查看原文
其他

ཕྱི་རྒྱལ་གྱི་སྒྱུ་རྩལ་པས་ཧི་མ་ལ་ཡའི་བསླས་འཐག་རྨི་ལམ།

迦入 CHARU 2022-09-30

汉语版

点击图片阅读

两千年不褪色的西藏时尚,外国艺术家编织的喜马拉雅梦。


 翻译:普桑加
校对:刘时
编辑:普桑加


 སྣམ་བུ་རྙིང་པས་བཟོས་པའི་སྒྱུ་རྩལ་བརྩམས་ཆོས། སྒྱུ་རྩལ་པ་José Sanintཡིས་ཧི་མ་ལ་ཡའི་བསླས་འཐག་རྨི་ལམ།

སྣམ་བུ་ནི་བོད་ཡུལ་གྱི་ལག་བཟོས་ཐོན་སྐྱེད་བྱས་པའི་ལུག་བལ་ཐོན་རྫས་ཤིག་ཡིན། བོད་ཡུལ་དུ་གནའ་སྔ་མོ་ནས་ཤིང་བལ་དང་གསོ་མ་ཐོན་སྐྱེད་མི་བྱེད་པ་དང་སྣམ་བུ་ནི་བོད་ཡུལ་གྱི་ཆས་གོས་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད། ངག་རྒྱུན་དུ་ལོ་ངོ་༢༠༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཟེར། དགོན་པའི་གྲྭ་བཙུན་གྱི་ཤམ་ཐབས་དང་ཕྱུ་པ། པང་གདན། བལ་ཕྱར། བོད་ལྷམ། རྟ་སྟན། ཞྭ་མོ་སོགས་ཚང་མ་སྣམ་བུ་དང་ཁ་འབྲལ་ཐབས་མེད་ལ། གནའ་བོའི་དུས་སུ་སྣམ་བུ་ནི་བོད་ཡུལ་གྱི་རྟེན་འབུལ་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་ལ་ཕྱིར་འདོན་བྱེད། 


༡༩༢༨ལོར་རྡོར་གླིང་དུ་སྣམ་བུའི་པང་གདན་གོན་པའི་བོད་རིགས་སྐུ་དྲག་བུ་མོ། 

གནའ་བོའི་ལྡེབས་རིས་ལ་རྟོག་ཞིབ་བྱས་པ་བརྒྱུད་དུས་རབས་༡༠པའི་གོང་རོལ་ནས་སྣམ་བུ་ནི་བོད་མིའི་མཛེས་དཔྱོད་དར་སྲོལ་གྱི་མཚོན་བྱེད་ཅིག་ཏུ་གྱུར་ཡོད། སྣམ་བུའི་རང་བྱུང་གི་སྤུས་ཀ་དང་མཚར་སྡུག་ལྡན་པའི་རྩི་ཤིང་གཏེར་རྫས་ཀྱིས་ཚོས་མདོག་བསྒྱུར་བའི་ལག་རྩལ་གཉིས་སྡེབ་ནས་གནའ་ཉམས་དོད་པའི་ཉམས་འགྱུར་ཞིག་མངོན་པ་དེ་ནི་ས་མཐོའི་མིའི་སྲོལ་རྒྱུན་མཛེས་དཔྱོད་ཀྱི་མཚོན་བྱེད་ཅིག་ཡིན་པ་དང་། ད་བར་འཛམ་གླིང་སྐྱེ་བོ་ཀུན་གྱི་ཧི་མ་ལ་ཡའི་ལོ་ངོ་སྟོང་གི་དར་སྲོལ་གྱི་མཛེས་སྡུག་ལ་བསྟོད་བསྔགས་བྱེད་བཞིན་ཡོད། 

ཧི་མ་ལ་ཡ་ས་ཁུལ་ནས་ཐོན་པའི་བོད་རིགས་བུད་མེད་ཀྱི་ཕྱུ་པ་འདི་ནི་མདོག་དམར་པོ་དང་སྔོན་པོ། སེར་པོའི་སྣམ་བུའི་ཐིག་རིས་མཐུད་སྦྱོར་བྱས་ནས་གྲུབ་པ་མ་ཟད་ད་དུང་ཚོས་མདོག་བསྒྱུར་བའི་ལག་རྩལ་ཡང་སྤྱད་ཡོད། ད་ལྟ་ཕྱུ་པ་འདི་ལྟ་བུ་ཧ་ལམ་བཟོ་མཁན་མེད་ལ་གོན་མཁན་ཡང་ཧ་ཅང་ཉུང་ཉུང་རེད། ཐོན་ཡུལ། ལ་དྭགས། ད་ལྟའི་བར་དུ་ལོ་བརྒྱད་ཅུ་ནས་བརྒྱ་བར་འགོར། 




ཚོན་ཁྲ་ཅན་གྱི་སྣམ་བུ་མཐུད་སྦྱོར་བྱས་ནས་བཟོས་པའི་འབྲི་གཡག་གི་ཁུ་ལུའི་རྐང་སྣམ། 


སྣམ་བུའི་བཟོས་པའི་སྟོད་གོས་དམར་པོ། 


ཀྲུང་གོའི་དར་གོས་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་གཟིག་ལྤགས་ཀྱི་བརྒྱན་པའི་སྣམ་བུའི་ཕོ་ལྭ།

སྣམ་བུའི་བཟོས་པའི་ངུར་སྨིག་གི་གྲྭ་ལྭ།


༡༩༧༨ལོར་བརྙན་ལེན་པས་སྲང་ལམ་ནས་པར་བླངས་པའི་ཕྱུ་པ་གོན་པའི་ལོ་ལོན།


བོད་ཡུལ་དུ་༼གེ་སར་རྒྱལ་པོའི་སྒྲུང༽ནི་སྒྱུ་རྩལ་པས་ངག་ཐོག་ནས་བརྒྱུད་སྤྲོད་བྱེད་ཤིང་ལོ་རྒྱུས་ཀྱི་རྒྱུན་ཡུན་རིང་ཞིང་མི་ཚང་མའི་རྣ་བར་འཇགས་ཡོད་པའི་ངག་རྒྱུན་ཞིག་ཏུ་གྱུར་ཡོད། གཏམ་རྒྱུད་ཁྲོད་གེ་སར་གྱི་བཙུན་མོ་འབྲུག་མོ་དང་དར་སྲོལ་ཆེ་བའི་བོད་ཀྱི་སྣམ་བུར་འདོར་ཐབས་མེད་པའི་རྒྱུ་རྐྱེན་ཞིག་ཡོད་ལ། འབྲུག་མོ་ནི་སྐབས་དེར་མིང་དུ་གྲགས་པའི་སྣམ་བུ་སྤྱོད་རྒྱུར་དགའ་མཁན་ཞིག་ཡིན་པ་དང་ངག་རྒྱུན་དུ་སྣམ་བུ་བསླས་འཐག་འཕྲུལ་འཁོར་གྱི་མ་དཔེ་ནི་བཙུན་མོ་དེས་སྤྱོད་རྒྱུར་དགའ་བའི་རས་འཐག་འཕྲུལ་འཁོར་ལས་བྱུང་བ་ཞིག་རེད་ཅེས་བཤད། འབྲུག་མོས་སྣམ་བུར་བཅངས་པའི་བརྩེ་སེམས་ཀྱིས་ཀྱང་ཁོ་མོར་བརྩི་བཀུར་བྱེད་མཁན་ཚོར་ཤུགས་རྐྱེན་ཐེབས་ནས་སྲོལ་རྒྱུན་གྱི་རས་རྩལ་དེ་རིགས་ཁྱབ་སྤེལ་ཐུབ་པ་བྱུང་སྟེ་བོད་ཀྱི་མི་སེར་ཚོས་གཅེས་སྤྲས་བྱེད་པའི་གཅེས་ནོར་ཞིག་ཏུ་གྱུར་ཡོད།



མཛེས་སྡུག་ལྡན་ལ་གནའ་ཉམས་དོད་པའི་རང་བྱུང་གི་ཚོས་མདོག་རྒྱབ་ཡོད་པའི་སྣམ་བུས་འཛམ་གླིང་སྐྱེ་བོ་ཀུན་ལ་ཧི་མ་ལ་ཡའི་མཛེས་དཔྱོད་ལྟ་བ་མངོན་པ་མ་ཟད་བོད་རིགས་བུད་མེད་ཚོས་འཚོ་བར་བཅངས་པའི་དགའ་ཞེན་ཡང་མངོན་བཞིན་ཡོད། 


སྣམ་བུའི་ཕྱུ་པ་ནི་ལུག་པགས་ཀྱི་ཕྱུ་པ་དང་མི་འདྲ་བར་ཆེ་ཆུང་ཚད་དང་རན་པ་དང་ངལ་རྩོལ་བྱེད་བདེ་ལ་རླུང་དང་གྲང་ངར་ཡང་འགོག་ཐུབ་པས་རོང་ཁུལ་གྱི་མིའི་རྒྱུན་གཏན་གྱི་གོན་པར་གྱུར་ཡོད། རོང་ཁུལ་གྱི་སྣམ་བུ་མང་ཆེ་བ་ནི་རང་བཟོས་རང་སྤྱོད་ཡིན་ལ། རྒྱལ་རྩེ་དང་སྨར་ཁམས། ལྷོ་ཁ། གཞིས་ཀ་རྩེ་སོགས་ས་ཁུལ་གྱི་སྣམ་བུའི་ཐོན་རྫས་ནི་སྐད་གྲགས་ཆེ་ཤོས་ཡིན།


སྣམ་བུ་རྙིང་པ་མཐུད་སྦྱོར་ནས་བཟོས་པའི་དེང་རབས་ཀྱི་འགེལ་གྲུམ། 
ཐོན་ཡུལ། བལ་པོ། 


སྣམ་བུ་བཟོ་བའི་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེ་ཞིང་། སྤྱིར་བཏང་དུ་བལ་འབྲེག་པ་དང་བཀྲུ་བ། རྒྱུ་ཆ་འདེམས་པ། བལ་གསེད་པ། སྐུད་པ་འཁེལ་བ། ཚོས་མདོག་བསྒྱུར་བ། སླ་བ། མེ་སྦར་ནས་ཁོད་སྙོམས་པར་བཟོ་བ་སོགས་ལས་རིམ་བཅུ་གྲངས་ལྷག་བརྒྱུད་དགོས།བོད་རིགས་བུད་མེད་ཀྱི་མཛུབ་མོ་བཅུའི་བར་གྱི་སྟོབས་ཤུགས་དང་མཛེས་དཔྱོད་ཀྱི་བློ་གྲོས་འདུས་ཡོད།  



ཚོས་མདོག་སྣ་ཚོགས་རྒྱབ་པའི་སྣམ་བུའི་རྟ་སྟན། 



རྟ་ནི་རྩྭ་ཐང་གི་ནོར་བུ་ཡིན་པས་རྟ་ལ་མཛེས་རྒྱན་སྤྲས་པ་ནི་སྨོས་མ་དགོས་པ་ཞིག་རེད། འདི་ནི་སྣམ་བུའི་བཟོས་པའི་རྟ་སྟན་རེད། 

སྣམ་བུའི་རྒྱུ་ཆ་འདེམས་པ།


སྣམ་བུའི་རྒྱུ་ཆ་ནི་ལུག་བལ་ལས་བྱུང་བ་ཡིན་པས་ལུག་བལ་འདེམས་སྐབས་ཧ་ཅང་དང་དོད་བྱེད་དགོས། དང་ཐོག་སྣམ་བུའི་རྒྱུ་ཆ་འདེམས་སྐབས་ངེས་པར་དུ་ལུག་ཡིན་དགོས་པ་མ་ཟད་ལྷོ་ཁ་དང་ལྷ་ས་གཞིས་ཀ་རྩེ་སོགས་ས་ཁུལ་གྱི་བལ་ཡིན་དགོས། བོད་བྱང་རྒྱུད་ཀྱི་ལུག་བལ་སྣམ་བུ་བཟོ་བར་མི་འཚམ་པ་དང་ས་གདན་བཟོ་བར་འཚམ་པོ་ཡོད། 


བལ་འབྲེག་པ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་པ་དང་བལ་འབྲེག་པའི་བཟང་ངན་ནི་སྣམ་བུའི་ཐོན་རྫས་དང་ཐད་ཀར་འབྲེལ་བ་ཡོད་ལ། བྲེག་ཚར་བའི་བལ་ངེས་པར་དུ་དུམ་བུ་ཡིན་དགོས་པ་མ་ཟད་མགྱོགས་པོ་དང་གྲལ་དག་པོའི་སྒོ་ནས་བྲེག་ཚར་རྗེས་སྣོད་ཀྱི་ནང་དུ་མཉམ་དུ་ཉར་ཚགས་བྱེད་དགོས། སོ་གཉིས་ཡན་གྱི་ལུག་གི་ལུག་བལ་བྲེག་ཆོག་པ་དང་། སྣམ་བུའི་ཕྱུ་པ་ཞིག་བཟོ་དགོས་ན་ཉུང་མཐར་ཡང་ལུག་བདུན་ནས་བརྒྱད་ཀྱི་བལ་གྱིས་འདང་གི་ཡོད་པར་བརྟེན་བལ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་། 


བལ་འབྲེག་བཞིན་པ། 


སྣམ་བུའི་རིམ་པ་དབྱེ་བ།


སྣམ་བུས་བལ་གྱི་སྤུས་ཀའི་ཁྱད་པར་དང་ལས་ཀ་ཞིབ་ཚགས་བྱས་ཚུལ་ལ་གཞིགས་ནས་རིམ་པ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་དང་། ས་ཁུལ་མི་འདྲ་བར་འབོད་སྟངས་ཀྱང་མི་འདྲ་བ་རེ་ཡོད། སྤུས་ཀ་ལེགས་པའི་ཐོན་རྫས་ནི་ཤད་མ་དང་སྤུ་ཕྲུག། ཤད་ཁོག། ཁ་བཤག། ཐེར་མ་སོགས་རིམ་པ་མི་འདྲ་བའི་སྣམ་བུ་སོགས་ཡིན་ལ་སྤུས་ཀ་ཞན་པ་ནི་ཕྱིང་རྩེ་སྣམ་བུ་ཡིན། 


ཤད་མ་ནི་པང་གདན་བཟོ་བྱེད་ལ་སྤྱོད་པའི་སྣམ་བུ་ཡིན་པ་དང་། ཆེས་ལེགས་པའི་སྣམ་བུ་ཡིན། པང་གདན་རེ་རེ་ནི་བོད་རིགས་བུད་མེད་ཀྱི་ལུས་ཐོག་ཏུ་བཅིངས་ཡོད་པའི་འཇའ་ཚོན་ཡིན། 


སྣམ་བུའི་རྒྱུ་ཆ་ལེན་སྟངས། 

ཤད་མའི་སྣམ་བུའི་རྒྱུ་ཆ་ནི་ལུག་གི་མ་མགལ་ནས་མིད་པའི་བར་གྱི་ཕྲ་ཞིང་མཉེན་པའི་བལ་ཡིན་ལ། བསླས་འཐག་ལག་རྩལ་ཁྱད་དུ་འཕགས་པ་དང་བསྟུན་ནས་སྐུ་དྲག་གི་ཆེད་སྤྱོད་གོན་ཆས་ཀྱི་རྒྱུ་ཆར་གྱུར་པ་དང་རིན་གོང་ཡང་ཆེས་མཐོ་ཤོས་དེ་ཡིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ནང་སྤྱི་ཤོད་དང་རྣམ་རྒྱལ་ཞོལ་གཉིས་ནས་ཐོན་པའི་ཤད་མ་སྣམ་བུ་འདི་གྲགས་ཆེ་ཤོས་ཡིན། 

སྤུ་ཕྲུག་སྣམ་བུ་ནི་ཤད་མ་ཡི་རིམ་པ་གཉིས་པའི་སྣམ་བུ་ཡིན་ཞིང་། ལུག་གི་ཕྲག་རྒྱབ་ཀྱི་བལ་བདམས་ནས་འཐག་བཞིན་ཡོད་ལ། རྒྱུན་དུ་ཕྱུ་པ་དང་གོས་ཐུང་སོགས་བཟོ་བར་སྤྱོད་བཞིན་ཡོད། 

ཁ་བཤག་སྣམ་བུའི་རྒྱུ་ཆ་ཐེར་མ་ལས་ཞན་ལ། རྒྱུན་དུ་ཕྱུ་པ་དང་རྩམ་ཁུག། ལྭ་བའི་མཐའ་རྒྱན་བཟོ་བར་སྤྱོད་བཞིན་ཡོད། 

ཐེར་མ་ནི་སྣམ་བུ་འབྲིང་གྲས་ཤིག་ཡིན་པ་དང་སྣ་ཁ་མང་ཞིང་མང་ཆེ་བ་རྫ་མདོག་དང་ནག་པོ་གཉིས་ཡིན། རྒྱུན་དུ་ཕྱུ་པ་དང་གྲྭ་ཆས་བཟོ་བར་སྤྱོད་བཞིན་ཡོད། 

ཕྱིང་རྩེ་སྣམ་བུའི་རྒྱུ་ཆ་ནི་བལ་འཇམ་པོ་དང་རྩུབ་པོ་གཉིས་མཉམ་བསྲེས་བྱས་ནས་གྲུབ་ལ་བལ་རྩུབ་པོ་ལས་འཇམ་པོ་མང་། རྒྱུ་ཆ་འདི་བཀོལ་ནས་འཐག་པ་ནི་སྤུས་ཀ་ཞན་པའི་སྣམ་བུ་ཡིན། སྤྱིར་བཏང་དུ་ལྷམ་ཟོམ་པའི་ལྷམ་རི་དང་སྤོ་བོ་ཡུལ་ནས་ཐོན་པའི་ལྷམ་གྱི་ལྷམ་ཚངས། སྒོ་ཡོལ་གྱི་ནང་རྒྱན་དང་བལ་ཕྱར་སོགས་ལ་སྤྱོད་བཞིན་ཡོད།


འདི་ནི་ཁ་དོག་ལེགས་པའི་སྤོ་བོ་ཡུལ་གྱི་ལྷམ་ཡུ་རིང་ཞིག་ཡིན་ལ། ལྷམ་མཐིལ་ནི་ཀོ་བས་བཟོས་པ་དང་ལྷམ་ངོས་ནི་སྣམ་བུ་ཁམ་ནག་དང་རྫ་མདོག། དཀར་པོའི་བཟོས་ལ་ཁ་དོག་སྣ་ཚོགས་པའི་ཚེམ་དྲུབ་ཀྱི་རྒྱན་ཡོད།


རྐང་གདན་སྒྱུར་ཡོད་པའི་སྣམ་བུའི་ལྷམ་ཡུ་རིང་། 

ཤད་མའི་སྣམ་བུ་མང་ཆེ་བ་ནི་ཕྱུག་པོའི་ཁྱིམ་ཚང་གི་ཕྱུ་པ་བཟོ་སྤྱད་ཡིན་ལ། རྒྱུ་ཆ་འདིས་པང་གདན་ཡང་བཟོས་ཆོག། ཁྱིམ་ཚང་གི་ཆ་རྐྱེན་འཛོམས་པོ་ཡིན་པའི་མིས་སྤྱིར་ན་ལོ་གསར་དང་དུས་ཆེན་གཏོང་བའི་སྐབས་སུ་ཤད་མའི་ཕྱུ་པ་གོན་པ་དང་དུས་རྒྱུན་དུ་མི་མང་ཆེ་བས་ཐེར་མའི་སྣམ་བུས་བཟོས་པའི་ཕྱུ་པ་གོན་བཞིན་ཡོད། གྲོང་གསེབ་ཀྱི་མི་མང་པོའི་ལུས་ལ་ཁ་བཤག་གི་སྣམ་བུས་བཟོས་པའི་ཕྱུ་པ་གོན། ཞིང་གྲོང་ས་ཁུལ་དུ་ལུག་མང་ཡང་ཤད་མའི་སྣམ་བུ་ནི་ལས་ཀ་ཞིབ་ཚགས་ཡིན་པ་དང་བཟོ་རྩལ་རྙོག་འཛིངས་ཆེ་བ། དུས་ཚོད་ཧ་ཅང་མང་པོ་དགོས་པའི་རྐྱེན་གྱིས་ཞིང་པ་ཚོ་ཞིང་ལས་ལ་བྲེལ་བ་ཆེ་བའི་རྐྱེན་གྱིས་ཧ་ལམ་ཤད་མའི་སྣམ་བུ་བཟོ་ཁོམ་མེད་པ་རེད། 


ལུས་ལ་སྣམ་བུ་སེར་པོས་ཟླ་གམ་གོན་པའི་གྲྭ་ཆུང་།


སྣམ་བུའི་པང་གདན་ཐོག་དུ་ཚོས་མདོག་རྒྱག་པའི་བརྒྱུད་རིམ།


རྒྱུ་ཆ། གཞིས་ཀ་རྩེའི་ཀུན་ཕན་ལག་ཤེས་བཟོ་ཁང་། པར་ལེན་པ། བུའུ་ཀྲི། 

པང་གདན་ཏེ་ཚོན་ལྡན་སྨད་གཡོགས་ནི་འཇའ་ཚོན་ལྟ་བུའི་མཚར་སྡུག་ལྡན་པ་དང་རྒྱན་སྤྲས་རང་བཞིན་ཧ་ཅང་ཆེ་བའི་འཐག་དངོས་ཤིག་ཡིན། པང་གདན་ནི་བོད་རིགས་བུད་མེད་ཀྱི་སྲོལ་རྒྱུན་རྒྱན་གོས་ཐོག་གི་དམིགས་བསལ་མཚོན་རྟགས་ཤིག་ཡིན་པ་དང་ད་བར་དུ་ལོ་ངོ་༡༠༠༠ལྷག་གི་ལོ་རྒྱུས་ལྡན། བོད་ཀྱི་སྲོལ་རྒྱུན་རྩི་ཤིང་ཚོས་མདོག་རྒྱག་ཐབས་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཐུབ་ལ། བཟོ་ལས་ཚོས་མདོག་རྒྱག་ཐབས་ཀྱི་མངོན་མི་ཐུབ་པའི་གནའ་ཉམས་དོད་པའི་མཛེས་སྡུག་མངོན་ཡོད། དེང་རབས་བཟོ་ལས་ཀྱི་རྡུང་རྡེག་འོག་རང་བྱུང་སྣམ་བུའི་ཚོས་མདོག་རྒྱག་པའི་ལག་རྩལ་ད་ལྟ་རྒྱུན་ཆད་ལ་ཉེ།


རྩི་ཤིང་གི་ཚོས་རྒྱུ་རྫབ་སུལ་དུ་གཏོང་བ།


རྩི་ཤིང་གི་ཚོས་རྒྱུ་སུབ་དཀྲུག་བྱེད་པ། 


སྐུད་པ་བཙོས་ནས་ཚོས་མདོག་རྒྱག་པ། 



རྩི་ཤིང་གཏེར་རྫས་སྣ་ཚོགས་ཀྱི་ཚོས་མདོག་རྒྱབ་པའི་བལ་སྐུད།


སྲོལ་རྒྱུན་གྱི་སྣམ་བུའི་ཚོས་རྒྱུ་ཚང་མ་རང་བྱུང་ཁམས་ཀྱི་ལེགས་སྐྱེས་ལས་བྱུང་བ་ཡིན་ལ། མཐིང་མདོག་གི་མཚོན་པའི་གཏེར་རྫས་ཀྱི་ཚོན་རྩི་ལ་བཙོད་རྩྭ་དང་ལྕུམ་རྩྭ། སྟར་ཀའི་ཤུན་པགས། གུར་ཀུམ་སོགས་སུ་དབྱེ་ཡོད། སྣམ་བུའི་སྲོལ་རྒྱུན་གྱི་ཁ་དོག་དྲུག་ནི་རང་བྱུང་ཁམས་ཆེན་མོའི་ཁྲོད་ནས་དབྱེ་ལེན་བྱས་པའི་སྔོན་པོ་དང་སེར་པོ། སེར་ནག་དང་དཀར་པོ། དམར་པོ་དང་ནག་པོ་བཅས་ཡིན། 

སྐུད་པ་འདྲེན་བཞིན་པ།


བསླས་འཐག་འཕྲུལ་འཁོར་ཚང་མ་ཤིང་གིས་བཟོས་པ་ཤ་སྟག་ཡིན་པས་སྔོན་ལ་གཞུང་སྐུད་ཀྱི་སྣེ་གཅིག་སྣམ་བུའི་འཕྲུལ་འཁོར་ཐོག་གཏན་འཇགས་བྱེད་དགོས་པ་དང་དེ་ནས་གཞུང་སྐུད་དན་ཁྲ་དབྱིབས་ཀྱི་གོང་འོག་ཏུ་གདུང་མ་ཡོད་པའི་ལག་ཆའི་ནང་དུ་རྒྱུས་དགོས། འཕྲེད་ཐིག་ཐུར་མ་ལས་ཅུང་སྦོམ་པའི་སྨྱུག་མའི་སྟེང་དུ་བསྐོར་ནས་སྨྱུག་མའི་བར་སྣང་དུ་ལྕགས་སྐུད་བཙུགས་ནས་སྒྲོམ་བུ་གཏན་འཇགས་བྱེད་དགོས། 



སྣམ་བུ་སླ་བཞིན་པ། 

སྣམ་བུ་སླ་བའི་སྐབས་སུ་རྐང་ལག་གཉིས་མཉམ་དུ་སྤྱོད་དགོས་ལ། རྐང་པ་རྐང་སྟེགས་སྟེང་དུ་བཞག་ནས་གཞུང་ཐིག་སྟེང་དུ་སྤོ་འགུལ་བྱེད་པ་དང་། འཕྲེད་ཐིག་བཞག་ཡོད་པའི་སྒྲོམ་བུ་ཕར་འགྲོ་ཚུར་འགྲོ་བྱེད་དགོས། ཐེངས་གཅིག་བརྒྱུད་ནས་དན་ཁྲ་དབྱིབས་ཀྱི་ཡོ་བྱད་ཀྱིས་འཕྲེད་ཐིག་འགའ་དེད་ནས་ཐག། ཐག། ཐག། ”ཞེས་པའི་སྒྲ་གྲགས་བྱུང་། འདེད་རྡུང་བྱས་རྗེས་འཕྲེད་ཐིག་དེ་གཞུང་ཐིག་སྟེང་དུ་དམ་པོར་གཏན་འཇགས་སུ་བཏང་། སྣམ་བུ་སླ་ཚར་རག་བར་དུ་འདི་ལྟར་བཀོལ་སྤྱོད་བྱེད།


མེ་སྦར་ནས་ཁོད་སྙོམས་པར་བཟོ་བ། 


བསླས་འཐག་བྱས་པའི་སྣམ་བུ་ལ་མེ་སྦར་ཏེ་སྤུ་བླངས་རྗེས་བཟོ་མཁན་གྱིས་ད་དུང་ཆུ་ནང་དུ་གཙང་འཁྲུད་བྱེད་དགོས། སྣམ་བུ་ཅུང་ཙམ་གཞའ་སྐུམ་ཐེབས་རྗེས་འཕྲེད་ཐིག་དང་འདྲེས་པ་སྔར་ལས་ཆ་སྙོམས་ཡིན་ལ། ཤུགས་ཚད་དང་དྲོད་འཛིན་ཚད་ཀྱང་དེ་དང་བསྟུན་ནས་ཇེ་དྲག་ཏུ་འགྲོ་སྲིད། 

གོན་པ་བཟོ་མཁན་གྱི་སྣམ་བུ་མང་ཆེ་བ་དཀར་པོ་ཡིན་པ་དང་སྤྱིར་ན་རས་འཐག་རྗེས་ཚོས་མདོག་རྒྱག་དགོས་ལ། ཚོས་མདོག་རྒྱག་སྐབས་ཁ་མདོག་མང་ཆེ་བ་ནི་ནག་པོ་དང་རྫ་མདོག། དམར་པོ་བཅས་ཡིན། ནག་པོ་ནི་ཕྱུ་པ་དང་ལྷམ་རི་སོགས་བཟོ་རྒྱུར་སྤྱོད་པ་དང་དམར་པོ་མང་ཆེ་བ་གྲྭ་ཆས་བཟོ་རྒྱུར་སྤྱོད་བཞིན་ཡོད། འོན་ཀྱང་ནང་མི་མང་པོ་ཞིག་གིས་ཀྱང་ཕྱུ་པ་དམར་པོ་གོན་རྒྱུར་དགའ། སྣམ་བུ་མཁྲེགས་ལ་སྤྱོད་ཤན་ཆེ་བ་དང་དྲོད་སྲུང་ནུས་པ་ལེགས་པ། བབ་ཆགས་ལ་རྒྱ་ཆེ་བའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་དགའ་ཞེན་བྱེད། 

ལུས་ལ་སྣམ་བུ་དམར་པོའི་ཕྱུ་པ་གོན་པའི་ན་གཞོན།

གནའ་བོའི་གསར་ཐོན་གྱི་སྣམ་བུ།


སྒྱུ་རྩལ་པ་José Sanintཡིས་༼ཧི་མ་ལ་ཡའི་བསླས་འཐག་རྨི་ལམ༽



ཚོན་མདོག་སྣ་ལྔའི་རྒྱན་པའི་དཀྱིལ་འཁོར་དང་འདྲ་བའི་དེང་རབས་སྒྱུ་རྩལ་ཐོན་རྫས་འདི་ནི་སྣམ་བུ་རྙིང་བ་སྦྲེལ་ནས་གྲུབ་པ་ཞིག་ཡིན། འཁལ་འཐག་ཐོན་རྫས་འདི་དག་མང་ཆེ་བར་ལོ་ངོ་བརྒྱ་ནས་ཉིས་བརྒྱའི་བར་གྱི་ལོ་རྒྱུས་ལྡན་ལ། ཉམས་གསོ་ཞིབ་ཚགས་དང་གོ་རིམ་སྒྲིག་ནས་དོན་སྙིང་ལྡན་པའི་དེང་རབས་སྒྱུ་རྩལ་ཐོན་རྫས་སུ་གྱུར་ཡོད། ཁོ་ལོམ་པི་ཡའི་འཛུགས་སྐྲུན་པ་དང་སངས་རྒྱས་ཆོས་ལུགས་དད་པ་བྱེད་མཁན་José Sanintཡིས་རྨི་ལམ་ལྟ་བུའི་འཕྲུལ་སྣང་གི་ཕན་ནུས་ལྡན་པའི་རི་མོ་ཞིག་ཇུས་འགོད་བྱས་ལ། ཁོས་སྒྱུ་རྩལ་ཐོན་རྫས་འདི་དག་ལ་༼ཧི་མ་ལ་ཡའི་བསླས་འཐག་རྨི་ལམ༽ཟེར། 

སྡེ་དགེ་སྨན་ཤོད་ཡུལ་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་རྟགས་རྫི་བོ་ཚང་གི་༼བོད་ཡུལ་གྱི་འཇའ་ཚོན༽ཞེས་པའི་སྣམ་བུའི་ཐོན་རྫས། 



རྫི་བོ་ཡིས་༼བོད་ཡུལ་གྱི་འཇའ་ཚོན༽ཞེས་པའི་ཐོན་རྫས་རབ་དང་རིམ་པའི་ནང་བདམས་ཐོན་བྱུང་བའི་རང་བྱུང་ཚོས་མདོག་རྒྱབ་པའི་སྣམ་བུ་ནི་གཞིས་ཀ་རྩེ་ས་ཁུལ་གྱི་བུད་མེད་ཚོའི་ལག་ཤེས་བཟོ་རྩལ་ལས་བྱུང་བ་ཞིག་ཡིན་ལ།འདི་ལྟ་བུའི་ཞིབ་འཇུག་རབ་དང་རིམ་པ་གསར་སྤེལ་བྱེད་རྒྱུ་ནི་གནའ་བོའི་བོད་མི་རིགས་ཀྱི་བསླས་འཐག་ལ་ཚོས་མདོག་རྒྱག་པའི་ལག་རྩལ་དེ་བས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད་ཡིན་པ་མ་ཟད་འཇའ་ཚོན་ལྟར་མཛེས་སྡུག་ལྡན་པའི་སྣམ་བུ་སླར་ཡང་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པར་བཀྲམས་ཆེད་ཡིན། 



རྫི་བོ་ཡིས་ཐོན་རྫས་ངོ་སྤྲོད་རབ་དང་རིམ་པ་ནང་འདི་ལྟར་བྲིས་ཡོད། ལག་ཤེས་བསླས་འཐག་ལ་བརྟེན་ནས་རང་བྱུང་ཚོས་མདོག་རྒྱག་པའི་སྣམ་བུ་བཟོ་བ་དང་། བོད་བཟོའི་པང་གདན་ནི་བོད་ཀྱི་བུད་མེད་ཀྱི་སྐེད་པར་བཅིངས་པའི་འཇའ་ཚོན་ཞིག་ཡིན་ལ། དེ་དག་གིས་མི་རབས་ནས་མི་རབས་བར་དུ་བོད་རིགས་བུད་མེད་ཀྱི་དཀའ་སྤྱད་ངལ་རྩོལ་འབྲས་བུ་ཟིན་ཐོར་བཀོད་ཡོད། རྫི་བོ་ཡིས་༼བོད་ཡུལ་གྱི་འཇའ་ཚོན༽གྱི་ཐོལ་ཤེས་ཀྱང་འདི་ནས་བྱུང་བ་རེད། 



རྒྱུན་ཆད་ལ་ཉེ་བའི་སྣམ་བུ། 

ལོ་རྒྱུས་དེབ་ཐེར་ནང་དུ་བཀོད་པ་ལྟར་ན་སྐབས་དེེར་བོད་ཡུལ་གྱི་བུད་མེད་མང་པོས་ལོ་གཅིག་ནང་གི་དུས་ཚོད་མང་ཆེ་བ་བསླས་འཐག་གི་ཐོག་སྤྱོད་བཞིན་ཡོད་ལ། དེའི་ཐོག་ནས་ཀྱང་སྣམ་བུའི་བོད་ཡུལ་གྱི་རྒྱུན་ལྡན་འཚོ་བའི་ཁྲོད་ནས་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་ཤེས་ཐུབ། འོན་ཀྱང་བཟོ་ལས་གོན་པ་དང་མྱུར་ཚོང་བྱེད་པའི་དུས་རབས་སུ་སླེབས་པ་དེས་བོད་ཡུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་རྡུང་རྡེགས་ཚབས་ཆེན་བཟོ་བཞིན་ཡོད། སྣམ་བུའི་གནའ་བོའི་བསླས་འཐག་སྒྱུ་རྩལ་དང་དེ་བཞིན་དེའི་རང་བྱུང་ཁོར་ཡུག་སྲུང་སྐྱོང་གི་ཚོས་མདོག་རྒྱག་སྟངས་ད་ལྟའི་ཆར་རྒྱུན་ཆད་ལ་ཉེ། 



སྣམ་བུ་བསླས་འཐག་ལ་སྲུང་སྐྱོང་བྱ་རྒྱུ་ནི་སྲོལ་རྒྱུན་རིག་གནས་ཉམས་གསོ་དང་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་ཆེད་ཡིན་ལ།

མེས་པོའི་དྲན་ཤེས་ཉར་ཚགས་བྱེད་སྟངས་ཤིག་ཀྱང་ཡིན།

མེས་པོའི་འོད་མདངས་བཀྲ་བའི་རིག་གནས་ཤུལ་བཞག་ལ་དྲན་གསོ་ཞུ་སྟངས་ཤིག་ཀྱང་ཡིན། 

སྔོན་ཆད་བོད་ཡུལ་གྱི་བུད་མེད་ཀྱི་སྐེད་པར་ལོ་ངོ་ཆིག་སྟོང་ལྷག་གི་རིང་དུ་བཅིངས་པའི་བོད་ཡུལ་གྱི་འཇའ་ཚོནདེ་སྔ་མོ་ནས་བོད་ཡུལ་དུ་ཡོད་པའི་བུད་མེད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ནས་དངོས་པོ་གཞན་གྱི་ཚབ་བྱེད་ཐབས་བྲལ།




点击图片进入小程序了解



托岗高原黑青稞饼

点击图片可进入小程序了解


往期文章

可点击图片阅读

རྨི་ལམ་ལག་བྲིས་མ།| སྒྱུ་རྩལ་པ་འབྲིང་བ་བཀྲ་ཤིས་དོན་གྲུབ།

背着相机的牧人 ▎摄影师贡布才让

པར་ཆས་འཁུར་བའི་འབྲོག་པ། ▎པར་བ་མགོན་པོ་ཚེ་རིང་།

སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
雪怪从不丹走来。

བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།

གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།

从未见过的藏地民间收藏 ▎收废品到博物馆开创者



བོད་སྐད་ཀྱི་ཐད་སྦྲེལ། CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace





您可能也对以下帖子感兴趣

文章有问题?点此查看未经处理的缓存