查看原文
其他

སྟོན་པ་སངས་རྒྱས་ཕུལ་བའི་སྙན་ངག|ཐེ་ཀོར།

编辑:TB菩提树园 TB印度文明 2020-02-27

TB

INDIAN CIVILIZATION

     印度文明


༄༅། །རི་བོ་ཧི་མ་ལ་ཡ་ནི་དར་དཀར་གྱི་ཡོལ་བ་དང་འདྲ་བར་ཤར་ནས་ལྷོ་རྒྱ་མཚོ་ལ་ཐུག་ཏུ་འཕྲེད་ཀྱིས་བཅད་པའི་ཕ་རོལ་གྱི་ཡུལ་ཁམས་དེ་ལ། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱིས་འདི་སྐད་དུ།“འཛམ་བུ་གླིང་གི་སའི་སྙིང་པོ། རིགས་པའི་འབྱུང་གནས། ཕྱི་ནང་སྟོན་པ་ཆེན་པོ་རྣམས་ཀྱི་ཕ་ཡུལ། སྒྲུང་དང་རྒྱལ་རབས་ཁྲི་ཁྲག་གི་བརྩམ་གཞི། བདེན་རྫུན་གྱི་ཆོས་ལུགས་སྟོང་གི་ཨ་མའི་ཁྱིམ་ལྟ་བུར་གནས་པའི་ཡུལ་”ཞེས་གསུངས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་ཤེས་རིག་སྤྱི་ལ་དགའ་ཞེན་དང་དེ་ལ་ཐོས་པ་དོན་གཉེར་གྱི་བློ་གཙང་མ་ཡོད་མཁན་ཀུན་གྱི་མིག་ཡིད་རྣ་བའི་དགའ་སྟོན་དང་།ཡིད་ངལ་གསོ་བའི་རྟེན་དུ་འགྱུར་བའི་འདུ་བྱེད་གར་གྱི་ཡོ་ལང་དགུན་ཁའི་མེ་ལྕེ་དང་།དབྱར་གྱི་འཁྱག་རོམ།མཚན་གྱི་ཟླ་འོད་བཞིན་འཛག་ཡོང་ལ།ཨུཏྤལའི་འདབ་ལོ་བཞིན་ཤ་སྐྱི་བར་གསེང་དུ་ཞི་འཇམ་གྱི་བདེ་བའི་ཁོ་ལག་རྫོགས་པ་ལྟ་བུའི་བདེ་སྣང་ཁམས་ཀྱི་སྣང་བ་དྭངས་གསལ་ལེ་ཞིག་ཤར་ཡོང་བར་འགྱུར་བའི་ལེ་ཚན་ཕྱོགས་ཆེན་པོ་གསུམ་སྤེལ་འཆར་ཡོད་དེ། ༡ ཚངས་དབྱངས་གར་གྱི་འདོད་འཇོ། ༢ དཔྱད་གླེང་གཏམ་གྱི་རོལ་མཚོ། ༣ དབྱངས་ཅན་ངག་གི་ཕོ་ཉ་བཅས་སོ། །འདི་ལ་མོས་པ་ལྡན་པ་ཀུན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ་ཞུ། །

རྒྱ་གར་གློག་བརྙན།


རྒྱ་གར་ཤེས་རིག


རྒྱ་གར་གླུ་གཞས།



ཚངས་དབྱངས་གར་གྱི་འདོད་འཇོ།

ཟླ་བ།-མིག་དམར།

དཔྱད་གླེང་ཡིད་ཀྱི་རོལ་མཚོ།

ལྷག་པ།-པ་སངས།

དབྱངས་ཅན་ངག་གི་ཕོ་ཉ།

པ་སངས།-ཉི་མ།



༄༅། །སྟོན་པ་སངས་རྒྱས་ཞེས་བྱ་བ།

 

ཇོ་བོ་ཉི་དབང་མགོན་པོས་མཛད།

ཨ་འབྱུང་ཚེ་འབྲུག་རྡོ་རྗེས་བསྒྱུར།


མཚན་གྱི་སྙན་པས་ཁྱེད་ཀྱི་ཡུལ། །

ཁྱེད་ལྟར་ཀུན་ཏུ་རྣམ་པར་གྲགས། །

བརྗོད་དཀའི་མཚན་ནི་འཕགས་པའི་ཡུལ། །

གྲོང་དང་གྲོང་ཁྱེར་ཀུན་ན་སྙན། །

བྱང་ཆུབ་ཤིང་དྲུང་རྣམ་མཁྱེན་མཐུས། །

དང་པོར་མཛད་པ་ཅི་མཛད་བཞིན། །

འཇུག་ལྡོག་གནས་རྣམས་ལེགས་སྟོན་ལ། །

རྟོག་པའི་དྲ་བ་རྣམ་བསལ་མཛོད། །

ཡང་དག་བརྗེད་གྱུར་མཚན་གྱི་ཆར། །

དྲན་པའི་མེ་ཏོག་འཕགས་ཡུལ་དུ། །

སྐྱ་རེངས་གསར་པ་ཤར་དང་ལྷན། །

ལྷམ་མེར་བཞད་དོ་རྣམ་མཁྱེན་ཀྱེ། །

 

ཚེ་དཔག་མེད་པ་ཁྱེད་ཀྱི་མཐུས། །

གང་འདིར་རྒྱུ་བ་འགག་ཉེ་བའི། །

སེམས་ཉིད་ཚེ་དང་ལྡན་པར་མཛོད། །

གང་ཁྱེད་ཆོས་ཀྱི་སྒྲ་བསྒྲག་ཚེ། །

གཉོམ་པོའི་རླུང་གི་རྒྱུ་བ་ཡང་། །

ཀུན་ཏུ་རྣམ་པར་སྟོབས་དང་ལྡན། །

འགོག་བྱེད་སྒོ་ཀུན་ཆེར་རྐྱོངས་དང་། །

ཕྱོགས་བཞིའི་དུང་གི་སྒྲ་བོ་ཆེས། །

གང་ཁྱེད་རྒྱ་གར་ཞིང་མཆོག་ཏུ། །

བྱོན་འདི་རོལ་མོའི་མཆོད་པས་བསུ། །

ཁྲི་ཕྲག་ངག་གིས་མགྲིན་གཅིག་ཏུ། །

དཔག་མེད་བརྩེ་བ་ཆེན་པོ་ཡི། །

སྙན་པ་བསྒྲགས་ཤིང་ཟླ་མེད་པ། །

ང་རོ་ཡིས་ཀྱང་ཀུན་ཏུ་ཁྱབ། །

    སྟོན་པ་བཅོམ་ལྡན་འདས་ཀྱིས་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་པའི་གནས། ཡུལ་ཝ་ར་ནཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྲིས་སོ། །

妙音天女点击关注

    您可能也对以下帖子感兴趣

    文章有问题?点此查看未经处理的缓存