查看原文
其他

འབྲུག་རྒྱལ་བོའི་བརྩེ་དུང་གི་ཆོད་སེམས་སྐོར་ལ་གསར་དུ་གླེང་བ།

👉 爱情孤岛 2020-02-27

དོ་དམ་☝️པའི་སྐད་འཕྲིན།

འབྲུག་རྒྱལ་བོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གི་བརྩེ་དུང་གི་ཆོད་སེམས་དང་དེའི་འབྲེལ་གྱི་སྐོར་གསར་དུ་གླེང་བ།


རྩོམ་པ་པོ། ཐོག་ལྕེ། 
 ཀླད་ཀྱི་གཏམ།            

  • ཀླད་ཀྱི་དོན།(སྔ་དུམ།)

    འབྲུག་ཡུལ་རྒྱལ་ཁབ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འདབ་འབྲེལ་དང་བོད་ཀྱི་ཤར་ལྷོའི་མཐའ་མཚམས་སུ་ཆགས་པའི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ལ།གནའ་བོའི་ལོ་རྒྱུས་སུ་ལྷོ་མོན་གྱི་ཡུལ་ཞེས་འབོད་པ་དེ་ཡིན།ཕྱི་ལོ་དུས་རབས་༡༧པའི་ནང་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ལྷོ་མོན་ཁ་བཞི་གྲགས་པའི་ཡུལ་སྡེ་དེ་ཡུགས་ཅིག་ཏུ་སྦྲེལ་བས་འབྲུག་ཡུལ་ཞེས་པའི་མིང་ཐོགས།རྒྱལ་ཁབ་དེ་སྔ་ལོངས་བ་(གནས་དེར་སྔ་མོ་ནས་སླེབས་པའི་དོན།རིགས་རྒྱུད་བོད་ཤ་སྟག)དང་ཤར་ཕྱོགས་པ།(ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི།)ལྷོ་མཚམས་པ་(ཉེ་རབས་ཀྱི་བོད་མི་བྱེས་པ།)བཅས་མི་རིགས་ཆེ་ཁག་གསུམ་གྱིས་གྲུབ་པ་ཞིག་ཡིན།མི་འབོར་ཁྲི་༧༤ལྷག་ཡོད་ལ་༩༠%ནི་ནང་བ་བ་ཡིན།ཕྱི་ལོ་༡༨༨༢ལོར་ཁོང་གི་བུ་མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་གིས་ཕྱོགས་བཞིའི་དགྲ་འདུལ་བྱས་པས་ཐོག་དང་པོར་རྒྱལ་བོར་བསྐོས།འདི་ནས་རྩིས་པའི་རྒྱལ་རབས་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་ད་ལྟའི་རྒྱལ་བོ་ཡིན།ཅུང་ངོ་མཚར་བ་ཞིག་ནི་རྒྱལ་རབས་ལྔའི་རྒྱལ་བོ་ཚང་མ་སེམས་རྒྱུད་བཟང་བ་ཏག་ཏག་རེད།ཁོ་རང་ཚོས་ཞིང་བྲན་ལམ་ལུགས་དོར་ཏེ་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་ལས་སྲིད་དབང་སྒེར་གཅོད།རྒྱུ་ནོར་བཤུ་གཞོག་གི་ལས་སྣ་གཅིག་སྒྲུབ་མཁན་མ་བྱུང་བ་རེད།ལར་འབྲུག་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཆུ་ཚད་འཛམ་གླིང་སྤྱིའི་ཨང་རིམ་མཐོ་སར་སླེབས་ཐུབ་པ་བྱུང་མེད་མོད།འབྲུག་ཡུལ་ཁོ་རང་ཚོའི་དམངས་ཀྱི་བདེ་སྐྱིད་ཚད་གཞི་ཨ་རི་ལས་ལྡབ་བརྒྱད་ཀྱིས་མཐོ།ཨེ་ཤ་ཡའི་བདེ་སྐྱིད་ཀྱི་ཚད་གཞི་ཆེས་མཐོ་བའི་རྒྱལ་ཁབ་ཅིག་ཏུ་ཆགས་ཡོད་ས་རེད།

 

གཞུང་གི་གཏམ།           

            

  •  གཞུང་གི་དོན།(བར་དུམ།)

    འབྲུག་རྒྱལ་ཁབ་ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་རྒྱལ་བོའི་སྲིད་དབང་སྒེར་གཅོད་ལམ་ལུགས་ལག་བསྟར་བྱས་མོད།རྒྱལ་རབས་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་རྗེས་ལུས་ཀྱི་ཆབ་སྲིད་ལམ་ལུགས་དེ་བཅོས་བསྒྱུར་བྱས།ཁོ་ནི་འབྲུག་པ་ཚོས་དགའ་བསུ་ཆེས་ཐོབ་པའི་རྒྱལ་བོ་ཞིག་དང་ཤེས་ནུས་འཇོན་གསུམ་ལྡན་པའི་སྐྱེས་བུ་ཞིག་རེད།ཁྱད་པར་དུ་ཁོ་ལ་སྐྱེས་གཟུགས་ངོ་མཚར་བ་ཞིག་ཡོད་པས་འབྲུག་པ་ཚོས་ཁོ་ནི་འཛམ་གླིང་གི་གསར་བུ་ཆེས་ཡག་པའི་རྒྱལ་བོ་དེ་ཡིན་སྣང་འཆར་ཡི་འདུག ད་ནི་དངོས་སུ་འབྲུག་རྒྱལ་བོའི་བརྩེ་དུང་གི་ཆོད་སེམས་ཨ་འཐས་གསེར་གྱི་ཨ་ལོང་ལ་བབས་ཏེ་བཤད་ན།འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཁོང་ལོ་ན་བཅུ་བདུན་གྱི་སྐབས་སུ་ཐེངས་ཤིག་ལ་སྤྲོ་གསེང་ལྟ་སྐོར་ནས་བུ་མོ་ལོ་བདུན་ལ་སོན་པ་ཞིག་མཐོང་སྟེ།ངོ་མཚར་དང་བཅས་ཏེ་བུ་མོའི་དེའི་དྲུང་ནས་པུས་མོ་གཡས་པའི་སླ་ང་ས་ལ་བཙུགས་ཏེ་འདི་སྐད་དུ།ངས་ཁྱོད་ན་ཚོད་སྨིན་རག་བར་བསྒུག་རྒྱུ་ཡིན།གལ་ཏེ་དུས་ཚོད་དེར་ང་ཚོ་སུས་ཀྱང་གཞན་ལ་གཉེན་བསྒྲིགས་མེད་ན།གལ་ཏེ་ཕན་ཚུན་གྱི་བརྩེ་དུང་འགྱུར་མེད་ན་ངའི་རེ་བར་ངས་ཁྱོད་ཉིད་བག་མར་ལེན་ན་འདོད་ཅེས་བཤད།བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་བོས་གཉེན་བསླངས་པ་དེ་བསམ་ཐོག་ལ་བུད་སོང་།འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཁོང་གི་བཙུན་མོ་ཨ་ཞེ་རྗེ་བཙུན་པདྨ་ནི་ཁོ་ལས་ལོ་ན་བཅུ་ཡིས་གཞོན་པའི་མི་སེར་དཀྱུས་མ་ཞིག་རེད།མོ་འབྲུག་ཡུལ་རྒྱལ་ས་ཐིམ་ཕུ་ན་ཡོད་པའི་དཔོན་རིགས་ཤིག་གི་ཁྱིམ་ནས་སྐྱེས།མོའི་ཕ་ནི་མཁའ་སྐྱོད་ཀུང་སི་ཞིག་གི་འཕུར་སྐྱོད་པ་རེད།མོའི་མའི་ཁྱིམ་རྒྱུད་རྒྱལ་བོའི་ཁྱིམ་རྒྱུད་དང་འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཡིན་མོད།ཁོ་མོས་རྟག་པར་རང་ཉིད་ལ་མི་སེར་དཀྱུས་མའི་ཐོབ་ཐང་ནས་འབོད།འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་བཙུན་མོ་ལེན་སྐབས་ཁོ་ལོ་སུམ་ཅུ་སོ་གཅིག་ལ་སླེབས་ཟིན།བཙུན་མོ་མ་བླངས་པའི་སྔུན་ལ་འབྲུག་པ་དམངས་ཚོགས་ཀྱིས་ཁོ་ལ་སེམས་ཁུར་ཆེན་པོ་བྱས།རྒྱུ་མཚན་འབྲུག་རྒྱལ་ཁབ་ལོ་རྒྱུས་སྟེང་བཙུན་མོ་ལངས་པ་ཆེས་འཕྱི་བའི་རྒྱལ་བོ་དེ་འདྲ་སྔར་བྱུང་མ་མྱོང་བས་རེད།ཁོ་ཚོས་རྒྱལ་བོས་སྔ་མོ་ནས་གཉེན་བསྒྲིགས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་བཙུན་མོ་ཞིག་ཁབ་ཏུ་གསོལ་བར་རེ་བ་བཅིངས།ཡིན་ཡང་དམངས་ཀྱིས་རྒྱལ་བོས་ད་རག་བར་གཉེན་མ་བསྒྲིགས་དོན་ནི་རང་སེམས་སོང་བའི་ཨ་ཞེ་རྗེ་བཙུན་པདྨ་ན་ཚོད་སྨིན་པར་སྒུག་པ་དེའི་ཆེད་ཁོ་ན་ཡིན་པར་མ་ཤེས།འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་སྔུན་གྱི་འབྲུག་རྒྱལ་བོའི་ཁྱོ་གཅིག་ཤུག་མང་གི་ལམ་ལུགས་བསྒྱུར་ཏེ་ཁྱོ་གཅིག་ཤུག་གཅིག་ཅན་དུ་བཏང་། ཁོ་བོས་འདི་སྐད་དུ།         རང་གི་མི་ཚེ་ལྷག་མ་ཡོངས་རང་སེམས་སོང་བའི་བཙུན་མོ་ཨ་ཞེ་རྗེ་བཙུན་པདྨ་གཅིག་པུའི་ཆེད་དུ་གཏོང་རྒྱུ་ཡིན་པར་སྨྲས།


 མཇུག་གི་གཏམ།         

  • མཇུག་གི་དོན།(ཕྱི་དུམ།)

      གཅིག འབྲུག་རྒྱལ་བོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་ཨ་ཞེ་རྗེ་བཙུན་པདྨ་ལ་བཅིངས་པའི་བརྩེ་དུང་གི་ཆོད་སེམས་ནི་ཅུང་བསམ་ཡུལ་ལས་འགོངས་པ་ཞིག་རེད། འདིར་ཕྱོགས་གཙོ་བོ་གསུམ་ནས་དཔྱད་པ་བཏང་ན།ལྡོག་ཕྱོགས་དང་དྲང་ཕྱོགས་གཞུང་ལུགས་ཀྱི་ངོས་ནས་དང་གསུམ།དང་པོ་ལ་གཉིས།སྒེར་གྱི་ངོས་ནས་དང་སྤྱི་བའི་ངོས་ནས་དང་གཉིས།དང་པོ།སྒེར་གྱི་ངོས་ནས།

     སྤྱིར་ཆགས་སེམས་གང་ཞིག་རང་གི་ཞེན་ཡུལ་དེ་ཡིད་འོང་གི་རྣམ་པར་སྐྱེས་ཏེ་རང་ལ་ཐོབ་འདོད་ཀྱི་ཀུན་ནས་བསླངས་པའི་སེམས་བྱུང་རིགས་ཤིག་ཏུ་ཆགས།ལྷག་པར་རང་གི་ཞེན་ཡུལ་ཏུ་གྱུར་བའི་མིའི་རྟེན་ལ་ཡིད་འོང་གི་རྣམ་པར་སྐྱེས་པའི་ཕྱི་ནང་གི་ཆ་གཉིས་ཡོད་པས།གལ་ཏེ་འབྲུག་རྒྱལ་བོའི་ཞེན་ཡུལ་ཏུ་གྱུར་བའི་ཡིད་འོང་གི་རྣམ་པར་སྐྱེས་པའི་ཆ་ཨ་ཞེ་རྗེ་བཙུན་པད་མའི་ལང་ཚོ་ཡིན་ཟེར་ན།འབྲུག་རྒྱལ་གྱིས་ཆོད་སེམས་འཇོག་དུས་སྤྱིར་ཁོ་མོ་ལང་ཚོ་རྫོགས་མེད་པ་མ་ཟད་ལོ་ན་བདུན་ལས་སོན་མེད་པའི་བུ་མོ་ཆུང་ཆུང་ཞིག་རེད།ཡང་གལ་ཏེ་ནང་སེམས་ཡིན་ཟེར་ན།ལོ་བདུན་ཅན་གྱི་བྱིས་བློ་དྲི་མ་མེད་པའི་ནམ་མཁའ་ལ་དགའ་ཟེར་བ་ལས་འོས་མེད།ཕྱིས་སུ་ཅི་འགྱུར་མི་སུས་ཀྱང་བློ་ཐག་ཆོད་དཀའ་བ་ཞིག་ཏུ་སྣང་།ཡང་ཅིག་བཤད་ན་ཧ་ལམ་རྩེད་ཆས་རིགས་ལ་མགོ་འཁོར་བའི་བྱིས་པ་ལོ་བདུན་ཅན་ཞིག་ལ་ཕོ་མོའི་བརྩེ་དུང་དང་མ་འོངས་པའི་གཉེན་བསྒྲིག་གི་དམ་བཅའ།འཇིག་རྟེན་འཁོར་བའི་ལས་ལ་མོས་འཐད་ཡོད་མེད་ཀྱི་དོན་དག་གླེང་བ་བྱིས་པའི་སྐྱེས་ཁམས་དང་བསམ་བློ་འཚར་སྐྱེས་ཕྱོགས་གང་ཅིའི་ཐད་ནས་གཏན་ཚིགས་དང་འགལ་བའི་སྐྱོན་འབྱུང་བར་ཐལ་སྙམ།གཉིས་པ།སྤྱི་བའི་ངོས་ནས་བཤད་ན་ཨ་ཞེ་རྗེ་བཙུན་པདྨར་བརྩེ་དུང་གི་ཆོད་སེམས་འཇོག་དོན་ནི་ཆབ་སྲིད་ཀྱི་དགོས་མཁོ་དང་ལག་ཆར་ཨེ་ཉན་བསམ་པ་ཡིན་ན།རྣམ་དག་གི་བརྩེ་དུང་དང་གནས་ཚུལ་ཐ་དད་དུ་སོང་བས་འདིར་བཏང་སྙོམས་སུ་འཇོག་པ་ལས་སྐབས་བབ་ཀྱི་གླེང་བྱར་མི་འཐུས།ཡིན་ཡང་འབྲུག་མངའ་དབང་གཅིག་གྱུར་དང་བདེ་ལ་འཁོད་པ་ཞིག ཁོ་མོ་ཡང་མ་རྒྱུད་གོང་མའི་གཉེན་ཚན་དང་འབྲེལ་བ་ཡོད་པ་ཙམ་ལས་རྒྱལ་བོ་དང་ཁ་གཏད་ཐུབ་པའི་རྒྱལ་ཕྲན་རྒྱལ་བོ་གང་གི་སྲས་མོ་མིན་ལ་མངའ་བློན་དབང་ཆེན་ཞིག་གི་བུ་མོ་ཡང་མིན་པས། དེ་འདྲའི་སྦྱོར་བ་སྤེལ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་གོ།།

གཉིས།དྲང་ཕྱོགས་ནས་དཔྱད་པ་ཨེན་ཙམ་བཏང་ན།

    སྤྱིར་རྣམ་པར་དག་པའི་བརྩེ་དུང་གང་ཡིན་པ་ནི་ལམ་ཕྱོགས་གཅིག་ལ་གྱེས་པའི་ཚུགས་ཐུབ་ཀྱི་ཡུལ་ཁམས་གཞན་ཞིག་སྟེ།གཞན་དྲིང་མི་འཇོག་པའི་ཡུལ་ཁམས་དེ་ན་དབང་ཆེན་དཔོན་པོས་འཕྲོག་སོང་ཟེར་ས་མེད།ཕྱུག་པོའི་རྒྱུ་ཡིས་ཉོས་སོང་ཟེར་ས་མེད།སྤྲང་ཁྱིམ་མི་ཡིས་བསླངས་སོང་ཟེར་ས་མེད།གཡོ་ཅན་བདུད་ཀྱིས་བསླུས་སོང་ཟེར་ས་མེད་པའི་རང་དབང་བའི་བརྩེ་དུང་གི་ཁམས་ཡངས་པོ་དེ་ན་འདི་ངའི་ཡིན།གན་ཁྱོའི་རེད་ཅེས་རིས་སུ་ཆད་པའི་མཐར་འཛིན་སྣང་བས་འཁྲིགས་པར་གྱུར་བ་ཞིག་མིན་ལ།སུས་སུ་ལ་ཆ་རྐྱེན་བཏོན་ནས་འཁང་རའི་སྤར་འཛིང་བྲལ་བའི་གུ་ཡངས་ཅིག་ཡིན།ཞེན་ཡུལ་དེ་ལ་ཆགས་སེམས་ལྡང་བའི་རྣམ་པ་དབང་བཙན་པས་རྟག་བརྟན་ཐེར་ཟུག་གི་འགྱུར་མེད་གཤིས་ཤིག་མི་མངོན་རང་ཆོས་སུ་ཡོད་པའི་ཉམས་སྣང་སུ་ལའང་མྱོང་ངོར་གསལ།དེ་ཡིན་པའི་དབང་གིས་འབྲུལ་རྒྱལ་བོས་ཨ་ཞེ་རྗེ་བཙུན་པད་མར་བཅིངས་པའི་རྣམ་དག་གི་བརྩེ་བ་མ་འགག་པ་དེ་སྲིད་དུ་འདི་ལྟ་བུའི་ཆོད་སེམས་འཇོག་པའི་ཚིག་དག་བྱུང་བ་རེད།རྣམ་དག་གི་བརྩེ་བ་དེའི་ཁོ་ནའི་ཆེད་དུ་ཕྱི་ནང་གཉིས་ཀའི་འཕོ་འགྱུར་ལ་ངེས་པ་མ་མཆིས་པའི་བུ་མོ་ལོ་བདུན་ཅན་ཞིག་ལ་གཉེན་བསླངས་པ་དང་།སྔར་ཡོད་ཀྱི་ཁྱོ་གཅིག་ཤུག་མང་གི་ལམ་ཀ་དེ་མུར་བསྒྱུར་བཅོས་བཏང་བ།ལྷག་པར་དུ་ཁོ་རྒྱལ་བོ་ཞིག་ཡིན་རུང་ཨ་ཞེ་རྗེ་བཙུན་པད་མར་བཅིངས་པའི་རྣམ་དག་གི་བརྩེ་དུང་ཆེད་དུ་མི་ལོ་བཅུ་གྲངས་ལྷག་ལ་ཕོ་རྐྱང་ངང་བསྡད་དེ་རེ་སྒུག་བྱས་པ་ཨེ་ཡིན་སྙམ།གང་ལྟར་མི་ལོ་མང་པོ་ཞིག་ལ་རེ་སྒུག་བྱས་པ་ངེས་ཐག་ཆོད་པ་རང་རེད་དོ།།

གསུམ་པ།གཞུང་ལུགས་ཀྱི་ངོས་ནས་དེའི་འབྲེལ་སྐོར་ཨེན་ཙམ་གླེང་ན།

    ཡང་ཅིག་བཤད་ན་འབྲུག་རྒྱལ་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་ཨ་ཞེ་རྗེ་བཙུན་པད་མ་བདམས་དོན་ནི། རང་ཉིད་ཀྱིས་ཆགས་པ་ཞེ་ཡིད་ཚིམ་པ་ཞིག་ལོངས་སྤྱོད་ཐུབ་སའི་བུད་མེད་ཅིག་འཚོལ་འདོད་པ་ཡིན་པར་འཁུམས།ཡང་ལ་ལས་དེ་ལྟར་ཡིན་ན་སྔར་ཡོད་ཀྱི་ཁྱོ་གཅིག་ཤུག་མང་གི་ལམ་ལུགས་བསྒྱུར་བས་ཅི་བྱེད་ཅེས་འདྲི་སྲིད།དེ་ནི་ལུགས་རྙིང་དོར་ཏེ་འཛམ་གླིང་སྤྱིའི་འཕེལ་ཕྱོགས་ལ་མཐུན་པར་བྱས་ཙམ་ལས་མིན་ཞེས་སྨྲ་འདོད།སེམས་རིག་པ་ཧྥུ་ལོ་དབྱི་ཏིས་བག་ཉལ་འདུ་ཤེས་ཀྱི་དབྱེ་ཞིབ་ཐབས་སྤྱད་དེ་བརྩམས་པའི་བརྩེ་དུང་གི་སེམས་ཁམས་རིག་པའི་ནང་འཛམ་གླིང་གི་མི་སྐྱ་ཕོ་མོ་མང་ཤས་ཀྱིས་འཁྲིག་སྦྱོར་དང་བརྩེ་དུང་གཉིས་ཀྱི་ངོ་བོ་དབྱེར་མེད་དུ་བསྲེས་ཐུབ་ཡི་མི་འདུག སྐྱེས་ཕོ་གང་གིས་རང་ཉིད་དགའ་སའི་བུད་མེད་གང་ལ་འཁྲིག་པ་སྤྱོད་པའི་རོ་ཙ་ཉམས་པའམ་བག་འཁུམ་པའི་སྣང་ཚུལ་རྒྱུན་པར་ཡོང་།ཡིན་ཡང་སྤྱིར་བཏང་གི་བུད་མེད་དག་ལ་དེ་ལས་ལྡོག་སྟེ་འཁྲིག་པ་བག་མེད་གཏོང་ཐུབ་པར་གྲགས།དེ་ལྟ་བུར་ཆགས་རྐྱེན་ནི་སྐྱེས་ཕོ་གང་གིས་རང་ཉིད་དགའ་སའི་བུད་མེད་ལ་ལུགས་མཐུན་མིན་པའི་ཆགས་པ་སྤྱོད་མི་འདོད་པ་རེད།གང་ལྟར་རིམ་པ་མཐོ་བའི་བུད་མེད་དམ་བརྩི་མཐོང་བྱེད་སའི་བུད་མེད་གང་ལ་ཀུན་སྤྱོད་ཀྱི་བཀག་རྒྱའམ་སེམས་ཁམས་ལ་རེ་དོགས་ཀྱི་འགལ་འདུས་ཁེངས་ནས་ཆགས་པ་ཞེ་ཚིམ་པ་ཞིག་སྤྱོད་མི་ཐུབ་པ་དེ་སྐད་དུ་གྲགས།དེར་བརྟེན་སྐྱེས་ཕོ་གང་གིས་རང་ལ་ལྟོས་ཏེ་རིམ་པ་དམའ་བའི་བུད་མེད་དག་ལ་ཆགས་པའི་དགའ་མགུ་རྟག་པར་བསྐྱེད་པར་བྱེད།ཐ་ན་ཆུང་མའང་ལེན་པའི་སྦྱོར་བ་རྩོམ།དེའི་རྒྱུ་མཚན་ནི་བུད་མེད་དེ་དག་ལ་ད་གཟོད་སེམས་ཁམས་རིག་པའི་དོན་སྙིང་གི་ཐོག་ནས་ཆགས་པའི་འདོད་པ་ཞེ་ཡིད་ཚིམ་པ་ཞིག་སྤྱོད་ཐུབ་པས་ཡིན།ཞེས་གསུངས་གླེང་གནང་བ་དེ་ཡི་རྗེས་སུ་འགྲོ་ཤས་མི་ཆེ་ཞེས་སུས་ཁ་ཚོན་གཅོད་པར་ནུས་སོ།།


            འདི་ཡང་སེམས་ཁམས་ཉམས་ཞིབ་པ་གྲགས་ཅན་ཧྥུ་ལོ་དབྱི་ཏིའི་བརྩེ་དུང་གི་སེམས་ཁམས་རིག་པ་ལ་ལན་ཅིག་བལྟས་པས་རྟོག་ངོར་སྣང་བའི་དཔེ་སྣ་རེ་འདི་དང་འབྲེལ་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་དང་བཅས་ཏེ་ཐོག་ལྕེ་རུ་འབོད་པས་ཕྱི་ལོ༢༠༡༧/༡༢/༡༤ཉིན་རྫོགས་པར་སྦྱར་བའོ།།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存