་དང་གཞན་ཡང་སྣ་ཚོགས་མཆོད་པའི་སྤྲིན་ཕུང་མང་པོ་མདུན་དུ་བསྟར་བ་ལ་གཟིགས་པའི་ཚུལ།


仁波切又来到一处名叫“花海”的岸边休憩片

刻,海中有莲花蔓网相互交织,诸多珍宝树长出海面,一些鹅鸟正在空中盘旋戏舞。

དེ་ནས་དྲི་མེད་དྭངས་བསིལ་གྱི་རྒྱ་མཚོ་ཆེན་པོའི་ཀློང་ན་གྲོང་ཁྱེར་སྤྲིན་གྱི་སྙིང་པོ་ཅན་ཞེས་པའི་དབུས་སུ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་ཕོ་བྲང་མེ་ཏོག་ཟུམ་པ་ཅན་ཞེས་བྱ་བ་ཀླུའི་ཡུལ་གྱི་ཁྱད་པར་འཕགས་པའི་བསམ་འཕེལ་དབང་གི་རྒྱལ་པོ་རིན་ཐང་གཞལ་དུ་མེད་པ་དུ་མས་མངོན་པར་མཛེས་པའི་སྒོ་དྲུང་དུ་ཀླུའི་བུ་མོ་མང་པོས་ནོར་བུའི་གཞོང་པ་ཐོགས་ཏེ་འདུག་པ་སོགས་མཇལ་བའི་ཚུལ།


此后,仁波切见到大海中有城市名为“云藏”。城内有广宝龙王宫殿名为“花蕾”。

དེ་ནས་ཡན་ལག་བརྒྱད་ལྡན་གྱི་མཚོ་གླིང་དུ་སྣ་ཚོགས་ནོར་བུའི་རི་བོ་ཕྱུར་བུར་སྤུངས་ཤིང་བྱུར་དམར་གྱི་འཁྲི་ཤིང་ལྡེམ་པོར་གཡོ་བའི་དབུས་སུ་ཀླུའི་རྒྱལ་པོ་དབང་པོའི་ཕོ་བྲང་པདྨ་ཅན་ཞེས་བྱ་བ་སྣ་ཚོགས་པདྨ་གསར་བའི་རྒྱན་ཕྲེང་གིས་ཀུན་ནས་མཛེས་པར་བརྒྱན་པ་ངོ་མཚར་ཡིད་དུ་འོང་བའི་བཀོད་པ་རྣམས་ལ་གཟིགས་པའི་ཚུལ།


仁波切又见到自在龙王宫殿,名为“莲花”。

དེ་ནས་ཡང་མཚོ་གླིང་ཉམས་དགའ་བ་དཔག་བསམ་ལྗོན་པའི་ཕང་ཕུང་ལ་མུ་ཏིག་གསར་བའི་ཕྲེང་བས་སྦྲེལ་བ་འཇའ་འོད་སྤྲིན་ཕུང་འཁྲིགས་པའི་དབུས་སུ་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་ཕོ་བྲང་འོད་ཀྱི་དྲ་བ་ཅན་ཞེས་བྱ་བ་གསེར་ཏོག་དང་རྒྱ་ཕིབས། གཞན་ཡང་རི་དྭགས་ཆོས་ཉན་དང་ཆོས་འཁོར་གྱིས་ལེགས་པར་བརྒྱན་པ་འོད་ཀྱི་སྣང་བ་མུ་མཐའ་མེད་པར་བརྡལ་བའི་ཕྱི་ནང་གི་རྟེན་དང་བརྟེན་པའི་བཀོད་པ་རྣམས་ལ་མཇལ་བའི་ཚུལ།


仁波切又见到无量龙王宫殿,名为“光蔓”。

དེ་ནས་ཤིང་ལྗོན་པའི་དབང་པོ་དང་མེ་ཏོག་སྣ་ཚོགས་ཀྱིས་ཁོར་ཡུག་ཐམས་ཅད་ལེགས་པར་བརྒྱན་པའི་མཚོ་གླིང་དུ་ཀླུའི་དབང་པོ་པདྨ་ཆེན་པོའི་ཕོ་བྲང་གསེར་གྱི་དྲ་བ་ཅན་ཞེས་བྱ་བ་གསེར་གྱི་འབྲུག་གི་ཁ་ནས་གསེར་གྱི་ཆུ་སྐྱུགས་པ་སོགས་ཐམས་ཅད་གསེར་གྱི་རང་བཞིན་དུ་སྣང་བའི་བར་ཁང་གི་རབ་གསལ་ནང་དུ་ཀླུ་རྒྱལ་འཁོར་དང་བཅས་པ་གནས་ཤིང་སྒོ་དྲུང་དུ་ཀླུའི་བུ་མོས་ཁྱད་འཕགས་ཀྱི་ནོར་སྣ་མང་པོ་མདུན་དུ་སྤུངས་ཏེ་དད་གུས་ཀྱིས་བསུ་མ་བྱས་པའི་ཚུལ།


仁波切又见到大莲龙王宫殿,名为“金蔓”。

དེ་ནས་མཚོ་གླིང་ཡིད་དུ་འོང་བའི་སྐྱེད་ཚལ་དུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ལྗོན་ཤིང་རྣམས་ལ་དྲིལ་བུ་དང་གཡེར་ཁའི་དྲ་བ་དང་དྲ་ཕྱེད་འཕྱང་བ་དག་རླུང་གིས་བསྐུལ་ཚེ་སྒྲ་སྙན་པ་དཔག་ཏུ་མེད་པ་སྒྲོག་པའི་དབུས་སུ་ཀླུ་གཙུག་ན་རིན་ཆེན་གྱི་ཕོ་བྲང་འོད་ཀྱི་སྙིང་པོ་ཅན་ཞེས་བྱ་བ་སྣང་ལ་རང་བཞིན་མ་གྲུབ་པ་ཉིན་མཚན་མེད་པར་འོད་དང་འོད་ཟེར་འཕྲོ་བ་དེར་ཕེབས་པའི་ཚེ་ཀླུ་རྒྱལ་འཁོར་དང་བཅས་པ་མཇལ་བའི་ཚུལ།


仁波切又见到宝髻龙王宫殿,名为“光藏”

དེ་ནས་རི་བོ་གྲུ་འཛིན་གྱི་ཞིང་གི་ཤར་ཕྱོགས་ཀྱི་ནམ་མཁའི་མཐོངས་སུ་བསྐྱོད་པ་ན། ཕོ་བྲང་རྒྱ་མཚོའི་སྤྲིན་ཞེས་བྱ་བ་དོན་ལ་རང་སྣང་ཡེ་ཤེས་ཀྱི་རྣམ་འགྱུར་ལས་ཤར་བ་ངོ་མཚར་སྤྲུལ་པའི་གཞལ་མེད་ཁང་ཆེན་པོ་དེའི་དབུས་སུ་རྒྱལ་ཡུམ་མཁའ་འགྲོའི་གཙོ་མོ་ཚེ་འཛིན་སྒྲོལ་མ་དཀར་མོ་དང་མཇལ་ནས་དམ་པའི་ཆོས་ཀྱི་ལོངས་སྤྱོད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་དགའ་སྟོན་ལ་རོལ་བའི་སྐབས་སྤྲུལ་པའི་ལྷ་མོ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཟུང་གིས་དར་དཀར་པོ་དྲི་མ་མེད་པ་དང་སྙན་འཇེབས་གླིང་བུའི་འགྱུར་ཁུག་བཅས་ཡིད་དགའ་བའི་རྣམ་འགྱུར་ངོམ་པའི་ཚུལ།


仁波切又赴往持舟山净土的东方,此处有城名为“海云”。这时仁波切拜见了长寿白度母尊,聆听了诸多正法喜宴。

དེ་ནས་རྣམ་མང་འདོད་ཡོན་གྱི་མཆོད་པ་སྤྲིན་ལྟར་གཏིབས་པའི་བར་མཚམས་རྣམས་སུ་རྩ་བ་དང་སྡོང་པོ།ཡལ་ག་དང་ལོ་མ། མེ་ཏོག་དང་འབྲས་བུ་རྣམས་རིན་པོ་ཆེ་སྣ་ལྔ་དང་སྣ་བདུན་ལས་གྲུབ་པའི་ལྗོན་ཤིང་རྣམས་ཀྱང་ཕན་ཚུན་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་བའི་སྐྱེད་ཚལ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཀླུའི་བུ་མོ་དག་གིས་རིན་པོ་ཆེའི་སྲད་བུ་འཁེལ་བ་ནོར་བུའི་དབྱིབས་གཟུགས་སྣ་ཚོགས་སུ་མིག་འཕྲུལ་ལྟར་བསྒྱུར་བར་གཟིགས་པའི་ཚུལ།


此后,仁波切又见到龙女正在捻珍宝长绳。持舟山刹土周边有诸多宝树,悉数以珍宝蔓网相互连结。

དེ་ནས་ངེས་པའི་དོན་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དེ་ཉིད་གདུལ་བྱའི་ཁམས་དབང་དང་མཐུན་པར་རི་བོང་གི་གཟུགས་ཀྱི་རྣམ་པས་རི་དྭགས་དང་གཅན་གཟན་སོགས་སྲོག་ཆགས་དགྲ་གཤེད་རྣམས་ལ་ལས་རྒྱུ་འབྲས་སོགས་དམ་པའི་ཆོས་ཀྱི་རྣམ་བཞག་རྒྱ་ཆེར་གསུངས་པས་སེམས་ཅན་དེ་དག་ཕན་ཚུན་བྱམས་པའི་སེམས་དང་ལྡན་པར་གྱུར་པ་ལ་གྲོགས་ངང་པའི་རྒྱལ་པོ་དང་མཉམ་དུ་དེར་ཕེབས་ནས་ཆོས་གསན་པའི་ཚེ་ན་ནམ་མཁའི་མཐོངས་སུ་ལྷ་དང་དྲང་སྲོང་རྣམས་ཀྱིས་བདེན་པའི་ཚིག་བརྗོད་བཞིན་རྒྱུ་ཞིང་ཕྱག་ནས་མེ་ཏོག་སྣ་ཚོགས་ཀྱི་ཆར་སིལ་མར་བསྙིལ་ནས་ཕྱོགས་ཀུན་བཀྲ་ཤིས་དམ་པའི་དཔལ་ལ་སྦྱོར་བའི་ཚུལ།


这位兔王是大悲观世音的化身,他正在对诸多恶兽说法,于是它们的相续中开始升起慈爱之心。这时仁波切随同鹅王来到此处,共同聆听正法。

此外,仁波切又见到诸天神与仙人在空中腾云行走,空中不断降下种种花雨。

དེ་ནས་ཡང་ཅིག་མཚོ་གླིང་ཡིད་དུ་འོང་བའི་འགྲམ་སྣ་ཚོགས་ནོར་བུའི་ཕུང་པོ་ཐང་མར་བརྡལ་བའི་སྐྱེད་ཚལ་དུ་ཕེབས་པའི་ཚེ་ན་རྒྱ་མཚོ་ཆེན་པོའི་རྦ་རླབས་ཀྱི་ཕྲེང་བ་རིམ་པར་སྒོ་འབྱེད་གཅོད་ཀྱི་ཚུལ་དུ་བྱུང་བའི་བར་གསེང་ནས་རང་བྱུང་རིན་པོ་ཆེའི་བྲག་ཕུག་ཡིད་དུ་འོང་བའི་ནང་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་ཕྱག་དང་བཞེངས་བཞུགས་ཀྱི་རྣམ་པ་མི་འདྲ་བ་དུ་མ་རེས་མོས་སུ་མཇལ་ཞིང་ནམ་མཁའི་དབྱིངས་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་ཁྲུས་ཆབ་གསོལ་བ་སོགས་ལ་གཟིགས་པའི་ཚུལ།


仁波切即将抵达布达拉宫殿时,途中经过一处海岛,岛屿上有诸多珍宝山岩,岩洞中有不同手面形体的大悲观世音圣尊,随着海浪的拍打起伏,这些洞门依次开启与闭合。

དེ་ནས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སྡེ་ལྔ་སྤྲུལ་པའི་བྱ་རྒོད་ཀྱི་རྣམ་པའི་གྲོགས་དང་བཅས་ཏེ་ནམ་མཁའ་ནས་གཤེགས་པའི་ཚེ་རྒྱང་རིང་པོ་ན་མཁའ་སྤྱོད་ཀྱི་ཞིང་ཁམས་གཞན་ཡང་མཐོང་ལ་ཞིང་ཁམས་གཞན་ནས་ཕེབས་པའི་རྣལ་འབྱོར་པའི་ཚོགས་རྣམས་ལ་འཇའ་ཟེར་འོད་ཀྱི་རྩེ་མོར་མཆོད་པའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་ཐོགས་པའི་ལྷ་མོ་རྣམས་ཀྱིས་བསུ་སྐྱེལ་བྱེད་པ་དང་། དེ་ནས་ཐག་ཧ་ཅང་མི་རིང་བའི་སར་གངས་རི་དཀར་པོ་ཞོ་གསར་སྤུངས་པ་ལྟ་བུའི་ཡང་རྩེ་ན་བདུད་རྩིའི་སྤྲིན་དཀར་ལང་ལོང་དུ་འཁྲིགས་པའི་དབུས་སུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕོ་བྲང་པོ་ཏ་ལ་གསེར་འོད་ལམ་ལམ་འཕྲོ་བ་དང་མཇལ་བས་དད་སྤྲོའི་པདྨོ་ཁོངས་ནས་འཛུམ་པའི་ཚུལ།


这群飞鹰是五步空行的化身,仁波切随同她们升入空中。眺望远处时,仁波切见到雪山巅顶上方有甘露白云环绕,云层中央有大悲观世音的布达拉宫殿。

དེ་ནས་མཐའ་བསྐོར་གྱི་དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་མཚོ་གླིང་ཆེན་པོ་ནའང་ངོ་མཚར་སྤྲུལ་པའི་པོ་ཏ་ལ་བཀྲག་མདངས་ཀྱི་གཟི་འོད་ལམ་མེར་འཆར་བ་ལ་ལྷ་རྣམས་ཀྱིས་བདུད་རྩིའི་ཆུའི་མཆོད་ཡོན་སྦྲེང་ཞིང་ཀླུ་རྣམས་ཀྱིས་སྣ་ཚོགས་ནོར་བུའི་མཆོད་སྤྲིན་འབུལ་བར་གཟིགས་པའི་ཚུལ།


仁波切在空中俯视下方,见到海中也有幻化布达拉宫殿。

དེ་ནས་སྐྱོན་བྲལ་ནམ་མཁའ་དྭངས་པའི་དབྱིངས་སུའང་སྣང་ལ་རང་བཞིན་མ་གྲུབ་པའི་སྒྱུ་འཕྲུལ་སྤྲུལ་པའི་པོ་ཏ་ལ་འཇའ་ཚོན་སྣ་ལྔའི་འོད་ཀློང་དུ་ཤར་བ་ལ་བར་སྣང་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དུང་དང་རོལ་མོ་སོགས་ཐོགས་ནས་གླུ་དང་གར་གྱི་ཕྱག་རྒྱ་བསྒྱུར་ཞིང་འོག་ནས་ཀླུའི་བུ་མོ་རྣམས་ཀྱིས་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པའི་མཆོད་སྤྲིན་སྟོབས་པར་མཇལ་བའི་ཚུལ།


仁波切在空中仰视上方,见到虚空处有幻化布达拉宫殿熠熠放光。

དེ་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕོ་བྲང་པོ་ཏ་ལའི་ལྕགས་རིའི་སྒོ་དྲུང་དུ་བསླེབས་པའི་ཚེ་ན་སྐྱེ་བའི་ཕྲེང་བ་སྔོན་མའི་དུས་ཀྱི་རྡོ་རྗེའི་མཆེད་པོ་དག་གིས་མདུན་བསུས་ཏེ་བཀྲ་ཤིས་པའི་རྫས་དཔག་ཏུ་མེད་པ་ཕྱག་ན་བསྣམས་པའི་དཔའ་བོ་དང་ཌཱཀྐི་གྲངས་མེད་པ་རྣམས་དང་འཇོ་སྒེག་ཉམས་ཀྱི་རྣམ་འགྱུར་མིག་འཕྲུལ་ལྟར་བསྒྱུར་བའི་གླུ་མ་དང་གར་མ་མང་པོས་དྲི་མ་མེད་པའི་ཁ་བཏགས་སྲིད་ན་རིང་བས་སྣ་དྲངས་ཏེ་རོལ་མོའི་རིགས་སྣ་ཚོགས་ཀྱིས་བསུས་པའི་ཚེ་ན་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཀྱང་ཐུགས་དགའ་སྤྲོའི་ཉམས་ཀྱིས་མྱོས་པས་ཐོལ་བྱུང་གི་མགུར་མ་དང་ཞབས་བྲོ་འཁྲབ་བཞིན་ཕེབས་པའི་ཚུལ།


仁波切抵达布达拉宫殿的外墙大门时,有无量无边的勇父与空行手捧各种供品与乐器,共同迎接仁波切的到来。

དེ་ནས་གཞལ་ཡས་ཁང་གི་ནང་དུ་ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་མངོན་པར་བཀྲམས་པའི་དབུས་སུ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འགྲོ་འདུལ་སྤྱན་རས་གཟིགས་རབ་དཀར་ཟླ་བ་གཞོན་ནུའི་འཛུམ་ཞལ་ཅན་གཡས་གཡོན་དུ་སྒྲོལ་མ་དཀར་ལྗང་གཉིས་བཅས་བཞུགས་པའི་དྲུང་དུ་ཕེབས་པའི་ཚེ་ན་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་འཕགས་མཆོག་ལོ་ཀི་ཤྭ་ར་མདུན་དུ་བྱོན་ཏེ་ཕྱག་གཡས་པ་གསེར་གྱི་མདོག་ཅན་གླང་པོ་ཆེའི་སྣ་ཞགས་ལྟར་བསྐྱངས་པ་དེ་ཉིད་སྤྱི་བོར་བཞག་ནས་བུ་ཁྱོད་མ་འོངས་པའི་དུས་ན་བསྐལ་བ་མེ་ཏོག་བཀོད་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱན་དུ་སངས་རྒྱས་པར་འགྱུར་རོ་ཞེས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཚུལ།


仁波切进入布达拉宫殿时,大悲观世音的心间幻化出圣尊“洛格秀冉(大悲观世音的化身)”。圣尊伸出金色手臂置于仁波切头顶,赐予未来菩提果位之授记。

དེ་ནས་མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྣ་ཚོགས་པདྨ་ཟླ་བའི་གདན་གྱི་སྟེང་དུ་འཕགས་མཆོག་ཕྱག་ན་པདྨོ་སྐུ་མདོག་གངས་ཀྱི་ལྷུན་པོ་ལ་ཉི་འོད་འབུམ་གྱིས་འཁྱུད་པ་ལྟར་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་ཕྱག་དང་བཅས་དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དཔག་ཏུ་མེད་པ་ཕུལ་ཏེ་གསོལ་བ་བཏབ་པས་འཕགས་མཆོག་ཐུགས་རྗེ་ཆེན་པོས་སྨིན་བྱེད་དབང་བཞིའི་ཆུ་བོ་སྤྱི་དང་ཁྱད་པར་དུ་རིག་པ་རྩལ་གྱི་དབང་མཆོག་བསྐུར་ཞིང་ངེས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བའི་ཚུལ།


持莲圣尊赐与仁波切成熟四灌顶。

དེ་ནས་སླར་ཡང་གསོལ་བ་བཏབ་པའི་ངོར་བརྩེ་ཆེན་སྙིང་རྗེའི་རང་གཟུགས་འཕགས་མཆོག་མིག་མི་ཟུམ་པའི་ཐུན་མིན་ཉེ་བརྒྱུད་ཀྱི་གདམས་པ་ཟབ་མོ་སྟེ་གྲོལ་བྱེད་ཁྲིད་ཀྱི་རིམ་པའི་མན་ངག་སྙན་བརྒྱུད་ཟབ་མོ་རྣམས་ཕ་ནོར་བུ་སྐལ་གྱི་ཚུལ་དུ་གཏད་དེ་ཕྱིས་སུ་སྐལ་ལྡན་གྱི་སློབ་མ་དང་སྣོད་ལྡན་གྱི་གང་ཟག་རྣམས་རྗེས་སུ་འཛིན་དགོས་པར་གསུངས་ཏེ་བཀའ་ཡིས་གཟེངས་བསྟོད་མཛད་པའི་ཚུལ།


复次,持莲圣尊又赐与仁波切解脱教授心要。

དེ་ནས་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་སུ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་སྐྱབས་རྗེ་བླ་མ་རིན་པོ་ཆེ་ཉིད་ལ་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱན་ཆས་རྣམས་ཀྱིས་མངའ་གསོལ་ཞིང་བཀའ་གཏེར་སྤྱི་དང་བྱེ་བྲག་ཏུ་གསུང་པདྨ་རིགས་ཀྱི་མདོ་རྒྱུད་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པའི་གླེགས་བམ་རྣམས་གཏད་དེ་ད་དུང་ཕྱིར་མི་ཡུལ་དུ་ཕེབས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དགོས་པའི་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་བསྩལ་བའི་ཚུལ།


此时仁波切已处于无量的菩萨中,大悲观世音化身赐与仁波切圆满报身严饰,以及语莲花部教藏经续法要。复又嘱咐仁波切说,善男子,汝仍需继续成办广大利他事业。

དེ་ནས་གཞན་ཡང་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ། འཕགས་མཆོག་སྡུག་བསྔལ་རང་གྲོལ། སྙིང་རྗེའི་གཏེར་ཆེན་མིག་མི་ཟུམ་པ།མཐོང་གྲོལ་ཆེན་མོ་དོན་ཡོད་ཞགས་པ། བདེ་སྟོང་དགྱེས་རོལ་རྒྱལ་བ་རྒྱ་མཚོ། གཞོན་ནུ་ཡེ་ཤེས་འཁོར་བ་དོང་སྤྲུགས། སྐུ་ལྔའི་བདག་ཉིད་ཡང་གསང་བླ་མེད། སྲིད་ཞིའི་ཁྱབ་བདག་ངན་སོང་དོང་སྤྲུགས། ནད་རིམས་གདོན་འཇོམས་སེང་གེའི་སྒྲ། འགྲོ་བློའི་རྨོངས་སེལ་ཤེས་རབ་མིག་འབྱེད་སོགས་ངོ་བོ་གཅིག་ལ་རྣམ་འགྱུར་གྱི་རོལ་བ་ཐ་དད་དུ་སྣང་བའི་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མཇལ་ནས་དེ་དག་རེ་རེའི་མདུན་ནས་ཁམས་གསུམ་འཁོར་བ་དོང་སྤྲུགས་ཀྱི་གདམས་པ་རེ་རེ་བཞིན་ཐོབ་པའི་ཚུལ།


此后,仁波切依次亲见了妙慧辨析眼遣众愚菩萨,狮子语催灭瘟病邪魔菩萨,五身自性无上深密菩萨,大悲藏不合眼菩萨,空乐喜供佛海菩萨,见解脱不空羁索菩萨,周遍有寂拔除恶趣菩萨,大悲心痛苦自解脱菩萨,童智拔除轮回菩萨,大悲心解脱一切众菩萨。

དེ་ནས་སླར་ཡང་རི་བོ་གྲུ་འཛིན་པོ་ཏ་ལའི་ཞིང་ཁམས་ནས་སྟོན་པ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སིང་ཧ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་སངས་རྒྱས་གཉིས་པ།པཎ་ཆེན་བཱི་མ་མི་ཏྲ། མཁན་ཆེན་བྷོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། ཇོ་བོ་རྗེ་ཨ་ཏི་ཤ རྒྱལ་དབང་ལྔ་པ་ཆེན་པོ། ལོ་ཆེན་རིན་ཆེན་བཟང་པོ་སོགས་འཕགས་བོད་པཎ་གྲུབ་རྣམས་ཀྱང་རེ་རེ་བཞིན་མཇལ་ནས་ཟབ་ཆོས་ཀྱི་བགོ་སྐལ་དུ་མ་ནོད་པའི་ཚུལ།


仁波切又依次亲见了持明极喜金刚,文殊友,西日桑哈,加那斯扎,布玛目扎,莲花生大师,贝若遮那,玉扎宁波,寂命堪布,赤松德赞,阿底峡尊者,洛钦仁青桑布等印藏证通成就者,获得了诸多甚深法要。

དེ་ནས་ཕོ་བྲང་ཆེན་པོའི་བར་ཁྱམས་རྣམས་སུ་གིང་ཆེན་རྣམ་བཞི་དང་དཔའ་བོ་སྡེ་བཞི། གཞན་ཡང་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས་མཆོད་རྫས་ཀྱི་བྱེ་བྲག་གྲངས་མེད་པ་ཐོགས་ནས་རྡོ་རྗེའི་གླུ་དབྱངས་སྙན་ལ་འཇེབས་པ་འགྱུར་ཁུག་དྲུག་དང་ལྡན་པ་དང་ཉམས་ཀྱི་འགྱུར་ལྡེམ་ཡིད་འཕྲོག་པའི་ཞབས་བྲོ་དང་ཕྱག་རྒྱའི་གར་སྟབས་མིག་འཕྲུལ་ལྟར་བསྒྱུར་བ་སོགས་ལ་མཇལ་བའི་ཚུལ།


宫殿回廊周围有无量无边供养天女,手捧各种供物献给上师三宝等福田。此外还有骷髅护法四部,勇父四部等表演金刚歌舞,如同幻术般变化无穷。

དེ་ནས་ཕོ་བྲང་ཆེན་པོའི་བར་ཁང་ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་ཕེབས་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དང་། རྒྱལ་ཡུམ་ཡི་གེ་དྲུག་མ། སྲས་ནོར་བུ་འཛིན་པ། སྲས་མོ་རིག་སྔགས་འཛིན་མ། གཞན་ཡང་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་། ཉན་རང་དགྲ་བཅོམ་པའི་འཁོར་ཚོགས་གྲངས་མེད་པ་དང་མཇལ་ཞིང་ཐུན་མོང་དང་ཐུན་མིན་གྱི་ཟབ་ཆོས་དུ་མ་ཐོབ་པའི་ཚུལ།


仁波切又赴往宫殿中层报身刹土,亲见了密集金刚主尊,大悲观世音菩萨,弥勒菩萨,地藏王菩萨,虚空藏菩萨,普贤菩萨,除盖障菩萨,文殊菩萨,金刚手菩萨等。

དེ་ནས་ཕོ་བྲང་ཆེན་པོ་རི་བོ་པོ་ཏ་ལའི་ཕྱོགས་མཚམས་རྣམས་སུ་ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོར་དབྱེར་མེད་རོ་གཅིག་ཏུ་བཞུགས་ནའང་གདུལ་བྱའི་སྣང་ངོར་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་ཚུལ་དུ་འགྲོ་འདུལ་སྤྲུལ་པའི་སྐུར་བཞེངས་པ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕྱག་སྟོང་ལས་འཁོར་ལོས་སྒྱུར་པའི་རྒྱལ་པོ་སྟོང་དང་། སྤྱན་སྟོང་ལས་བསྐལ་བཟང་གི་སངས་རྒྱས་སྟོང་། གཞན་ཡང་དམ་པའི་ཆོས་ཀྱི་སྙིང་པོ་ངོ་བོ་ཡི་གེ་དྲུག་མ་ཡིན་པ་ལ་འགྲོ་འདུལ་སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་གི་རྣམ་པས་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི།  ཨོཾ་ཀར་པོ་ལྷའི་ཡུལ་དུ་འཕྲོས་ཏེ་བཅོམ་ལྡན་འདས་དབང་པོ་བརྒྱ་བྱིན་གྱི་སྐུར་བཞེངས་ནས་འཆི་འཕོ་ལྟུང་བའི་སྡུག་བསྔལ་ལས་བསྐྱབས་པ། ་དམར་པོ་ལྷ་མ་ཡིན་གྱི་གནས་སུ་འཕྲོས་ཏེ་བཅོམ་ལྡན་འདས་ཐགས་བཟང་རིས་ཀྱི་སྐུར་བཞེངས་ནས་འཐབ་རྩོད་ཀྱི་སྡུག་བསྔལ་ལས་བསྐྱབས་པ། ཎི་ལྗང་གུ་མིའི་འཇིག་རྟེན་དུ་འཕྲོས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་བཞེངས་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བསྐྱབས་པ། པད་སེར་པོ་བྱོལ་སོང་གི་གནས་སུ་འཕྲོས་ཏེ་བཅོམ་ལྡན་འདས་སེང་གེ་རབ་བརྟན་གྱི་སྐུར་བཞེངས་ནས་བཀོལ་སྤྱོད་དང་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་བསྐྱབས་པ། མེ་སྨུག་པོ་ཡི་དྭགས་ཀྱི་ཡུལ་དུ་འཕྲོས་ཏེ་བཅོམ་ལྡན་འདས་ཁ་འབར་དེ་ཝའི་སྐུར་བཞེངས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་བསྐྱབས་པ། ཧཱུྃ་མཐིང་ནག་དམྱལ་བའི་གནས་སུ་འཕྲོས་ཏེ་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོའི་སྐུར་བཞེངས་ནས་ཚ་གྲང་གི་སྡུག་བསྔལ་ལས་བསྐྱབས་པ་སོགས་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པའི་ཚུལ་རྣམས་མཇལ་བའི་ཚེ་ན་སྐྱབས་རྗེ་བླ་མ་རིན་པོ་ཆེའི་རྒྱུན་གྱི་ཐུགས་དམ་ཉག་གཅིག་ཏུ་མཛད་པའི་སྨོན་ལམ་སྟེ།

ཇི་སྲིད་ནམ་མཁའ་གནས་པ་དང་།།

འགྲོ་བ་ཇི་སྲིད་གནས་པ་ལྟར།།

དེ་སྲིད་བདག་ནི་གནས་གྱུར་ཏེ།།

འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།

ཅེས་པའི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོའི་སྨོན་ལམ་སྟེ་ངན་སོང་འཁོར་བ་དོང་ནས་སྤྲུགས་པའི་ཐུགས་སྨོན་རྒྱ་ཆེར་གནང་བའི་ཚུལ།


持舟山刹土周边复有无量无边大悲观世音化身,如转轮圣王,贤劫千佛,六道轮回导师等。总之,大悲观世音以利他之心应机度化,示现种种化身调服一切有情。

དེ་ནས་རི་བོ་གྲུ་འཛིན་གྱི་ཞིང་གི་ཕྱོགས་བཞི་དང་དབུས་རྣམས་སུ་རང་སྣང་ལོངས་སྐུའི་ཞིང་ཁམས་སོ་སོ་ན་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་གཙོ་འཁོར་གྱི་བཀོད་པ་ནི། ཡང་ཐོག་འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་ན་ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ་འཁོར་མ་ཆགས་པདྨ་གསུང་གི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ཤར་ཕྱོགས་འཇའ་འོད་ཐིག་ལེ་མཐིང་གའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁོར་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོ་ཕྱོགས་སུ་འཇའ་འོད་ཐིག་ལེ་སེར་པོའི་དབུས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་འཁོར་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ།ནུབ་ཕྱོགས་ན་འཇའ་འོད་ཐིག་ལེ་དཀར་གསལ་གྱི་དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་དེ་བཞིན་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་ཕྱོགས་སུ་འཇའ་འོད་ཐིག་ལེ་ལྗང་གསལ་གྱི་དབུས་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་འཁོར་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ཕོ་བྲང་གི་མདུན་གྱི་ཐད་དུ་ལྟ་ན་སྡུག་པའི་ཞིང་ཁམས་སུ་བཅོམ་ལྡན་འདས་སངས་རྒྱས་སྨན་གྱི་བླ་མ་ལོངས་སྐུའི་ཆ་བྱད་ཅན་འཁོར་བྱང་སེམས་དྲང་སྲོང་ཚེ་ཡི་རིག་འཛིན་དང་བཅས་པ་མཇལ་བའི་མོད་ལ་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ལ་སྦྱོར་བའི་ཐུགས་སྨོན་ཟབ་རྒྱས་གནང་བའི་ཚུལ།


仁波切又亲见自显五方佛报身刹土与主眷众,悉皆于智慧,光帐网中清晰显现。其中,布达拉宫殿前方有妙庄严刹土,出有坏药师佛圆满报身严饰,四周有长寿持明仙人菩萨眷众围绕,东方有现喜刹土,出有坏金刚萨垛尊位于蓝色虹光明点界中央,四周有金刚部菩萨眷众围绕,南方有宝生佛主眷众,悉皆处于黄色虹光明点界中。西方有密严刹土出有坏毗卢遮那佛位于白色虹光明点界中央,四周有如来部菩萨眷众围绕,北方有不空成就佛主眷众围绕,悉皆处于绿色虹光明点界中。

此外,仁波切又亲见持舟山刹土最上方有密严大乐宫殿,法身无量光佛四周有莲花部菩萨眷众围绕。

དེ་ནས་ཕོ་བྲང་ཆེན་པོའི་ཕྱིའི་སྒོ་བཞིར་སྒོ་སྲུང་ཁྲོ་བོ་རྟ་མགྲིན་རིགས་བཞི་དང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པར་མཇལ་ཞིང་དེ་དག་གིས་ཀྱང་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་རྟགས་ཀྱི་རྔ་སྒྲ་གཟེངས་མཐོན་པོར་བསྒྲགས་ཏེ་སླར་མི་ཡུལ་དུ་ཕེབས་དགོས་པར་ཐུགས་རྒྱུད་བསྐུལ་བའི་ཚེ་ན་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་ཞིང་ཁམས་དེར་བཞུགས་འདུན་ཧ་ཅང་ཆེ་ན་ཡང་མཁའ་འགྲོ་སྡེ་བཞི་དང་གཞན་ཡང་ཆོས་སྐྱོང་མ་གཟའ་དམ་གསུམ། གནོད་སྦྱིན་ཙིའུ་དམར་པོ།འཛམ་གླིང་སྐྱེས་བུ་དོན་འགྲུབ། བོད་སྐྱོང་བསྟན་མ་བཅུ་གཉིས་སོགས་ཀྱིས་ཐུགས་དགྱེས་བརྩེའི་ངང་ནས་སྐྱེལ་མ་བྱས་ཤིང་། ཨ་མྱེ་རྨ་ཆེན་སྦོམ་ར་དང་། ཤར་སྟོད་ཀྱི་གཉན་པོ་གཡུ་རྩེ་སོགས་རང་གནས་ཀྱི་གཞི་བདག་རྣམས་ཀྱིས་བསུ་མ་བྱས་ཏེ་ཕྱིར་རང་ཡུལ་དུ་ཕེབས་པའི་ཚུལ།


仁波切又亲见布达拉宫殿四方有四门,其中东门有金刚部马头明王护法,南门有珍宝部马头明王护法,西方有莲花部马头明王护法,北方有羯磨部马头明王护法。此外,仁波切又亲见护法一髻佛母,曜王护法,护法金刚善,药叉护法紫玛尔,护法格萨尔王,阿尼玛卿山神,东方年宝玉则山神,冈底斯山神,华丹玛索甲姆等如海护法神众。最后在四部空行与护法神众的陪伴下,仁波切返回自己住处。


དེ་ལྟར་འོད་གསལ་དག་པའི་གཟིགས་སྣང་ཆོས་ཉིད་སྒྱུ་མར་ཤར་བའི་ལྟད་མོ་འབྱམས་སུ་ཀླས་པའི་སྐབས་དེ་ཙམ་ན་སྒྲུབ་སྡེ་ཆེན་པོའི་ཐུན་མཚམས་ཀྱི་དུང་སྒྲ་དིར་དིར་བུས་པས་སྐྱབས་རྗེ་བླ་མ་རིན་པོ་ཆེ་ཐུགས་འོད་གསལ་བདེ་བའི་མལ་ལས་ལྡང་སྟེ་རྒྱུན་གྱི་སྤྱོད་ལམ་ལ་རྗེས་སུ་གནང་བ་སྟེ་དེ་ནི་མཐོང་སྣང་ཞིང་ཁམས་ཀྱི་རྣམ་པ་བཤད་པའོ། །


怙主上师仁波切正处于大乐梦光明净相中时,由寺院闭关中心传来清脆的螺音,于是仁波切收座并开始日常四威仪行。





ཕྱི་གླིང་པ་དག་གིས་བོད་ཡིག་ལ་མཐོང་ཆེན་བྱེད་པར་རྒྱུ་མཚན་འདི་ཡོད།

རོལ་མོ་རྐྱང་བ་བཟོ་ཐབས་ཡག་ཤོས།

མ་ལག་དགོས་ན་འདི་ན་ཡོད་པས་འབྲེལ

འཕྲིན་ཕྲན་གཙང་སེལ་བྱེད་ཐབས།

ཁ་པར་གྱི་པར་ཆས་ནུས་པ་མཐོ་ཐབས།

སྒྲ་དང་བརྙན་ཕབ་ལེན་བྱེད་སྟངས།

འབུར་གཟུཊ་དང་ཨ་ལོང་སོཊ་བཟོ་ཚུལ

ཡིག་གཟུགས་སྣ་ཚོགས་འཇུག་སྟངས།

སྤྱོད་སྒོ་ཆེ་བའི་མ་ལག ཇུས་འགོད

བརྩེ་དུང་གི་སྒྲོན་མེ།  རྩོམ་པ་པོ་ཐེ་གོར།

རྒྱ་གར་པ་དག་ལ་ངོ་མ་རྒྱུ་རྩལ་འདུག

བདེ་ལྡན་ཞིང་གི་ངོ་སྤྲོད། བརྙན།

བུ་མོའི་ནུ་མས་ཕ་རྒན་བསྐྱབས་པ།

རྩོད་བརྙན།

མ་ཎི་བྷ་དྲའི་མཚོན་རྟགས།

ཁང་སར་རིན་པོ་ཆེའི་གསོལ་འདེབས།

ཨ་མའི་སློབ་གསོ། མཁན་ཆེན་ཚང་གིས

སྒྲ་སྙན་ཀྱི་དབྱངས་དང་ཀྲོལ་སྟངས

པི་ཝང་གི་དབྱངས་བདུན།  རྨང་གཞི།

རླུང་སྦྱོར།

རྨེ་མགོན་དང་རོང་ཊིག་པ་གཉིས།

ཙོང་ཁའི་སྐྱེས་རི་དང་གད་སྙིགས།

གླུ་མ་ཚེ་དབང་ལྷ་མོའི་གཞས་གསར།

རྩོམ་རིག་གི་ལེགས་ཉེས་སྐོར།

སངས་རྒྱས་ཀྱི་རྣམ་ཐར་དུམ་ཚན་ཞིག

དམྱལ་བའི་ངོ་སྤྲོད་མདོར་བསྡུས།

ཕ་ཝང་གི་མི།  བྱིས་སྒྲུང་གསར་བ།

སྲོལ་འདི་འདྲ་ཞིག་ཅི་ཡིན་ནམ།

མཚོ་བྱུང་ཚངས་སྲས་ཀྱི་གཞས་གསར།

བླ་མ་ཨ་ཁྱུག་གི་ལུས་དཀྱིལ་མཇལ།

མཚོ་སྔོན་པོ་དང་མཚོ་སྙིང་།

ཨ་འདུས་གླུ་མ་དཀར་པོའི་གཞས་གསར།

ཀློང་ཆེན་པ་དང་ཞལ་མི་གཉིས་པའི་ཁང་སར་བསྟན་པའི་དབང་ཕྱུག་གི་ཆོས་རྩོད

ལོ་སར་གཅིག་གྱུར་བྱེད་པའི་རེ་ཞུ

འཕུར་ཐུབ་ནི་ཨེ་ཡོད། ད་ལྟ་ཡ།

མཁན་ཆེན་མཆོག་གི་བཀའ་སློབ།

གསང་གྲངས་བརྗེད་ན་བཟོ་བྱེད་སྟངས

སྨོན་ལམ་ཚིག་མཛོད་ཆེན་མོ།

ཀུ་ཤུ་ཁ་པར་ནང་གི་གསུབ་ཟིན་པའི་ཡིག་ཆ་ཕྱིར་འཚོལ་ཐབས།

ཆ་འཕྲིན་ཤེས་བྱ་སྣ་ཚོགས་ཤེས་འདོད་ན་འདི་ནས་འབྲེལ།

མི་ཡུལ་གྱི་ཟླ་བ།




 ཚང་མས་ངེས་དགོས་པའི་དོ་དམ་པའི་གསལ་བཤད།   འཕྲིན་སྟེགས་འདིའི་ཁེ་དབང་ནི་གཙོ་སྒྲུབ་པ་ཨ་ཙརྱ་ལ་དབང་བས།   འདི་གར་དོ་དམ་པས་ཆེད་དུ་བསྒྲིགས་པའི་ནང་དོན་དག་ཕྲིན་སྟེགས་གཞན་པས་དོ་དམ་པ་ཡིད་འཐད་མིན་པར་གང་འདོད་དུ་ཁ་བྱང་སོགས་རྐུ་བཤུ་བྱེད་མི་ཆོག་པར་མ་ཟད།  གལ་ཏེ་ནང་དོན་རྐུ་མཁན་ཡོད་ན་རང་ཉིད་ལ་ཁྲིམས་ཆད་ཕོག་ངེས་པས་དེ་ལུགས་ཐུགས་འཇགས་འཚལ་ཞུ་བ་དང་།  འཕྲིན་སྟེགས་འདི་གར་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་དོ་དམ་པར་འབྲེལ་གཏུག་བྱོས་དང་ཐད་ཀར་བསུབ་ངེས་ལགས།  



ཁྱེད་ཉིད་ཨ་ཙརྱའི་རིག་གཞུང་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ། ཉིད་ཀྱིས་ཕྲན་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག  གཞན་ཁྱོད་ལ་འཕྲིན་སྟེགས་འདིར་འགོད་དགོས་པའི་རྩོམ་ཡིག་དང་།  གླུ་དང་རྡུང་ལེན། གསལ་བརྡ། ཚོང་ལས་བརྡ་ཁྱབ་སོགས་ཡོད་ན། དོ་དམ་པར་འབྲེལ་བ་བྱོས་དང་རིན་གོང་ཧ་ཅང་སླ་མོའི་སྒོ་ནས་ཁྱོད་ལ་རྒྱབ་སྐྱོར་བྱེད་ངེས།

 

སྒྲིག་སྦྱོར་པ།  ཨ་ཙརྱ། 

རིག་གཞུང་འཕྲིན་སྟེགས་ནི་བོད་ཁུལ་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཞིག་ཡིན་པས། 

འདིས་འཚོ་བའི་དགོས་མཁོ་སྐོང་ཐུབ་པར་སྨོན།


您可能也对以下帖子感兴趣

文章有问题?点此查看未经处理的缓存