查看原文
其他

སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”

迦入 CHARU 2021-09-15

汉语版

点击图片阅读

为什么藏族人爱条纹?▎隐藏的 “ 签名 ”


文字作者:尤里·普奇科(Yuri Puchko)

翻译整理:普桑加

校对:刘时
编辑:普桑加



པང་གདན་ཐིག་རིས་བརྒྱན་པའི་ཁྲོམ་རའི་བོད་རིགས་བུད་མེད།

མགོ་ནག་ཚང་མར་ཡུད་རེ་ཡོད།
ཡུད་རེ་ལ་མིང་རེ་ཡོད། 

བོད་ཀྱི་གཏམ་དཔེ།


གནའ་ནས་ད་ལྟའི་བར་དུ་སྲོལ་མ་ཉམས་པའི་ཐིག་རིས།


༡༩༣༢ལོར་འབྲས་ལྗོངས་ལྷ་མོ་ཚོགས་པས་གོན་པའི་སྣམ་བུ་ཐིག་རིས། Elisabeth Meyer



༡༩༣༠ལོར་ཐིག་རིས་བེར་ལྭ་གོན་པའི་འབྲོག་པ།  Arnold Heim 

༡༩༤༡ལོའི་དཀར་མཛེས་ཁུལ་གྱི་བུད་མེད།


༡༩༩༧ལོའི་འབྲོག་ཁུལ་གྱི་བུད་མེད། པར་བ། Justine Rambaud 


 ༡༩༥༢ལོའི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་སྲས་དང་བག་མ། 


བོད་རིགས་བུད་མེད། འདྲ་པར་ཡོང་ཁུངས། དྲ་རྒྱ།


བོད་རིགས་མ་བུ། འདྲ་པར་ཡོང་ཁུངས། དྲ་རྒྱ། 

༡༩༩༦ལོའི་ལ་དྭགས། འདྲ་པར་ཡོང་ཁུངས། དྲ་རྒྱ། 


འབྲོག་ཁུལ་གྱི་བོད་རིགས་བུ་མོ། པར་བ། Nomadic nao

གངས་རིན་པོ་ཆེའི་སྐོར་ལམ་གྱི་བོད་རིགས་བུ་མོ། པར་བ། Nomadic nao


༡༩༩༣ལོའི་བོད་རིགས་རྒན་མོ། འདྲ་པར་ཡོང་ཁུངས། དྲ་རྒྱ། 


པོ་ཏ་ལའི་རྩེ་བསྐོར། འདྲ་པར་ཡོང་ཁུངས། དྲ་རྒྱ། 


ཐིག་རིས་སླ་བ།


བོད་ཀྱི་རིག་གནས་ལ་སྤྲོ་བ་ལྡན་པའམ་ཡང་ན་བོད་ཡུལ་དུ་འགྲོ་མྱོང་མཁན་ཞིག་ཡིན་ཚེ། བོད་པ་རྣམས་ཀྱིས་དགའ་མོས་ཆེས་ཆེར་བྱེད་པའི་ཐིག་རིས་རི་མོ་མཐོང་མྱོང་ངེས། ཐིག་རིས་རི་མོ་འདི་དག་ནི་དུས་ཆེན་གྱི་སྐབས་སུ་གོན་པའི་འཕྱོར་ལྭ་དང་རྒྱན་གོས་ལ་བཀོལ་ཆོག་པར་མ་ཟད་རྒྱུན་ལྡན་འཚོ་བའི་ནང་སྤྱོད་པའི་ཡོ་བྱད་དེ། དཔེར་ན།ལྷམ་དང་ཁུག་མ། ཀོ་སྐགས། ཉལ་གདན། མལ་ཁེབས། ས་གདན། སྒ་སྟན། རྟ་སྒྱེ། ཐག་པ། སྐེ་ཐོ་སོགས་ཀྱི་སྟེང་དུ་བཀོལ་བཞིན་ཡོད།

ལག་ཏུ་སྣམ་བུ་བཟུང་བའི་བོད་རིགས་བུད་མེད།
འདྲ་པར་ཡོང་ཁུངས། དྲ་རྒྱ།

ཚོན་མདངས་སྣ་ཚོགས་བཀྲ་བའི་སྣམ་བུའི་འཐག་དངོས།



བོད་ཀྱི་པང་གདན་ཐིག་རིས་དང་བོད་ལྭ།

དེར་རྒྱན་སྤྲས་ཀྱི་སྤྱོད་སྒོ་ཡོད་པ་ཕུད་བོད་པ་རྣམས་ཀྱིས་ཐིག་རིས་རི་མོ་དེ་རིགས་ལ་དགའ་མོས་བྱེད་པ་ནི་གཅིག་ནས་ཐིག་རིས་བཟོ་བདེ་བ་དང་གཉིས་ནས་སྤྱོད་བདེ་བ་ཡིན་པས་རེད། (རྙོག་འཛིང་ཆེ་བའི་ཐིག་རིས་རི་མོ་དག་ནི་ལག་ཤེས་བསླས་འཐག་ལས་བྱུང་བ་ཡིན་པས་བཟོ་སྐྲུན་བྱེད་སྐབས་དཀའ་ཁག་ཆེ་ལ་དུས་ཚོད་ཀྱང་མང་པོ་ཞིག་ཟད་གྲོན་བྱེད།བསླས་འཐག་བྱེད་སླ་བ་ལས་གཞན། རི་མོ་འདི་དག་ལ་ལེགས་ཆ་གཞན་ཞིག་ཡོད་པ་ནི་བརྡ་རྟགས་རིགས་ཤིག་ཏུ་བཀོལ་ཆོག་སྟེ། ཡང་ན་མི་སྒེར་གྱི་ཤོག་བྱང་ངམ་ཐམ་གདང་འདྲ་བར་དངོས་པོ་དེ་རང་ཉིད་ཀྱི་ཡིན་པ་མཚོན་ཐུབ། 

ཡིན་ཡང་ཐིག་རིས་རི་མོ་ཡོད་པའི་བསླས་འཐག་དངོས་པོ་ཚང་མར་རྟགས་ཁྱད་པར་ཅན་བརྒྱབ་ཡོད་པ་མ་ཡིན་པར།དེའི་ཁྲོད་ཀྱི་ཁ་ཤས་ནི་རྒྱན་སྤྲས་ཆེད་དུ་འཐག་པ་ཡིན། འོན་ཀྱང་། ཉོ་ཚོང་གི་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་བསླས་འཐག་དངོས་པོ་མང་ཆེ་བར་མི་སྒེར་གྱི་རྒྱན་རིས་ཡོད་ལ། ཐིག་རིས་རི་མོ་འདི་དག་བཀོལ་སྤྱོད་བྱེད་མཁན་གྱི་མི་ཚེ་གང་བོར་བཀོལ་སྤྱོད་བྱས་ཆོག་ལ་རྒྱུད་འཛིན་ཡང་བྱས་ཆོག། དེར་མ་ཟད་དེ་དང་བསྟུན་པའི་དཔེ་ཀློག་གི་སྒྲིག་སྲོལ་དབྱེ་འབྱེད་བྱེད་པར་ཡང་བཀོལ་ཆོག།


ལ་དྭགས་ཡུལ་གྱི་འཐག་དངོས།
《Living fabric weaving among the nomads of ladakh Himalaya》


ལ་དྭགས་ཡུལ་ནས་བཟོས་པའི་སྒྱེ་མོ།

བོད་པ་རྣམས་ཀྱིས་ཉོ་ཚོང་བྱེད་སྐབས་དངོས་རྫས་འདིའི་རིགས་བེད་སྤྱོད་བྱེད་པ་དང་དེ་དག་ནི་འཚོ་བའི་ཁྲོད་དུ་གལ་འགངས་ཤིན་ཏུ་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན། དེའི་རྒྱུ་མཚན་ནི་ཐིག་རིས་བསླས་མའི་དངོས་པོ་དེ་རིགས་དུས་ཚིགས་རང་བཞིན་གྱི་གནས་སྤོ་ཁྲོད་ཀྱི་སྐྱེལ་འདྲེན་ཡོ་བྱད་ལ་བེད་སྤྱོད་བྱེད་པ་མ་ཟད། ད་དུང་འོ་བཟོས་ཐོན་རྫས་དང་འབྲུ་རིགས། ཚྭ། བལ་སོགས་ཉོ་ཚོང་སྐྱེལ་འདྲེན་ལའང་བཀོལ་སྤྱོད་བྱེད་བཞིན་ཡོད། ཐིག་རིས་བསླས་མའི་དངོས་པོ་ནི་འབྲོག་པའི་འཚོ་བའི་གྲུབ་ཆ་གལ་ཆེན་ཡིན་པས་དགོན་སྡེའི་ལྡེབས་རིས་སོགས་སུའང་བྲིས་ཡོད།


དུས་རབས་བཅུ་གཉིས་པ་དང་བཅུ་བཞི་བའི་སྐབས་ཀྱི་ལ་དྭགས་ས་སྤྲོ་ལའི་བྲག་ཕུག་གི་ལྡེབས་རིས།
ཏནྟི་པས་འཐག་ཆས་ཀྱི་རས་འཐག་བཞིན་པ།
པར་བ། Monisha Ahmed



སྒྱེ་མོའི་རིགས། 

བཀལ་མ།


སྒྱེ་མོ།

འདྲ་པར་ཡོང་ཁུངས། སྲོལ་རྒྱུན་རིས་འགྲེལ་ཚིག་མཛོད།



བོད་ཡུལ་དུ་སྒྱེ་མོ་བཟོ་སྐབས། སྒྱེ་མོའི་ཆེ་ཆུང་ནི་ཁལ་མའི་སྒོ་ཕྱུགས་ཀྱི་ལུས་བོང་ལྟར་དབྱེ་བ་འབྱེད་བཞིན་ཡོད་པ་སྟེ། ལུག་སྒྱེ་དང་རྟ་སྒྱེ། གཡག་སྒྱེ་སོགས་སུ་དགར་ལ། དེ་དག་ལ་ཤོང་ཚད་ཀྱི་ཐད་ནས་མ་གཏོགས་ཁྱད་པར་མེད། 

ང་ཚོས་ཐོག་མར་ལུག་སྒྱེ་གླེང་བར་བྱ་སྟེ། བོད་ཀྱི་ཡུལ་གྲུ་ཁ་ཤས་སུ། (གཙོ་ཆེ་བ་ལྷོ་ནུབ་རྒྱུད་དང་ནུབ་རྒྱུད། ནུབ་བྱང་གི་ཕྱོགས་སུ་འདུག།) འབྲོག་པའི་སྒོ་ཕྱུགས་ནི་ལུག་ཡིན་པར་བརྟེན་སྐབས་འགར་ལུག་སྐྱེལ་འདྲེན་ཡོ་བྱད་དུ་བེད་སྤྱད་ནས་ལུག་ལ་ཁལ་འགེལ་བར་མ་ཟད། ཆེ་ཆུང་དང་བཟོ་དབྱིབས་སོགས་དམིགས་བསལ་དུ་བྱས་ཏེ་ལུག་སྒྱེ་བཟོ་པ་རེད། 

ལུག་སྒྱེ།


དེ་དག་མང་ཆེ་བ་བོད་ལུགས་རྒྱབ་ཁུག་དང་འདྲ་བར་ཐད་ཀར་སྒོ་ཕྱུགས་ཀྱི་རྒྱབ་ཏུ་འགེལ་དགོས་ལ་ཕན་ཚུན་ཆ་འགྲིག་པར་བྱས་ཡོད། ཁུག་མ་རེ་རེར་གཞི་རྩ་གཅིག་ཡོད་ལ། གཞི་རྩ་དེ་ཉིད་ཁལ་མའི་སྒལ་གཞུང་ལ་འབབ་དུ་འཇུག་དགོས་པ་དང་། གཞི་རྩའི་གཞོགས་གཅིག་ཏུ་གློ་ཐག་དང་ཅིག་ཤོས་སུ་གློ་སྒྲོག་ཡོད་པས། ཁལ་བཀལ་བའི་ཚེ་ན་དངོས་ཟོག་དམ་པོར་སྡོམ་པའི་ནུས་པ་དང་ལྡན། (འཐག་ཆས་འདིའི་རིགས་ཀྱིས་ཞེང་ཚད་ལ་ལི་སྨི༢༥ནས་༣༢བར་ཡོད་པའི་འཐག་དངོས་འཐག་ཐུབ།)


སྒྱེ་མོ་འདིའི་རིགས་བཟོ་བྱེད་ཀྱི་རྒྱུ་ཆ་ནི་སྤྱིར་བཏང་དུ་ར་མའི་རྩིད་པ་དང་ནོར་གྱི་རྩིད་པ་ཡིན་ལ་དེ་གཉིས་བསྲེས་ནས་བཟོས་ཀྱང་ཆོག། དེ་མ་ཟད་རྩུབ་རགས་ལྡན་པའི་སྣལ་མ་རྩུབ་མོ་བཀོལ་ནས་བཟོས་ཀྱང་ཆོག། (འདི་ལྟ་བུ་ལ་རྩིད་པར་འབོད།) ནང་རིམ་ནི་འཇམ་མཉེན་བལ་གྱིས་གྲུབ་པས་སྤུས་དག་ཅིང་ཁྲོམ་ར་ནས་ཧ་ཅང་བྲིན་ཆེ། སྒྱེ་མོའི་ཁ་མདོག་གི་ཐད་དུ་རིགས་གཉིས་ཏེ་སྐྱ་བོ་དང་ནག་པོ་གཉིས་ཀྱི་སྐུད་པས་གྲུབ་པ་ཡིན་ལ། གཞན་ཡང་ཁ་མདོག་ནི་རིགས་གཅིག་ཡིན་ཆོག་ལ་རིགས་ཁ་ཤས་མཉམ་དུ་བསྲེས་ནས་བཟོས་ཀྱང་ཆོག། ཁ་མདོག་འདྲ་མིན་ཡོད་པས་བཀྲག་མདངས་ཆེས་ཆེར་མངོན་ལ་སྤྱིར་བཏང་དུ་ལུག་བལ་ལ་ཚོན་མི་རྒྱག་པར་སྔོན་གྱི་ཁ་མདོག་སོར་འཇོག་བྱས་ཡོད། 


གཡག་སྒྱེ།


 རྟ་སྒྱེ། པར་བ། Mattieu Ricard


རྟ་སྒྱེ་དང་གཡག་སྒྱེ་ནི་བཟོ་དབྱིབས་ཀྱི་ཐད་དུ་ལུག་སྒྱེ་དང་གཅིག་མཚུངས་ཡིན་ཞིང་དེ་དག་གི་རིང་ཐུང་དང་ཆེ་ཆུང་ནི་ཁལ་མའི་ལུས་བོང་དང་བསྟུན་ནས་ཐག་གཅོད་བྱེད་བཞིན་ཡོད། རྟ་སྒྱེའི་ཞབས་སུ་ཐག་སྐུད་གསུམ་ཡོད་པའང་གཞོགས་ཅིག་ཤོས་ཀྱི་སྒྱེ་མོར་དམ་དུ་སྡོམ་བྱེད་ཡིན་མོད། འོན་ཀྱང་རྟ་སྒྱེ་དང་གཡག་སྒྱེ་ནི་ཕན་ཚུན་ཆ་འགྲིག་པར་བྱེད་མི་དགོས་པར་ཡ་གཅིག་རུའང་བྱས་ཆོག། 

རྟ་སྒྱེ།


རྟ་སྒྱེ་ནི་དུས་ཚིགས་རང་བཞིན་གྱི་གནས་སྤོ་བྱེད་སྐབས་ཁྱིམ་གྱི་ཅ་ལག་སྐྱེལ་བའི་ཡོ་བྱད་དུ་བེད་སྤྱོད་བྱེད་བཞིན་ཡོད། རྒྱུ་བལ་ལས་གྲུབ་པའི་བུད་མེད་ཚོའི་རྒྱབ་ཁུག་ལ་ཡང་ཚོན་མདོག་བྱུགས་ཆོག་ཅིང་། (མང་ཆེ་བ་དམར་པོར་བསྒྱུར་བར་དགའ།) དེ་ལྟར་བྱེད་པ་ནི་སྐྱེས་པའི་རྒྱབ་ཁུག་དང་དབྱེ་བ་འབྱེད་ཆེད་ཡིན། 


འཐག་ཆས།

༡༩༢༧ལོའི་ཐགས་ཁྲིའི་གམ་གྱི་བུད་མེད།  
པར་བ། Walter Bosshard


ཐིག་སྒྲོམ་ལག་བྲིས་རི་མོ། འདྲ་པར་ཡོང་ཁུངས།《The tibetan carpet》


ཐགས་ཆས་ཀྱི་དཔེ་རིས། 
1ཡས་ཤིང་། 2 མས་ཤིང་།aསྐེད་སྒྲོག།  b པང་ཤིང་། c སྤུན་ཐུར། d འུ་ལུ། e སྣས་རྒྱུག། 
f ཐགས་སུག། g ཐགས་གདུང་། i བཀར་ཤིང་། h སྣས་ཐུར།  jབཟུང་ཐུར།  k དཀྲི་རྒྱུག། l ནོན་རྡོ།
མཁན་པོ་བཀྲ་ཤིས་བཟང་པོས་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ།
འདྲ་པར་ཡོང་ཁུངས། 《The tibetan carpet》


ཐགས་ཆས། འདྲ་པར་ཡོང་ཁུངས།《The tibetan carpet》

ཐགས་ཆས། འདྲ་པར་ཡོང་ཁུངས།《The tibetan carpet》


ཐིག་རིས་དང་མིང་རྟགས། 


ད་ལྟ་ང་ཚོས་ཐིག་རིས་འཐག་ཚུལ་གླེང་བར་བྱ་སྟེ། དེ་ལ་བོད་སྐད་དུ་ཡུད་ཟེར། ཡུད་ནི་ཐགས་སྐུད་ལས་གྲུབ་པ་ཡིན་ཞིང་སྐུད་པའི་སྦོམ་ཕྲ་ནི་རྒྱུ་སྤུན་གཅིག་ནས་དུ་མའི་བར་དུ་བྱས་ཆོག་པ་དང་། འདི་དག་ནི་སྤྱིར་བཏང་དུ་དངོས་ཐིག་ཡིན་ལ། འོན་ཀྱང་སྐབས་འགར་དེ་དག་ནི་གྲུ་བཞི་ཁ་གང་དབྱིབས་སམ་གྲུ་བཞི་ནར་དབྱིབས་ཀྱིས་གྲུབ་པ་ཡིན། སྐུད་པ་རྐྱང་མ་ཅན་ལ་རེ་སོ་དང་སྐུད་པ་ཉིས་གཤིབ་ཅན་ལ་ལུག་མིག་ཏུ་འབོད། ལུག་མིག་གི་རྒྱུ་སྤུན་སྦོམ་ཕྲ་མེད་ཅིང་། སྦོམ་ཕྲ་རན་པའི་སྐུད་པ་གསུམ་དང་ཁ་མདོག་གསུམ་ལས་གྲུབ་པ་ལ་ཡུད་ལེབ་ཅེས་འབོད། འདི་དག་ནི་ཡུད་ཀྱི་སྟབས་བདེ་བའི་གཞི་རྩའི་སྒྲིག་གཞི་ཡིན། 


རིས་དབྱིབས་མི་འདྲ་བ་དག་མི་སྒེར་གྱི་མིང་རྟགས་ལྟ་བུར་བེད་སྤྱོད་བྱས་ཆོག་ལ། དེ་དག་ནི་རིས་དབྱིབས་བགྲང་གིས་མི་ལང་བས་གྲུབ་ཡོད་པར་མ་ཟད་རིས་དབྱིབས་ཀྱི་ཆེ་ཆུང་དང་བར་ཐག་ཀྱང་མི་འདྲ།(ཐིག་རིས་ཀྱི་ཞེང་ཚད་དང་བར་ཐག་ནི་རྒྱུ་སྤུན་གྱི་གྲངས་ཀར་རག་ལས་པར་བཤད།)ངོས་འཛིན་ཚུལ་ནི་རྟག་པར་གཡས་ནས་གོ་རིམ་བཞིན་ཀློག་དགོས་མོད། འོན་ཀྱང་སྒྱེ་མོ་ནི་བསླས་འཐག་དངོས་པོ་འགའ་ཡིས་གྲུབ་པ་ཡིན་ལ་ངོས་འཛིན་བྱེད་སྐབས་དེ་ལྟར་མིན་པར་རིས་དབྱིབས་རེ་རེ་ལས་ངོས་ཟིན་པ་ཞིག་ཡིན།



རྒྱུད་འཛིན་བྱས་ཆོག་པའི་ཡུད།


འབྲོག་པ་རེ་ལ་ཡུད་རེ་ཡོད་ཀྱང་། ཁྱིམ་ཐབ་བཟུང་སྟེ་གཞིས་གསར་བཅོས་པའི་ཚེ་ན་ད་གཟོད་རང་ཉིད་ཀྱི་ཡུད་དེ་རྒྱུད་འཛིན་བྱས་ཆོག། ཕ་ཤུལ་འཛིན་མཁན་གྱིས་ཨ་ཕའི་ཡུད་རྒྱུད་འཛིན་བྱས་པས་དེ་ལ་ཕ་ཡུད་དུ་འབོད་པ་དང་།གཞིས་གསར་བཅོས་པའི་བུ་སྤུན་གཞན་དག་གིས་རང་ཉིད་ཀྱི་ཡུད་བཟུང་ཆོག། གལ་ཏེ་ཨ་ཕས་རང་གི་གཞི་སྟེ་རྒྱུད་འཛིན་མཁན་ལ་སྤྲད་ཀྱང་ཁོ་རང་ཁྱིམ་ཐབ་དང་ཁ་མ་བྲལ་ཚེ། རྒྱུད་འཛིན་མཁན་གྱིས་ཡུད་རྒྱུད་འཛིན་བྱས་མི་ཆོག་པར།  ངེས་པར་དུ་ཡུད་གསར་བ་ཞིག་བསྐྱང་དགོས། སྤྱིར་བཏང་དུ་ཡུད་ཐམས་ཅད་འདྲ་བོར་ཡོད་ནའང་ཞིབ་ཕྲའི་སྟེང་དུ་མི་མཚུངས་པ་ཡིན། 


ཡུད་ནི་སྐྱེས་པའི་ཐོབ་ཐང་མཚོན་བྱེད་ཅིག་ཡིན་ཞིང་།  སྐྱེས་པས་ར་མ་དང་ནོར་གནག་གི་རྩིད་པའི་བཟོས་པའི་བལ་ཕྱར་དང་ཚང་འདུར་ཐོག་བསླས་པའི་རི་མོས་མཚོན་ཡོད།
བལ་ཕྱར།(གཡོན) ཚང་འདུར།(དཀྱིལ་དང་གཡས།) 
པར་བ། Monisha Ahmed


ཕ་ཡུད་ལས་གཞན་དུ་ད་དུང་མ་ཡུད་ཀྱང་ཡོད་པ་དང་། ཨ་མའི་ཡུད་དག་བུ་མོ་ཚོར་བགོ་བ་སྟེ། རྒྱུ་མཚན་ནི་ཁོ་མོ་ཚོས་ཁྱིམ་ཐབ་བཟུང་བའི་ཚེ་ཨ་མ་དང་ཁ་བྲལ་ནས་འཚོ་བ་རོལ་ལ། ཁོ་མོ་ཚོའི་བསླས་འཐག་དངོས་པོ་དང་སྐྱེས་པའི་བསླས་འཐག་དངོས་པོ་གཉིས་མི་འདྲ་བར་རང་ཉིད་ཀྱི་ཡུད་རེ་དགོས་པ་རེད། དེ་དག་ཁྱིམ་སྤྱོད་ཡོ་བྱད་དང་ཟས་རིགས་སྐྱེལ་འདྲེན་བྱེད་པར་བེད་སྤྱོད་བྱེད་པར་མ་ཟད། ལ་ཤས་ཤིག་གསེར་དངུལ་དང་གཡུ་བྱུར་སོགས་བུད་མེད་ཀྱི་རྒྱན་ཆ་འཇོག་སར་བེད་སྤྱོད་བྱེད། གཉེན་སྟོན་གྱི་སྐབས་སུ་བུ་མོ་ཚོར་ཨ་མས་ཡུད་རེ་རྫོངས་བར་འབུལ་བཞིན་འདུག་མོད། ཡིད་སྐྱོ་བ་ཞིག་ལ་དེ་ཉིད་ཨ་མའི་ཡུད་དམ་ཡུད་གསར་བ་ལས་གང་ཞིག་ཡིན་པ་རྟོགས་ཐབས་བྲལ། 


བག་མའི་ཚང་འདུར་ནི་བག་མ་རང་ཉིད་དང་མོའི་ཨ་མས་དངོས་སུ་འཐག་པ་ཡིན་ཞིང་། མི་སྒེར་གྱི་དངོས་པོ་དང་རྫོངས་བ། 
ཕ་མས་གནང་བའི་འཚོ་བའི་ཡོ་བྱད་སོགས་བསྡུ་བྱེད་དུ་བེད་སྤྱོད་བྱེད།  
པར་བ། Monisha Ahmed


སྒྱེ་མོ་བཟོ་བ་ལས་གཞན། སྐྱེས་པ་རྣམས་ཀྱིས་ད་དུང་ཉོ་ཚོང་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་ཡུད་དང་དངོས་པོ་གཞན་དག་ལའང་ཁྱད་པར་ཕྱེས་ཡོད་དེ། དཔེར་ན་ཡུལ་སྐོར་ལ་འགྲོ་དུས་བལ་ཕྱར་བཀོལ་སྤྱོད་བྱེད་པ། (ཁྱིམ་སྤྱོད་བལ་ཕྱར་སྟེང་དུ་སྐྱེས་པའི་ཡུད་བཀོད་མེད་པ།) སྒ་ཁེབས།ཡུལ་སྐོར་དང་རྟ་རྒྱུག་ལ་བཀོལ་སྤྱོད་བྱེད་པ།) ཚང་འདུར་(སྒོ་ཕྱུགས་ཀྱི་རྒྱབ་ཏུ་འཕེན་པའི་སྒྱེ་ཁུག)སོགས་ཡོད།  ཡུལ་སྐོར་དུ་བེད་སྤྱོད་བྱེད་པའི་ས་གདན་ནི་ཐགས་སྐུད་༤ནས་༨ཀྱིས་གྲུབ་ཅིང་། འཐག་དངོས་རེ་རེ་ནི་དོ་བདག་གི་ཡུད་ལས་གྲུབ་ཡོད།  


འབྲོག་པས་གནས་སྤོ་བྱེད་སྐབས་སུ་སྦྲ་གུར་སོགས་དངོས་ཟོག་ལྕི་མོ་བཀལ་བའི་གཡག་ཁལ་དང་རྟ་ཁལ།
པར་བ། Monisha Ahmed


འབྲོག་པས་བྱང་ཐང་དུ་ལུག་དང་ར་མ་འཚོ་བཞིན་པ།  
པར་བ། Tsering Wangchuk Fargo

ད་ནི་བོད་པས་བསླས་འཐག་དངོས་པོ་དང་རྣམ་པ་མདོར་བསྡུས་ཤིག་ངོ་སྤྲོད་བྱས་ཚར་བ་ཡིན་ལ། དེ་ཡིས་ཀློག་པ་པོ་མང་ཆེ་བས་ནང་དོན་འདི་སྤྲོ་སྣང་ལྡན་པ་ཞིག་ཡིན་པ་ཤེས་སྲིད་ཀྱང་རྒྱུས་མངའ་གསལ་ཐག་ཆོད་པ་ཞིག་ལོན་པར་ཕན་པ་དེ་ཙམ་ཆེན་པོ་མེད་ལ། འདི་ཡིས་མི་རྣམས་ལ་བོད་ཀྱི་བསླས་འཐག་དངོས་པོ་དང་སྟོད་ལྷེ་སོགས་ཉོ་བའི་འདུན་མ་བསྐྱེད་པའམ། ཡང་ན་ཚོང་ཁང་སོགས་སུ་དེ་དག་མཐོང་ཚེ་བོད་ཀྱི་རིག་གནས་ལ་སེམས་ཐག་ཉེ་བའི་ཚོར་སྣང་གིས་ཕྱིར་དྲན་ཐན་ཐུན་བྱེད་དུ་འཇུག་ནུས་ཀྱང་སྲིད་དོ།


  གློག་བརྙན།《ཧི་མ་ལ་ཡ། Himalayas》


བོད་ལུགས་ཀྱི་བསླས་འཐག་དང་འབྲེལ་བའི་དཔེ་དེབ།



《Sacred&secular the piccus collectionof tibetan rugs》


《The tibetan carpet》

《Of wool and loom the tradition of tibetan rugs》

《Living fabric weaving among the nomads of ladakh Himalaya》



《ཧི་མ་ལ་ཡ།Himalayas》བསྟན་འཛིན་ནོར་བུས་བྲིས།


 

མཛེས་དཔྱོད་གཅིག་མཚུངས་སུ་གྲུབ་པའི་བོད་བཟོའི་ཐིག་རིས་རི་མོའི་ཁྲོད་དུ།
མི་སྒེར་གྱི་གསང་བའི་རྟགས་མཚན་རེ་བཀོད་ཡོད།



牦牛奶雪花酥

点击图片进入小程序了解

འབྲི་འོའི་ཀ་ར།



海拔四千米的御医藏药茶

点击图片可进入小程序了解

ལྷ་རྗེའི་སྨན་ཇ།



托岗高原黑青稞饼

点击图片可进入小程序了解

ནས་ནག་གོ་རེ།




往期文章

可点击图片阅读

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
雪怪从不丹走来。

བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།

གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།

从未见过的藏地民间收藏 ▎收废品到博物馆开创者

བོད་སྐད་ཀྱི་ཐད་སྦྲེལ། CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace


: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存