查看原文
其他

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

迦入 CHARU 2021-09-15


汉语版

点击图片阅读

拉萨尼瓦尔人记忆中的百年西藏商贸往来。


原稿:TRADERS ON THE ROOF OF THE WORLD:

LHASA NEWARS IN TIBET/Dinesh Rai

摄影来自:Lhasa Newah: Nepalese Traders 

on the Silk Road‘s facebook

  翻译:普桑加
校对:刘时
编辑:普桑加


༡༩༤༦ལོའི་ལྷ་ས་རུ་ཡོད་པའི་བལ་པོའི་ཚོང་ཚོགས།


ལྷ་སའི་ནེ་ཝར་མི་(Lhasa Newar)ཞེས་པ་ནི་ཀཋམཎ་ཌུའི་ནས་བོད་ཡུལ་དུ་ཚོང་གཉེར་བྱེད་པར་ཡོང་མཁན་གྱི་ནེ་ཝར་པ་དག་ལ་ཟེར་བ་དང་ཁོང་ཚོས་གཙོ་བོ་བྷང་ག་ལ་ནས་བོད་ཡུལ་བར་ཚོང་དོན་གཉེར་བཞིན་ཡོད་ལ། ལྷ་སའི་ནེ་ཝར་པ་དག་གཙོ་བོ་ལྷ་ས་དང་གཞིས་ཀ་རྩེ། རྒྱལ་རྩེ། སྤུ་ཧྲེང་བཅས་སུ་འཚོ་སྡོད་བྱས་ཡོད། ཁོང་ཚོས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་དབུས་མའི་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་ལྟ་བུའི་ནུས་པ་གལ་ཆེན་ཐོན་ཡོད། ཚོང་པ་ཕུད་ད་དུང་ནང་བསྟན་སྒྱུ་རྩལ་གསར་རྩོམ་བྱེད་མཁན་གྱི་ལག་ཤེས་པ་ཡོད་པ་དང་ཁོང་ཚོ་ནི་ཧི་མ་ལ་ཡའི་སྒྱུ་རྩལ་ཁྱད་ཆོས་བརྗེ་རེས་ནང་ཞུགས་མཁན་གཙོ་བོ་ཡིན། 


༡༩༥༠ལོའི་བོད་ཀྱི་ས་ཆ་ཞིག་གི་ནེ་ཝར་ཚོང་ལས་རུ་ཁག། 
འདྲ་པར་འདོན་སྤྲོད་པ། ཧརྵ་བིར་སིངྷ་ཏུལཱདྷར། 
(Harsha Bir Singh Tuladhar)


ཧ་ལམ་༡༩༥༠ལོའི་ནེ་ཝར་ཚོང་པ་ཞིག་བོད་ཡུལ་གྱི་ལམ་པ་ཞིག་དང་མཉམ་དུ་ལྷ་སར་འགྲོ་བཞིན་པ། 
འདྲ་པར་འདོན་སྤྲོད་པ།  ཏུ་ཏུ་མན་ཏུལཱདྷར། 
(Tutu Man Tuladhar)

ཧ་ལམ་༡༩༥༠ལོ་ཡས་མས་ཀྱི་གཞིས་རྩེའི་ནེ་ཝར་ཚོང་པ།


༡༩༥༠ལོའི་མཇུག་ཏུ་ནེ་ཝར་ཚོང་པས་ལྷ་སའི་ཁྲོམ་གཞུང་ཞིག་ཏུ་བལ་པོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་པ། 
འདྲ་པར་འདོན་སྤྲོད་པ། ཧརྵ་བིར་སིངྷ་ཏུལཱདྷར། 
(Harsha Bir Singh Tuladhar)

༡༩༥༠ལོར་རཏྣ་མན་ཏུ་ལ་དྷར་(Ratna Man Tuladhar)
གྱི་བུ་ཏུ་ཏུ་མན་ཏུ་ལ་དྷའི་(Tutu Man Tuladhar)
ལྷ་སར་བཙུགས་པའི་གྲྭ་བཞི་ཤར་(Dhapchishya)
ཚོང་ཁང་། འདྲ་པར་འདོན་སྤྲོད་པ།  ཙནྡྲ་མན་ཏུལཱདྷར། 
(Chandra Man Tuladhar)
 

༡༩༥༠ལོའི་བྱམས་པ་གླིང་དགོན་པའི་ཚོང་དོན་འགྲེམས་ཚོགས།
འདྲ་པར་འདོན་སྤྲོད་པ། པུཎྱ་རཏྣ་ཏུལཱདྷར།
 (Punya RatnaTuladhar)

བོད་ཡུལ་ནེ་ཝར་དུས་སྐབས་ཀྱི་འཛུགས་སྐྲུན། 
འདྲ་པར་འདོན་སྤྲོད་པ། པུཎྱ་རཏྣ་ཏུལཱདྷར།
 (Punya RatnaTuladhar)


༡༩༤༠ལོའི་ལྷ་སའི་བར་སྐོར་ཁྲོམ་གཞུང་། བར་སྐོར་ཁྲོམ་གཞུང་ནི་ལྷ་སའི་ཁྲོམ་རའི་ས་ཁོངས་གཙོ་བོ་ཡིན། 
འདྲ་པར་འདོན་སྤྲོད་པ། པྲཏྱེཀ་མན་ཏུལཱདྷར། 
(Pratek Man Tuladhar)



༡༩༤༠ལོར་སིངྷ་སརྠ་ཨ་ཇུ་(Singha Sartha Aju)
ཤིང་གྲུར་བསྡད་ནས་ཡར་ཀླུངས་གཙང་པོ་བརྒལ་བཞིན་པ།
 གྲུ་མགོ་རུ་རྟ་མགོ་བརྐོས་མ་ཞིག་ཡོད་པ་ནི་ལྷ་རྟ་ཡིན་པའི་ངག་རྒྱུན་ཡོད། 
འདྲ་པར་འདོན་སྤྲོད་པ། ངྷ་ཇིབ་ཏུལཱདྷར།
 (Sangha Jeeb Tuladhar)

༡༩༤༠ལོར་བིཇུལི་མན་ཀཾསཀཱར་(Bijuli Man Kansakar)
 (གཡོན)་དང་ནེ་ཝར་ཚོང་པ་གཞན་དག་བོད་ཡུལ་ཀྱི་ས་ཆ་ཞིག་ན་ཡོད་པ། 
འདྲ་པར་འདོན་སྤྲོད་པ། སམནྟ་ཨར་ཀཾསཀཱར། 
(Samanta R. Kansakar)


༡༩༤༠ལོའི་བོད་ཡུལ་གྱི་ནེ་ཝར་ཚོང་ལས་རུ་ཁག།
འདྲ་པར་འདོན་སྤྲོད་པ། པྲཏྱེཀ་མན་ཏུལཱདྷར།
 (Pratek Man Tuladhar)


 ༡༩༤༠ལོར་བབུ་རཏྣ་ཏུལཱདྷར་(Babu Ratna Tuladhar)

དང་ལམ་གྲོགས་རྣམས་འབྲས་ལྗོངས་དང་བོད་ཡུལ་མཐའ་མཚམས་སུ་ག

ངས་ཀྱིས་བཟུང་བའི་བྱེ་ལེབ་ལ་བརྒལ་བཞིན་པ།

མཚོ་འཕགས་སྨི4880  

འདྲ་པར་འདོན་སྤྲོད་པ།  བིཥ་ཝ་རཏྣ་མན་ཏུ་ལ་དྷར་

(Bishwa Ratna Tuladhar)


༡༩༠༤ལོའི་ལྷ་སའི་བར་སྐོར་ཁྲོམ་གཞུང་། 


ནེ་ཝར་མིའི་ལོ་རྒྱུས་འབྱུངས་ཁུངས།


ལོ་རྒྱུས་སུ་བཀོད་པ་ལྟར་ན། ནེ་ཝར་དང་བོད་ཡུལ་དབར་གྱི་ཚོང་འབྲེལ་ནི་དུས་རབས་བདུན་པའི་ནང་དུ་བོད་རྒྱལ་སྲོང་བཙན་སྒམ་པོ་(Songsten Gampo)དང་བལ་བཟའ་ཁྲི་བཙུན་རྣམ་གཉིས་གཉེན་སྒྲིག་བྱས་རྗེས་བྱུང་པ་ཞིག་ཡིན། ཁོ་མོ་དང་ལྷན་དུ་ཚོང་པ་དང་ལག་ཤེས་པ་མང་པོ་ཞིག་ལྷ་སར་སླེབས་ཏེ་ཚོང་དོན་གཉེར་བས་ལས་བསྐྱངས་པས། མི་དེ་དག་ལ་ལྷ་སའི་ནེ་ཝར་མིའི་མེས་པོ་ཞེས་འབོད་སྲོལ་ཡོད། དུས་ཀྱི་འགྲོས་དང་བསྟུན་ནས། ཁོང་ཚོའི་རྗེས་རབས་པ་དག་ལྷ་སར་གཞིས་སྡོད་བྱས་ཏེ་བོད་ལྭ་གྱོན་ཞིང་སྐྲ་རིང་པོ་འཇོག་པ། བོད་ཡུལ་གྱི་བུ་མོ་རྣམས་དང་གཉེན་སྒྲིག་པ་སོགས་བྱས། 


བལ་བཟའ་ཁྲི་བཙུན་ཡིས་སྣེ་ཁྲིད་དེ་ཀཋམཎ་ཌུའི་བྱང་རྒྱུད་མཐའ་མཚམས་ཀྱི་སྐྱིད་གྲོང་(Kyirong)ནས་བོད་ཡུལ་དབར་གྱི་བགྲོད་ལམ་ཕྱེས་ཤིང་། སྐྱིད་གྲོང་ནི་ཚོང་ཟོག་བརྗེ་རེས་ཀྱི་ས་ཚུགས་ཡིན་ལ། བལ་པོའི་ཚོང་པས་གནས་དེར་འབྲས་ཆན་བོད་ཚྭ་དང་བརྗེ་རེས་བྱེད་པ་རེད། ལམ་ཐིག་གཙོ་ཤོས་གཞན་ཞིག་ནི་རི་ཁུག་མཐའ་འཁོར་གྱི་སཱཾ་ཁུ་(Sankhu)གྲོང་རྡལ་ནས་མགོ་བརྩམས་ཏེ་ཚོང་པ་རྣམས་མེ་ལམ་ཙཱི་(Melamchi)བརྒྱུད་ནས་རི་བོ་མང་པོ་བརྒལ་ནས་མཐར་ཀོ་དཱ་རཱི་བརྒྱུད་བོད་ཡུལ་དུ་བསྐྱོད་པ་རེད། ཕྱིས་འབྲས་ལྗོངས་སུ་བསྐྱོད་པའི་ལམ་ཐིག་ཕྱེས་པས།  ཚོང་པ་རྣམས་རྒྱང་རིང་བའི་སྣ་ཐོས་ལར་མི་བགྲོད་ཀ་མེད་བྱུང་ཞིང་། ལམ་ཐིག་གསར་བས་ཚོང་ཟོག་མང་ཆེ་བའི་ཡོང་ཁུངས་ཀོ་ལ་ཀཱ་ཏཱ་གྱུར།  


༡༩༤༨ལོའི་བོད་ཡུལ་ལྷ་སའི་ནེ་ཝར་ཚོང་ཚོགས་ཀྱི་ཚོགས་མིའི་མཉམ་པར། འདིའི་ཁྲོད་དུ་ཏྲི་རཏྣ་མན་
TriratnaMan)དངཛྙཱན་ཛྱོཏི་ཀཾསཀཱར་
(Gyan Jyoti Kansakar)ཡང་ཡོད། 



ཚོང་དོན་རྩ་འཛུགས་བཙུགས་ནས་ལྷ་སའི་ཚོང་ཚོགས་བཙུགས་ཚུལ།


བོད་ཡུལ་དང་བལ་པོ། རྒྱ་གར་ས་ཁུལ་འདི་གསུམ་བར་གྱི་ཉོ་ཚོང་འཕེལ་རྒྱས་འགྲོས་དལ་ཞིང་། ཀོ་ལ་ཀཱ་ཏཱ་ནི་ལྷ་སར་ཚོང་ཟོག་ཕྱིར་གཏོང་བྱེད་ས་གཙོ་བོ་དང་བར་ཚོང་པ་དག་ནི་ཀཋམཎ་ཌུའི་ནེ་ཝར་པ་ཡིན། ཁོ་ཚོས་བཀའ་བློན་སྦུག་(Kalimpong)དང་ལྷ་ས་རུ་རང་ཉིད་ཀྱི་སྤྱི་གཉེར་ཁང་བཙུགས་ཤིང་། ཀོ་ལ་ཀཱ་ཏཱ་ནས་ཉོས་པའི་ཚོང་ཟོག་དག་ཀ་ལོན་སྦུག་དུ་སྐྱེལ་བ་དང་། དེ་ནས་ལྷ་སར་གནས་སྤོ་བྱེད་བཞིན་ཡོད། ནེ་ཝར་པ་རྣམས་ལས་མི་མང་པོ་ཞིག་གིས་ཀོ་ལ་ཀཱ་ཏཱར་ཚོང་དོན་སྤྱི་གཉེར་ཁང་བཙུགས་པ་དང་ཁོང་ཚོ་རིམ་བཞིན་རྒྱ་ཆེ་བའི་ཆེད་ལས་རྩ་འཛུགས་སུ་གྱུར་ཏེ། ༡༩༤༣ལོར་ལྷ་སར་བལ་པོའི་ཚོང་ཚོགས་བཙུགས།

༡༩༣༠ལོའི་ཀཋམཎ་ཌུའི་ཏྲི་རཏྣ་མན་(TriRatna Man)གྱི་ཁྱིམ་རྒྱུད།


༡༩༤༠ལོའི་དུས་དཀྱིལ་གྱི་ཀཋམཎ་ཌུའི་ཏྲི་རཏྣ་མན་(Triratna Man)་གྱི་ཁྱིམ་རྒྱུད། ཏྲི་རཏྣ་མན་(Triratna Man) ལགས་ནི་ལྷ་སའི་ནེ་ཝར་(Lhasa Newar)མི་རྣམས་ཀྱི་ཚོང་པའི་རྒན་རབས་པར་བརྩི་ཞིང་། ༡༧༩༠ལོར་ཁོང་གི་ནང་མིས་ལྷ་སར་མིང་ལ་ཆུ་ཤིང་ཤར་(Chhusingsyar)ཟེར་བའི་ཚོང་ཁང་ཞིག་གཉེར་ཡོད་པ་དང་། ཚོང་ཁང་དེ་ནེ་བལ་པོར་ཡོད་ལ། རྒྱ་གར་དང་བོད་ཡུལ་དབར་ཚོང་འགྲུལ་བྱེད་ཅིང་། ཚོང་ཟོག་གཙོ་བོ་ནི་གླ་རྩི་དང་གོས་ཆེན། རྡོ་རྗེ་ཕ་ལམ། འཁལ་འཐག་ཐོན་རྫས། རྒྱུན་མཁོའི་དངོས་པོ་བཅས་ཡིན། ལྷ་སར་ཚོང་ཁང་ཡོད་པ་ཕུད་ད་དུང་རྒྱལ་རྩེ་དང་ཕག་རི་ནའང་ཡན་ལག་ཚོང་ཁང་ཡོད་ལ་དེ་དང་ཆབས་ཅིག་རྒྱ་གར་གྱི་བཀའ་བློན་སྦུག་དང་ཀོ་ལ་ཀཱ་ཏཱར་ཡང་ཡོད། 

རཏྣ་མན་(Triratna Man) གྱི་༡༩༢༨ལོར་ཐོག་མར་ལྷ་སར་སོང་ནས་ཁྱིམ་རྒྱུད་ཁེ་ལས་ལ་བདག་གཉེར་བྱས་པ་དང་། ཁོང་༡༩༣༥ལོ་ནས་༡༩༤༡ལོ་བར་དང་། ༡༩༤༧ལོ་ནས་༡༩༥༣ལོའི་བར་བོད་ཡུལ་དུ་བཞུགས་མྱོང་པ་དང་ཁྱོན་བསྡོམས་བོད་ཡུལ་དུ་ལོ་༡༣ལ་བཞུགས། ༡༩༤༧ལོར་རཏྣ་མན་(Triratna Man)བལ་པོའི་ལྷ་སའི་ཚོང་ཚོགས་ཀྱི་ཚོགས་གཙོར་གྱུར།


ཛྙཱན་ཛྱོཏི་ཀཾསཀཱར་(GyanJyotiKansakar)བོད་ཡུལ་ལ་འགྲོ་བའི་ལམ་བར་དུ། འདྲ་པར་འདི་ནི་ 《Syamukapu》 དཔེ་ཆའི་རྒྱབ་ཤོག་ཡིན། དེབ་དེའི་ནང་དུ་གཙོ་ཆེར་ཛྙཱན་ཛྱོཏི་ཀཾསཀཱར་(GyanJyoti Kansakar)དང་ཁོང་གི་ཡབ་བྷ་ཇུ་རཏྣ་ཀཾསཀཱར་(BhajuratnaRatna Kansakar)གྱིས་བོད་ཡུལ་དུ་ཚོང་གཉེར་བྱས་པའི་ངོ་མཚར་བའི་གཏམ་རྒྱུད་བྲིས་ཡོད།  


ཆེས་ཡིད་རྟོན་རུང་བའི་ལྷ་སའི་ནེ་ཝར་མི།


ཛྙཱན་ཛྱོཏི་ཀཾསཀཱར་(GyanJyotiKansakar) དང་ཁོའི་ཡབ་བྷ་ཇུ་རཏྣ་ཀཾསཀཱར་(BhajuratnaRatna Kansakar)ནི་མིང་གྲགས་ཅན་གྱི་ལྷ་སའི་ནེ་ཝར་མི་ཡིན་ཞིང་། ཁོང་གི་ཨ་ཕ་ལགས་ནི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས་པ་དང་། ལོ་ན་གཞོན་པའི་སྐབས་སུ་རྡོར་གླིང་དུ་འཚོ་ཐབས་འཚོལ་བར་སོང་མྱོང་། ༡༨༩༨ལོར་རྡོར་གླིང་གི་ཡོང་འབབ་ལ་བརྟེན་ནས་ཁོ་དང་གཅེན་པོ་གཉིས་ཀྱིས་ཀཋམཎ་ཌུའི་ནས་འཁལ་འཐག་ཐོན་རྫས་ཚོང་ཁང་ཞིག་ཕྱེས་མོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཚོང་

ཁང་མེ་ལ་ཤོར་ཏེ་བརླག་པར་གྱུར། མཇུག་མཐར་ཁོས་བཀའ་བློན་སྦུག་(Kalimpong)ཏུ་ཚོང་ཁང་ཞིག་ཕྱེས་ཤིང་། ཚོང་ཟོག་བོད་ཡུལ་དུ་དབོར་འདྲེན་བྱས་པ་དང་འབྲེལ་མགར་བས་རྡུང་བའི་ཟངས་ཆས་ཀྱང་འཚོང་འགོ་ཚུགས་ཏེ། ཁོང་ནི་ཆེས་ཡིད་རྟོན་རུང་བའི་ལྷ་སའི་ནེ་ཝར་མིའི་གྲས་སུ་ཚུད།

དེའི་རྗེས་སུ་བྷ་ཇུ་རཏྣ་ཀཾསཀཱར་(BhajuratnaRatna Kansakar)ཀཋམཎ་ཌུར་(Kathmandu)རང་ཉིད་ཀྱི་བཟོ་བ་རྣམས་ཁྲིད་ནས་ལྕགས་རིགས་སྣོད་ཆས་ཐོན་སྐྱེད་བྱས་ལ། དུས་མཚུངས་སུ་ནེ་ཝར་གྱི་ཚོང་པ་གཞན་དག་མང་པོ་ཞིག་བཀོད་སྒྲིག་བྱས་ནས་བོད་ཡུལ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་བཅུག། 

བྷ་ཇུ་རཏྣ་ཀཾསཀཱར་(Bhajuratna)ལྷ་སའི་ཚོང་དོན་གྱི་མི་སྣ་གལ་ཆེན་དུ་གྱུར་པ་དང་ཁོང་གིས་ཀོ་ལ་ཀཱ་ཏཱར་རང་ཉིད་ཀྱི་ཚོང་དོན་དོན་གཅོད་ཁང་ཡང་བཙུགས། ༡༩༣༩ལོར་ཁོང་གི་མ་སྤུན་གཅེན་པོས་ཁོང་ལ་རོགས་རམ་བྱས་ནས་ལྷ་སར་ཚོང་ཁང་འཛུགས་རོགས་བྱས། ༡༩༤༢་ཁོང་གི་བུ་ཛྙཱན་ཛྱོཏི་ཀཾསཀཱར་(GyanJyotiKansakar) ལྷ་སར་ཡོང་ནས་ལྷ་སའི་ཚོང་ལས་ལ་བདག་གཉེར་དོ་དམ་བྱས་ཏེ། ལྷ་སའི་ནེ་ཝར་མི་ངོ་མ་ཞིག་ཏུ་གྱུར།


བཀའ་བློན་སྦུག་དུ་ཡོད་པའི་ནེ་ཝར་པ་(Lhasa Newas)
ཛྙཱན་ཛྱོཏི་ཀཾསཀཱར་དང་(GyanJyotiKansakar) ཧར་ཁ་བཱིར་ཤཱཀྱ་(Harkhavir Shakya)སོགས་ཀྱི་མཉམ་པར། 



ལྷ་སའི་ནེ་ཝར་མི་རྣམས་ཀྱི་བོད་ཡུལ་གྱི་འཚོ་བ།


བྷ་ཇུ་རཏྣ་ཀཾསཀཱར་(BhajuratnaRatna Kansakar)དང་མཉམ་དུ་བོད་ཡུལ་དུ་སོང་བའི་བཟོ་བའི་ཁྲོད་དུ་དེ་བ་དེ་བ་ཤཱཀྱ་(Dev Dev Shakya)ཡི་བུ་བྷཱིམ་ཤཱཀྱ་(Bhim Shakya)ཡང་ཡོད་ཅིང་། ལོ་བཅོ་ལྔའི་སྟེང་དུ་ཁོ་དང་བཟོ་བ་གཞན་དག་ཀུ་ཏཱི་(Kuti)དང་ས་སྐྱ(Shakye) དིང་རི་(Tingre)དང་གཞིས་ཀ་རྩེ་(Shigatse)སོགས་བརྒྱུད་ནས་ལྷ་སར་བསྐྱོད་པ་དང་། གཞིས་ཀ་རྩེ་རུ་ཟླ་བ་བཞིར་བསྡད་རྗེས་ཁོང་ཚོས་བོད་སྐད་བཤད་ཤེས་པ་དང་བོད་པ་རྣམས་དང་བརྡ་འཕྲོད་པར་གྱུར་པས། ལྷ་སར་ཕྱིན་ཏེ་དངུལ་གྱི་གསོལ་ཆས་བཟོ་བའི་ལས་ལ་ཞུགས། 


བྷཱིམ་ཤཱཀྱ་(Bhim Shakya) ཡིས་ཕྱིར་དྲན་བྱས་པ་ལྟར་ན། བོད་མིའི་ངོས་ནས་བརྗོད་ན་ཚ་ཕོག་རྒྱག་པ་ནི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པ་དང་། ཁོང་ཚོས་ཕྱི་རོལ་དུ་བག་ཕེབས་ངང་བཟའ་བཏུང་ལ་རོལ་ཞོར་ཆང་རག་འཐུང་སྟེ་རང་ཉིད་དགའ་བའི་རོལ་རྩེད་འགྲིག་ཤོ་ཡང་རྩེ། བོད་ཡུལ་དུ་ལའོ་ལི་ཧྲི་ལག་འདོགས་ཆུ་ཚོད་(Rolex)དང་ཕཱ་ཁི་(Parker)སྨྱུ་གུའི་དགོས་མཁོ་ཧ་ཅང་ཆེ། དེའི་རྐྱེན་གྱིས་ཁྱོད་ཀྱིས་ཁྲོམ་ར་ནས་དཔལ་འབར་སྣ་ཚོགས་ཀྱང་རྙེད་ཐུབ།

ཕྱི་རོལ་ནས་ཚ་ཕོག་རྒྱག་པའི་འཚོ་བ། 



རྒྱང་ཐག་རིང་བའི་ལྷ་ས་རུ། ལྷ་སའི་ནེ་ཝར་མི་རྣམས་མཉམ་དུ་འཛོམས་ཏེ། ས་གནས་དེའི་དུས་ཆེན་དང་གཤིན་ཆོས། དེ་མིན་སྤྱི་ཚོགས་ཀྱི་འདུ་འཛོམས་གཞན་གྱི་ནང་དུ་ཡང་ཞུགས་པ་དང་། ཁོ་ཚོ་ནི་ཁྱིམ་ཚང་གཅིག་དང་འདྲ་བར། ཚོང་པ་དེ་དག་གིས་ལོ་རེར་དུས་ཡུན་ཉིན་བརྒྱད་ལ་འཛོམས་པའི་དུས་ཆེན་ཞིག་གཏོང་སྲོལ་ཡོད་པ་དང་། དེ་དང་ཆབས་ཅིག་ཚོང་འདུས་ཤིག་ཀྱང་ཡོད་ལ། ཚོང་འདུས་དེར་ཞུགས་མཁན་གཙོ་བོ་ནི་འབྲོག་པའི་མི་རིགས་དང་བོད་རིགས། ནེ་ཝར་གྱི་ཚོང་པ་དག་ཡིན་ལ། དུས་ཆེན་དེ་ནི་ལྷ་སའི་ནེ་ཝར་པ་ཐོག་མ་སིངྷ་སརྠ་ཨ་ཇུས་(Singha Sartha Aju)གྲོས་འགོ་འདོན་པ་དང་། དུས་ཆེན་དེའི་མིང་ལ་བལ་པོའི་ལོ་གསར་(Mohani)ཟེར། ཁོ་ཚོས་ཆེས་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་ཡིན། 

ཚོང་ལས་ཀྱིས་ལྷ་སའི་ནེ་ཝར་མི་(Lhasa Newars)རྣམས་ཀྱི་བོད་ཡུལ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ས་གནས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བྱས། ཚོང་ལས་ཕུད་སྒྱུ་རྩལ་དང་རིག་གནས་སྤེལ་རེས་ཀྱིས་ཀྱང་ཕྱོགས་གཉིས་པོའི་མི་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། ཐེངས་དེའི་འབྲེལ་འདྲིས་ཀྱི་ལེགས་ཆ་གཅིག་ནི་ནེ་ཝར་པའི་ནང་པའི་རྗེས་འཇུག་པ་རྣམས་དང་བོད་བརྒྱུད་ནང་བའི་བསྟན་པའི་བླ་མ་(རིན་པོ་ཆེ)བར་གྱི་འབྲེལ་འདྲིས་ཡིན།  


༡༩༥༠ལོའི་ལོ་མཇུག་ཏུ་ནེ་ཝར་ཚོང་པས་ལྷ་སའི་ཁྲོམ་གཞུང་ཞིག་ཏུ་བལ་པོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་པ།
འདྲ་པར་འདོན་སྤྲོད་པ། ཧརྵ་བིར་སིངྷ་ཏུལཱདྷར།(Harsha Bir Singh Tuladhar)


༡༩༦༡ལོར་ལྷ་སའི་ནེལ་པའི་ཚོང་པ་རྣམས་ཀྱང་གར་ལ་མཁས་པའི་ཁོ་ཚོས་གླུ་གཞས་《 Hanan chhakah ha wale jhangah-cha》ཞེས་པའི་རམ་འདེགས་འོག་ལྷ་སའི་གར་སྟེགས་ཐོག་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ། 
འདྲ་པར་འདོན་སྤྲོད་པ། བེ་ཁ་ལལ་མཧཱརྫན། (Bekha Lal Maharjan)

༡༩༥༠ལོའི་དུས་མཇུག་ཏུ་ནེ་ཝར་ཚོང་པས་ལྷ་སར་དྷ་པ་ཞེས་པའི་གླུ་གཞས་གཏོང་བཞིན་པ་དང་རོལ་ཆས་ནི་རྔ་མགོ་གཉིས་མ་ཡིན།(གཡས)
འདྲ་པར་འདོན་སྤྲོད་པ། པྲེམ་བིར་སིངྷ་ཏཱམརཀཱར། (Prem Bir Singh Tamrakar)



ཚོང་དོན་རྫོགས་ལྡན་གྱི་དུས་རབས་མཇུག་སྒྲིལ་བ།


བོད་ཡུལ་གྱི་ཉོ་ཚོང་བྱེད་སྒོ་མང་ཆེ་བར་ཟངས་དང་རག་གི་རྒྱུན་མཁོའི་དངོས་པོ་ཡིན་ཏེ། དཔེར་ན་དགོན་པའི་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་དངུལ་དང་ལི་ཆས་ཀྱི་རྐོང་བུ། རྒྱ་གར་པས་དར་གོས་འཐག་པ། གསེར་དང་བལ་གྱི་རྒྱུ་ཆ། སྲིང་བལ་འཁེལ་འཐག་ཐོན་རྫས། ལག་འདོགས་ཆུ་ཚོད། རྡོ་ཐ། འབར་ཞུན་དང་ཕྱིང་ཞྭ་བཅས་ཀྱི་ཚོང་ཧ་ཅང་བྲིན་པས། ཕྱིར་ལོག་སྐབས་ཁོང་ཚོས་ནོར་གྱི་རྩིད་པ་དང་དངུལ་ལྕུག། གསེར་ཕྱེ། བོད་ཇ། ས་གདན། ཐང་ག། དར་གོས། རྫ་ཆས་ཀྱི་རིགས་འཁྱེར་ཡོང་བཞིན་པ་དང་གསེར་ཕྱེ་ནི་རི་མོ་འབྲི་བའི་འཇིམ་སྐུ་དང་མཆོད་སྟེགས་དང་ཐང་ག་སོགས་ལ་བཀོལ་སྤྱོད་བྱེད་བཞིན་ཡོད། 


༡༩༤༠ལོར་ཚོས་རྩི་བྱུགས་པའི་སྣམ་བུ་འཚོང་མཁན། པར་བ། ཧཻན་རིཥ-ཧར་རེར།


༡༩༤༠ལོར་བར་སྐོར་གླིང་གི་ཇ་འཚོང་མཁན། པར་བ། ཧཻན་རིཥ-ཧར་རེར།


༡༩༤༠ལོར་བར་སྐོར་རྙིང་བའི་ལྷམ་འཚོང་མཁན། པར་བ། ཧཻན་རིཥ-ཧར་རེར།

༡༩༤༠ལོར་བར་སྐོར་གླིང་གི་ཆོས་དཔེ་འཚོང་མཁན། པར་བ། ཧཻན་རིཥ-ཧར་རེར།


༡༩༤༠ལོའི་ཟས་རིགས་འཚོང་ས།  པར་བ། ཧཻན་རིཥ-ཧར་རེར།

༡༩༦༢ལོར་ཀྲུང་གོ་དང་རྒྱ་གར་གྱི་དམག་འཁྲུག་གི་རྐྱེན་གྱིས་ཉོ་ཚོང་མཚམས་ཆད་པ་དང་། བོད་ཡུལ་གྱི་ཚོང་དོན་རྫོགས་ལྡན་གྱི་དུས་རབས་མཇུག་སྒྲིལ་ནས་ལྷ་ས་ནེ་ཝར་པ་དག་གིས་རྡོག་ཁྲེས་བརྒྱབ་ནས་ཁོང་ཚོས་བསགས་པའི་རྒྱུ་ནོར་འཁྱེར་ཏེ་ཕྱིར་ཕ་ཡུལ་དུ་ལོག། བལ་པོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་སྐབས་སུ་འཁེལ་བས། བྷ་ཇུ་རཏྣ་ཀཾསཀཱར་(Bhajuratna)ཡིས་མིང་ལ་JyotiBrothersཞེས་པའི་སྤྱི་གཉེར་ཁང་བཙུགས་ཤིང་། བལ་པོའི་ཚོང་པ་ཆེ་ཤོས་ཀྱི་གྲས་སུ་གྱུར། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ལྷ་སའི་ནེ་ཝར་པ་རྣམས་ཀྱི་བོད་ཡུལ་གྱི་ཚོང་དོན་གཏམ་རྒྱུད་ཀྱང་ལོ་རྒྱུས་དྲན་ཤེས་ཀྱི་རྟགས་ཐམ་ལྟ་བུར་གྱུར།


༡༩༥༥ལོར་བལ་པོའི་ཚོང་ཚོགས་ཀྱིས་ལྷ་སར་སྤེལ་བའི་ལོ་འཁོར་མ་རྐང་འཇོག་མཁན་གྱི་ཚོགས་ཆེན་འཚོགས་རྗེས་བསྐྱོན་པའི་དྲན་རྟེན་འདྲ་པར། 


ལྷ་སའི་ལམ་བུ།
དུས་རབས་འགའི་རིང་དུ། 
བལ་པོའི་ཚོང་པ་ཁྲི་སྟོང་མང་པོ། 
བགྲོད་མྱོང་བའི་ལམ་བུ། 




手工刺绣胸针

点击图片进入小程序了解



治愈冰箱贴

点击图片进入小程序了解



往期文章

可点击图片阅读

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
雪怪从不丹走来。

བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།

གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།

从未见过的藏地民间收藏 ▎收废品到博物馆开创者



བོད་སྐད་ཀྱི་ཐད་སྦྲེལ། CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace


: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存