查看原文
其他

སྤྱི་ཕན། མཁྱེན་བརྩེ་རིན་པོ་ཆེས་ཇུས་འགོད།

CHARU 2021-09-15

The following article is from Anjana Author Anjana



ད་ལོའི་འཛམ་གླིང་གི་ས་གནས་ཁག་དུ་ཟིང་ཆ་དང་གནོད་འཚེའི་བགེགས་རབ་དང་རིམ་པ་ཞིག་བྱུང་བཞིན་ཡོད་པས། སྒྱུ་རྩལ་མཁས་ཅན་པ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ནས་ཡིག་གཟུགས་ཀྱི་སྒྱུ་རྩལ་དམིགས་བསལ་བ་འདི་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་སྐྱེ་འགྲོ་ཀུན་ལ་སྨོན་ལམ་རྒྱག་བཞིན་ཡོད།


ཡིག་གཟུགས་བརྩམས་ཆོས་བོད་ཀྱི་ཡིག་མགོ་ཕུར་ཤད་མ་འདི་ནི་བོད་ཡིག་ཁྲོད་ཀྱི་མཚོན་རྟགས་ཞིག་ཡིན་པ་དང་། “ ༆” ཡི་གེ་འདིའི་འགོ་འཛུགས་ས་དང་འགོ་རྩོམ་པ། ཡང་ན་ཐོག་མ་མཚོན་གྱི་ཡོད། (ཡིག་མགོ་ཕུར་ཤད་མའི་མགུལ་རྒྱན། སྒྲ“Yig Mgo”)དུས་མཚུངས་སུ་དུས་དང་རྣམ་པ་ཀུན་ཏུ་སྐྱེ་འགྲོ་ཐམས་ཅད་ལ་ང་ཚོས་སྔར་བཞིན་རེ་བ་དང་ཐོག་མའི་བསམ་པ་བཅངས་ནས་མི་ཚེའི་མི་རྟག་པར་གདོང་གཏོད་དགོས་པར་དྲན་སྐུལ་བྱེད་བཞིན་ཡོད།


ཞིབ་ཅིང་ཕྲ་བའི་ཡིག་གཟུགས་བརྩམས་ཆོས་“ ༆”ནི་ཡོན་ཏན་གྱིས་ཕྱུག་པའི་ནང་བསྟན་གྱི་བླ་མ་དང་སྒྱུ་རྩལ་མཁས་ཅན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཡིས་བྲིས། 


རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་རྩོམ་པ་པོ། འཁྲབ་ཁྲིད་པ་བཅས་ཡིན། 1999ལོ་ནས་བཟུང་གློག་བརྙན་ལྔ་ཙམ་ཕབ་སྐྲུན་བྱས་ཡོད་ལ། དེའི་ནང་《ཕོར་པ། 》《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་། 》《ཝ་ར། མཆོག་སྦྱིན། 》《ཧེ་མ་ཧེ་མ། 》བཅས་ལ་རྒྱལ་སྤྱིའི་གྲགས་ཅན་གློག་བརྙན་དུས་ཆེན་མང་པོ་ཞིག་གི་སྟེང་ནས་བསྟན་མྱོང་པ་མ་ཟད། ཀུན་གྱི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་ཡོད། ན་ནིང་ཕབ་བསྐྲུན་བྱས་པའི་གློག་བརྙན་བརྩམས་ཆོས་གསར་པ་《མཆེ་བ་དང་སྨ་ར་ཡོད་པའི་ཁོ་མོ་འཚོལ་བ》ལ་ཡང་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་མང་པོ་ཞིག་གི་ནང་ཚུད་ཡོད།


རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་སྒྱུ་རྩལ་བརྩམས་ཆོས་རེ་རེ་ནི་གཏིང་ཟབ་ཅིང་ཁྱད་དུ་འཕགས་པ་དང་ངོ་མཚར་ཆེ་བའི་སྒོ་ནས་ནང་བསྟན་མཚན་ཉིད་རིག་པ་དང་ལག་ལེན་གཉིས་གསལ་འགྲེལ་བྱས་ཡོད། ཁོང་གིས་དེ་སྔ་དུས་རབས་ཉི་ཤུ་པའི་ནང་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན་འགའ་ཤས་དགེ་རྒན་ལ་བསྟེན་མྱོང་པ་དང་འཛམ་གླིང་གླིང་ཆེན་ལྔའི་ནང་བསྟན་ཆོས་ལུགས་པ་དག་ལ་སློབ་ཁྲིད་ཡང་གནང་མྱོང་། ཁོང་ནི་རིས་མེད་ལས་འགུལ་གྱི་སྐུལ་འདེད་པ་ཡིན་ལ། དེང་སྐབས་འཛམ་གླིང་ཐོག་གི་དེང་རབས་ཀྱི་གསར་གཏོད་ནུས་པ་ཆེ་ཤོས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་སློབ་དཔོན་གྱི་གྲས་གཅིག་ཡིན། ཁོང་གིས་བྲིས་པའི《ནང་པ་ཡིན་ནམ་མིན།》《སྤྲོ་སྣང་གི་ཆེད་མིན། 》《དྲི་བ་བརྒྱད་ཁྲི་བཞི་སྟོང་། 》སོགས་བརྩམས་ཆོས་མང་པོ་ཞིག་ལ་འཛམ་གླིང་ཡོངས་ནས་དགའ་བསུ་གྲངས་མེད་ཐོབ་མྱོང་ལ་བསྔགས་བརྗོད་ཡང་ཆེན་པོ་ཐོབ་མྱོང་།



གུས་པར་འོས་པའི་སྒྱུ་རྩལ་པ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་རེ་འདུན་ལྟར་ན། མགུལ་རྒྱན་འདིའི་ཁེ་སྤོགས་ཡོད་ཚད་པེ་ཅིང་གྲོང་ཁྱེར་ཀྲེན་ཅི་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་བརྒྱུད་ནས་2020ལོར་ཀྲུང་གོའི་འབྲི་ཆུའི་འབབ་རྒྱུད་དུ་བྱུང་བའི་ཆུ་ལོག་གི་གནོད་འཚེ་ཕོག་མཁན་གྱི་ས་ཆར་ཞལ་འདེབས་ཕུལ་རྒྱུ་རེད།



ཟངས་ལི་མ། 


བཀྲ་ཤིས་པའི་“འགོ་འཛུགས་ས”་ཞིག་ཡིན་པའི་ཆ་ནས། ང་ཚོས་རིག་པ་ཐོལ་སྐྱེས་ཀྱི་བརྡོལ་བ་དང་བྱིན་རླབས་ཀྱིས་ཕྱུག་པའི་ཡིག་གཟུགས་བརྩམས་ཆོས་འདི་ནི་སྒྱུ་རྩལ་མཁས་ཅན་Emily Avery Crowཡིས་སྤུས་ལེགས་ཀྱི་རྒྱན་ཆ་ཞིག་ཏུ་ཇུས་འགོད་བྱས་ནས་བཟོ་བསྐྲུན་བྱས་ཚར་པ་རེད། མགུལ་རྒྱན་འདི་ནི་སི་ཁྲོན་སྡེ་དགེ་རྫོང་སར་ལུང་པའི་མཁྱེན་ལི་བཟོ་བ་རྣམས་ཀྱིས་བཟོ་བསྐྲུན་བྱས་ཞིག་ཡིན། དེའི་རྒྱུ་ཆ་ནི་ལྕགས་རིགས་རྩ་ཆེན་རིགས་བདུན་ལས་གྲུབ་པའི་ཟངས་ལི་མའི་གྲུབ་པ་ཡིན།

ལི་ཆས་ཀྱི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་ནི་བོད་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས་ཞིག་ཡིན། ནང་བསྟན་གྱི་སློབ་དཔོན་གྲགས་ཅན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ(1820-1892)ཡིས་དུས་རབས་19པའི་སྐབས་སུ་ས་དཔེ་བླུགས་བཟོ་དང་པྲ་ཚིལ་བླུགས་བཟོའི་ཐབས་ལ་བརྟེན་ནས་ཟངས་ལུགས་མའི་བཟོ་རྩལ་ཐུན་མོང་མ་ཡིན་པ་ཞིག་གསར་གཏོད་བྱས་ཡོད། ཁྲོ་(ཟངས་ལི་མ)བཀོལ་སྤྱོད་བྱས་པའི་ཁྱད་པར་ཅན་གྱི་རྒྱུ་ཆ་དང་ཞིབ་ཆའི་བརྐོས་རིས་དེ་ཉིད་ཀུན་གྱིས་གོང་བཀུར་དང་ཡིད་སྨོན་བྱེད་པའི་ལག་ཤེས་བཟོ་རྩལ་ཞིག་ཏུ་གྱུར། བཟོ་རྩལ་དེར་བློ་རྩེ་གཅིག་ཏུ་གཞོལ་བའི་བཟོ་པ་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡོད་ཅིང་། སྲོལ་རྒྱུན་དེ་ད་བར་སྔར་བཞིན་གསོན་ཉམས་དོད་པོས་གནས་ཡོད། 


ཟངས་ལི་མའི་སྡེབ་སྦྱོར་དང་བཟོ་རྩལ་རྩ་ཆེན་འདི་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསར་གཏོད་བྱས་པ་ཡིན། ལོ་200རྗེས་སུ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་ཕྲ་རྒྱན་འདི་ཇུས་འགོད་བྱས་ནས་མུ་མཐུད་དུ་རྒྱུན་འཛིན་བྱས་པ་ཞིག་ཡིན།


བཟོ་བསྐྲུན་གྱི་རྒྱུད་རིམ།


ཤོམ་འགྲོ་བའི་འགྲེམས་སྟོན།



ཞིབ་ཆ།



ཚད་གཞི། 12mm*20mm


འདོགས་ཐག་དམར་པོ།


འདོགས་ཐག་ནག་པོ།




དམིགས་བསལ་གྱི་བཀའ་དྲིན་ཞུ་ཡུལ།


北京市真镒慈善基金会
发起人:Emily Avery Crow, Elaine Chu
策划: Anjana,Charu,Khyenle
设计完稿:Emily Avery Crow
摄影:尹超工作室  尹超
化妆:Seven
模特:贺开朗
产品制作过程拍摄:达瓦卓玛
视频拍摄:达瓦卓玛
产品摄影:二六子
设计师人像摄影:包翔宇
特别支持:可名非名
文字编辑:五之,Philip Philippou
编辑助理:匆匆,Iris Li,江措,根秋丹珠,Liu Shi
翻译人员:Liu Shi  ཕུར་སྲུང་སྐྱབས། 



བཀའ་དྲིན་བླ་ན་མེད་པ་ཞུ།


འོག་གི་པར་རིས་མནན་ནས་གོ་རིམ་དེ་བརྒྱུད་ནས་དངོས་པོ་ཉོས་ཆོག




མཆན། མགུལ་རྒྱན་འདི་ནི་ས་ཐག་རིང་པའི་བོད་ཁུལ་གྱིས་བཟོ་པ་དག་གིས་དངོས་སུ་བཟོ་སྐྲུན་བྱེད་བཞིན་ཡོད་ལ། ལས་ཡུན་དང་དངོས་ཟོག་སྐྱེལ་འདྲེན་ཚང་མར་དུས་ཡུན་ཧ་ཅང་རིང་པོ་དགོས་པའི་རྐྱེན་གྱིས། ཚང་མས་ང་ཚོའི་ཚོང་ཟོག་སྐུར་བ་ལ་ཅུང་ཙམ་སྒུག་རོགས་གནང་། ཚང་མར་བཀའ་དྲིན་ཆེ།


为我们讲述您的故事,您与藏地的故事
加入迦入,微信号:charuspace
发起人:Emily Avery Crow, Elaine Chu
策划: Anjana,Charu,Khyenle
设计完稿:Emily Avery Crow
摄影:尹超工作室  尹超
化妆:Seven
模特:贺开朗
产品制作过程拍摄:达瓦卓玛
视频拍摄:达瓦卓玛
产品摄影:二六子
设计师人像摄影:包翔宇
特别支持:可名非名
文字编辑:五之,Philip Philippou
编辑助理:匆匆,Iris Li,江措,根秋丹珠,Liu Shi
翻译人员:Liu Shi  ཕུར་སྲུང་སྐྱབས། 
文章素材版权归作者所有 请勿随意转载 后果自负
合作及投稿邮箱:charuspace@163.com

: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存