查看原文
其他

བོད་ཀྱི་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་“ཨེར་མེ་སི།” བོད་ཡུལ་གྱི་སྒམ།

迦入 CHARU 2022-09-30


汉语版
点击图片阅读

西藏的箱子 ▎藏传手工中的“爱马仕”

 翻译:普桑加
编辑:普桑加
校对:刘时



བོད་ཡུལ་གྱི་སྒམ། 

ཚང་མས་ཤེས་གསལ་ལྟར་བོད་ཡུལ་དུ་ཁྱིམ་ཆས་བཟོ་སྐྲུན་ས་ཁུལ་གཞན་དག་ལ་ངེས་པར་དུ་མཁོ་བའི་ནགས་ཚལ་སྟུག་པོ་མེད་ལ། འོན་ཀྱང་བོད་ཡུལ་དུ་སྲོལ་རྒྱུན་ཕུན་སུམ་ཚོགས་ལ་མཛེས་སྡུག་རྨད་དུ་བྱུང་བའི་ལག་བཟོས་ཁྱིམ་ཆས་བཟོ་རྩལ་སྣ་འཛོམས་ཞིག་ཡོད། ༼བཀའ་ཐང་སྡེ་ལྔ༽་དང་༼རྒྱལ་རབས་གསལ་བའི་མེ་ལོང་།༽ ༼གེ་སར་རྒྱལ་པོའི་སྒྲུང་༽སོགས་ལོ་རྒྱུས་དེབ་ཐེར་དག་གི་ནང་དུ་འཁོད་པ་ལྟར་ན། སྤྱི་ལོའི་དུས་རབས་བདུན་པའི་བོད་བཙན་པོའི་རྒྱལ་རབས་སྐབས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་རྣམ་གཉིས་བཞེངས་དུས་སུ་ཤིང་བཟོ་བསྡུ་བསྐུལ་བྱས་ནས་དགོན་པའི་ཁྱིམ་ཆས་སོགས་བཟོས་པའི་ཟིན་ཐོ་བཀོད་འདུག། 

གནའ་བོའི་དུས་སུ་ལག་བཟོས་སྒམ་དང་མཆོད་སྒྲོམ། སྒྲོག་ཙེ། ཆ་སྒམ་ལ་སོགས་པ་དགོན་སྡེ་དང་སྒེར་གྱི་སྡོད་ཁང་ནང་ནས་རྙེད་ཐུབ་ལ། དེ་དག་ནི་བོད་ཡུལ་གྱི་སྲོལ་རྒྱུན་འཚོ་བའི་ཁྲོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་སྤྱོད་སྒོ་སྣ་ཚོགས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཞིང་། མཛེས་སྡུག་ལྡན་པའི་ཁ་མདོག་དང་བཀྲ་ཤིས་པའི་གཅན་གཟན་དང་རི་དྭགས་སོགས་མཚོན་རྟགས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཡོད།



བོད་ཡུལ། ༡༩༣༦ལོ་ནས་༡༩༣༧ལོའི་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་ཁྱིམ། 

དེ་དག་ལ་མཚོན་དོན་དང་མཛེས་སྣང་སྣ་འཛོམས་ཞིག་ཡོད་པ་དེའི་ཐོག་ནས་ཀྱང་དུས་རབས་༡༦པ་ནས་༡༩པའི་བར་གྱི་བོད་ཡུལ་གྱི་ལག་ཤེས་བཟོ་རྩལ་གྱི་ཤིང་བརྐོས། ཀོ་བ་དང་ལྕགས་རིགས་རྡུང་བཟོའི་ལག་རྩལ་རྩེར་སོན་ཡོད་པ་ཤེས་ཐུབ། དེ་དག་གི་ཆེ་ཆུང་གཏན་འཁེལ་བྱེད་རྒྱུ་དང་སྐྱེལ་འདྲེན་བྱེད་དཀའ་བ། ལག་བཟོས་བོད་བཟོའི་ཁྱིམ་ཆས་དག་གནའ་བོའི་དུས་སུ་རི་བོ་ཧི་མ་ལ་ཡ་བརྒལ་བའི་འགྲུལ་བཞུད་ལས་ཐར་ཐུབ་པའི་རྐྱེན་གྱིས་ནུབ་ཕྱོགས་པ་དང་འཛམ་གླིང་གིས་ཤེས་པ་ཧ་ཅང་ཉུང་ཉུང་རེད། 


༡༩༣༠ལོའི་མདོ་ཁམས། ནོར་གནག་རྒྱབ་ཀྱི་བོད་བཟོའི་ཀོ་སྒམ། ArnoldHeim

བོད་བཟོའི་ཁྱིམ་ཆས་ནི་༡༩༩༠ལོར་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཐེངས་དང་པོ་ཐོན་པ་དང་དེ་དག་མང་ཆེ་བ་ནི་དགོན་པ་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ནས་བྱུང་བ་ཞིག་ཡིན་ལ། ད་དུང་མང་ཆེ་བ་ཞིག་ནི་བོད་མིའི་ལག་ནས་བསྡུ་རུབ་བྱས་པ་ཞིག་རེད། 

སྔ་དུས་བོད་ཡུལ་དུ་ཡོང་བའི་ཡུལ་སྐོར་བ་ཚོས་བོད་སྒམ་མཐོང་མྱོང་མཁན་ཧ་ཅང་ཉུང་ཉུང་ཡིན་པས་ཡ་མཚར་དགོས་པ་ཞིག་མ་ཡིན་པར་དགོན་པའི་ཆེད་དུ་འགྲེམ་སྟོན་བྱས་ན་མ་གཏོགས། སྒམ་འདི་དག་རྗེས་སུ་ད་གཟོད་མི་རྣམས་ཀྱིས་ལྟ་བ་དང་ཐ་ན་ཉར་ཚགས་བྱེད་མཁན་ཡང་ཡོད་ལ། འཕོ་འགྱུར་འདི་དག་སྒམ་གྱི་སྤྱོད་སྒོ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། 


དུས་རབས་༡༦པར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༡༣༤x༦༤x༤༤

བོད་ཡུལ་གྱི་སྒམ་གྱི་སྤྱོད་སྒོ།

༡༢༤༤ལོར་སོག་པོའི་རྒྱལ་པོ་གོ་དན་དང་ཁོང་གི་བླ་མ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གཉིས་བར་ལ་ཡོན་མཆོད་ཀྱི་འབྲེལ་བ་ཆགས། འབྲེལ་བ་དེ་རིགས་ཀྱི་ཁྱད་ཆོས་ནི་ས་སྐྱ་པཎྚི་ཏས་བོད་མི་རིགས་ཀྱི་བདེ་འཇགས་དང་ཆོས་ལུགས་ཁག་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་མཁན་གྱི་བློན་འབངས་རྣམས་ལ་བསམ་པའི་ཐོག་ནས་མཛུབ་ཁྲིད་བྱས་པ་དང་རྒྱལ་པོ་གོ་དན་གྱིས་ས་སྐྱ་པཎྚི་ཏར་གོང་བཀུར་ཞུས་པ་མ་ཟད་དེར་སྲུང་སྐྱོང་ཡང་བྱས། སོག་པོ་དང་རྒྱ་ཡུལ་གྱི་དབང་སྒྱུར་པ་ཚང་མས་བོད་དང་འབྲེལ་བ་ཡོད་པ་འདིའི་རིགས་རྒྱུན་མཐུད་བྱས་མྱོང་། 

ཕྱི་རོལ་ནས་ཡོང་བའི་འཇིག་རྟེན་པའི་འགེབས་སྲུང་འདིའི་རིགས་ཡོད་པའི་དབང་གིས་རིན་པོ་ཆེ་འབོར་ཆེན་རྒྱ་ཡུལ་ནས་སོག་པོ་དང་བོད་ཡུལ་གྱི་དགོན་པ་མང་པོ་ཞིག་གི་ནང་དུ་འབྱོར། སྒམ་གྱི་སྤྱོད་སྒོ་གཅིག་ནི་རིན་པོ་ཆེ་འདི་དག་གསོག་ཉར་བྱེད་རྒྱུ་དེ་ཡིན། འབུལ་རྟེན་གྱི་དངོས་པོ་རྩ་ཆེན་དཔེར་ན་རྒྱ་ཡུལ་ནས་ཐོན་པའི་གོས་ཆེན་དར་གོས་ལྟ་བུ། དེ་དག་གི་དམག་གུར་དང་འཕྲེད་འགེལ་རི་མོ། སྒེའུ་ཡོལ། འཆམ་འཁྲབ་མཁན་གྱི་གྱོན་ཆས་བཅས་བཟོ་བྱེད་དུ་སྤྱད་ཆོག་ལ། ཡང་ན་སྟབས་བདེའི་སྒོ་ནས་ཉར་ཚགས་བྱས་ཏེ་དགོས་མཁོ་བྱུང་བའི་སྐབས་སུ་གཞི་ནས་བེད་སྤྱོད་བྱས་ཆོག། 

མཛེས་སྡུག་ལྡན་པའི་བོད་ཡུལ་གྱི་སྒམ་ལ་རོལ་མྱོང་བྱེད་པ། 


དུས་རབས་༡༥བར་ཤིང་ཆ་དང་རས་ཆ། གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༢༩.༢༡x༢༥.༤x༡༤.༩


དུས་རབས་༡༥ནས་༡༦བར་ཤིང་ཆ་དང་གཏེར་ཚོན་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༨༡.༩༢x༦༠.༣x༢༤.༨༡

དུས་རབས་༡༥བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༡༤༩.༨༦x༧༣.༦༦x༤༨.༩

དུས་རབས་༡༥བར་ཤིང་ཆ་དང་རས་ཆ། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༨༤x༤༦x༣༧

དུས་རབས་༡༦བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 


དུས་རབས་༡༦ནས་༡༧བར་ཤིང་ཆ་དང་ཀོ་ཆས། གཏེར་ཚོན། ལྕགས་རིགས་ལྷུ་ལག་སོགས་ཀྱི་བཟོས་པའི་སྒམ། 

དུས་རབས་༡༧བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༡༠༡x༥༣x༤༡

དུས་རབས་༡༧ནས་༡༨བར་ཤིང་ཆ་དང་གཏེར་ཚོན། རྡོ་ཐལ། ལྕགས་རིགས་སོགས་ཀྱི་བཟོས་པའི་སྒམ། 

དུས་རབས་༡༨ནས་༡༩བར་ཤིང་ཆ་དང་གཏེར་ཚོན་སོགས་ཀྱི་བཟོས་པའི་སྒམ། 

དུས་རབས་༡༧ནས་༡༨བར་ཤིང་ཆ་དང་གཏེར་ཚོན། རྡོ་ཐལ། ལྕགས་རིགས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༩༦x༤༥x༣༣

དུས་རབས་༡༧ནས་༡༨བར་ཤིང་ཆ་དང་གཏེར་ཚོན། རྡོ་ཐལ། ལྕགས་རིགས་སོགས་ཀྱི་བཟོས་པའི་སྒམ།

དུས་རབས་༡༧བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས། གསེར་ཆུ་སོགས་བྱུག་ནས་མེ་ཏོག་གིས་བརྒྱན་པའི་ཤིང་སྒམ། 


དུས་རབས་༡༧ནས་༡༨བར་ཤིང་ཆ་དང་གཏེར་ཚོན། རྡོ་ཐལ། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༡༡༨.༧༥x༥༩.༦༩x༣༨.༡

དུས་རབས་༡༧ནས་༡༨བར་རས་ཆ་དང་ཤིང་ཆ། རྡོ་ཐལ། ལྕགས་རིགས། གསེར་ཆུ་སོགས་བྱུག་ནས་བཟོས་པའི་སྒམ། 

དུས་རབས་༡༩བར་ཤིང་ཆ་དང་རི་མོ། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༡༠༢་x༧༠x༣༦

དུས་རབས་༡༩ནས་༢༠བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས། སྟག་རིས་སོགས་ཀྱི་བརྒྱན་པའི་སྒམ།
ལི་སྨི། ༡༣༧x༩༡x༥༠

དུས་རབས་༡༩ནས་༢༠བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༤༨x༨༩x༤༤

དུས་རབས༢༠བར་རས་ཆ་དང་ཤིང་ཆ། རྡོ་ཐལ། ལྕགས་རིགས་ཐོན་རྫས། གསེར་ཆུ་སོགས་བྱུག་ནས་བཟོས་པའི་སྒམ།
ལི་སྨི། ༧༦x༤༣x༣༥

བཀག་སྡོམ་ཉར་ཚགས་བྱས་པའི་བོད་ཡུལ་གྱི་སྒམ། 

གཞན་ཡང་དམིགས་བསལ་གྱི་ལོ་རེར་ཆོས་ལུགས་ཀྱི་མཛད་སྒོ་ཐེངས་རེ་སྤེལ་སྐབས་དངོས་པོ་མང་པོ་བེད་སྤྱོད་བྱེད་དགོས་པ་དང་ལོ་དེའི་དུས་ཚོད་ནང་ལྷག་པའི་དངོས་པོ་དག་སྒམ་གྱི་ནང་དུ་ཉར་ཚགས་བྱེད་སྲིད། སྒམ་དེ་དག་སྤྱིར་ན་དགོན་པའི་ཉར་ཚགས་ཁང་དུ་ཉར་ཚགས་བྱེད་པའམ་ཡང་ན་དགོན་པའི་གྲྭ་ཤག་ཡིན་ཚེ་ཕྱག་མཛོད་ཀྱི་ཉར་ཚགས་ཀྱི་འགན་འཁུར་བཞིན་ཡོད། 

ཕྱག་མཛོད་ཀྱི་ལས་གནས་དུས་ཚོད་ནི་ལོ་གཅིག་ནས་གསུམ་བར་ཡིན་ལ། ཁོང་གིས་སྒམ་རེ་རེའི་ནང་ཉར་ཚགས་བྱས་ཡོད་པའི་དངོས་པོའི་རྩིས་ཐོ་ལས་གནས་མུ་འཛིན་བྱེད་མཁན་ལ་སྤྲོད་དགོས་པ་དང་འབྲེལ་དགོན་པའི་མིང་བཀོད་ཡོད་པའི་ཐམ་ག་ཡང་རྒྱག་དགོས། མི་རྣམས་ཀྱིས་སྒམ་ཞིག་གི་ཁ་གཅོད་རྒྱབ་ཡོད་པར་སྐྱོན་ཅི་ཡང་མེད་པ་ཤེས་པའི་སྐབས་སུ། འདི་ལྟར་ཁ་གཅོད་རྒྱབ་ཡོད་པ་བརྒྱུད་ནས་སྒམ་འདིའི་འབྱུང་ཁུངས་གཏན་འཁེལ་བྱེད་ཐུབ། 


དུས་རབས་༡༧བར་ཀོ་བ་དང་གཏེར་ཚོན། རྡུང་བཟོའི་བཟོ་རྩལ་སོགས་ཀྱི་བཟོས་པའི་སྒམ། 

བོད་ཡུལ་གྱི་སྒམ་གྱི་རྒྱུ་ཆ་དང་རྒྱན་རིས། 

བོད་ཀྱི་ཁྱིམ་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་མང་ཆེ་བ་ནི་སྟར་ཤིང་དང་གསོམ་ཤིང་། ཉིང་ཁྲིའི་གསོམ་རིང་། ཧི་མ་ལ་ཡའི་གསོམ་དམར་སོགས་མཉེན་ཤིང་གིས་བཟོས་པ་མང་ཙམ་བེད་སྤྱོད་བྱེད་ལ། བོད་ཡུལ་གྱི་སྒམ་ཁ་ཤས་ལ་སྟབས་བདེའི་བརྐོས་རིས་ཡོད་པ་དང་ས་མཐོའི་ཤིང་དཀོན་པའམ་ཤིང་སྲ་མོ་བདམས་སྤྱོད་བྱས་ནས་བཟོ་བཞིན་ཡོད་ནའང་ཧ་ཅང་མཐོང་བར་དཀའ།

བོད་ཡུལ་གྱི་ས་མཐོའི་བཞའ་ཚན་ཆེ་བའི་ཁྱད་ཆོས་དང་འབུའི་གནོད་འཚེ་མང་བའི་རྐྱེན་གྱིས་ཤིང་ཆར་གནོད་འཚེ་ཚབས་ཆེན་ཕོག་ནས་ཁྱིམ་ཆས་ཁ་ཤས་ཡུན་རིང་ཉར་ཚགས་བྱེད་མི་ཐུབ་ཀྱང་སྒྲོན་དྲེག་གིས་དེར་སྲུང་སྐྱོང་བྱེད་ཐུབ་པའི་ནུས་པ་ཞིག་ཆགས་ཡོད། 

རྒྱན་སྤྲས་བྱེད་ཐབས་ཐད་ལ་ཐུན་མོང་མ་ཡིན་པ་དང་སྣ་མང་ཕུན་སུམ་ཚོགས་པ་ལྡན་ལ། སྤྱིའི་ཆ་ནས་འདི་དག་འདུས་ཡོད། ཚོན་རིས་འབྲི་བ་དང་མུ་ཏིག་དང་ནོར་བུའི་ཕྲ་རྒྱན་རྒྱག་པ། (གཡུ། བྱུ་རུ། བཻཌཱུརྱ་ལྗང་སེར།) མཐའ་རུ་ལྕགས་རྩེ་འཛེར་མ་དང་ཤིང་ཚོགས། བརྐོས་རིས། གཅན་གཟན་གྱི་པགས་པའི་ཕྲ་རྒྱན་སོགས་ཀྱི་བརྒྱན།

རྒྱུ་ཆ་སྣ་ཚོགས་ཀྱི་བཟོས་པའི་བོད་ཡུལ་གྱི་སྒམ།


དུས་རབས་༡༥ནས་༡༦བར་གྱི་ཤིང་ཆ་དང་ཀོ་བ། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༢༣.༥x༡༣.༣༤x༡༠.༡༦


དུས་རབས་༡༧བར་ཀོ་བ་དང་ཤིང་ཆ། གསེར་འགྱུར་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༥༦.༥༢x༤༠.༦༤x༢༥.༤༤



དུས་རབས་༡༧བར་ཀོ་བ་དང་གཏེར་ཚོན། གསེར་ཆུ་སོགས་བྱུག་ནས་བཟོས་པའི་སྒམ། 
ལི་སྨི། ༡༥.༢x༨.༨༩x༡༢.༧


དུས་རབས་༡༦ནས་༡༧བར་ཤིང་ཆ་དང་ཀོ་བ། ཚོན་རིས། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༨༢x༦༠x༢༦


དུས་རབས་༡༧ནས་༡༩བར་ཀོ་བ་དང་ཤིང་ཆ། སྟག་ལྤགས། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༡༠༢.༨༧x༦༠.༩༦x༣༨.༡



དུས་རབས་༡༧ནས་༡༨བར་ཤིང་ཆ་དང་ཀོ་བ། རས་ཆ། གཏེར་ཚོན། ལྕགས་རིགས་ཐོན་རྫས། གསེར་ཆུ་སོགས་བྱུག་ནས་བཟོས་པའི་སྒམ། 
ལི་སྨི། ༣༦.༨༧x༡༧.༧༨x༡༩.༧


དུས་རབས་༢༠པར་འཁྲི་ཤིང་གི་བཟོས་པའི་སྒམ། 


བོད་ཡུལ་གྱི་སྒམ་གྱི་སྟེང་གི་ཚོན་རིས། 

དུས་རབས་༡༧པ་ནི་བོད་ཀྱི་ཁྱིམ་ཆས་ཚོན་རིས་ཀྱིས་བརྒྱན་པའི་རྩེར་སོན་དུས་སྐབས་ཞིག་ཡིན་ལ། སྐབས་དེ་དུས་ནས་བཟུང་སྒམ་བཟོ་བར་བོད་ཡུལ་གྱི་ས་ཆ་སོ་སོ་དང་བལ་པོ། རྒྱ་ཡུལ་ནས་ཡོང་བའི་ལག་ཤེས་པ་གླས་ཡོད། བོད་ཡུལ་གྱི་སྒམ་གྱི་བཟོ་དབྱིབས་ནི་གནའ་ཉམས་དོད་པ་དང་མཛེས་སྡུག་ལྡན་པའི་ཚོན་རིས་ལ་ལྕགས་རིགས་ཀྱི་རྒྱན་ཆ་སྒྲིག་སྦྱོར་བྱས་པས་དེར་མཐོ་སྒང་གི་ས་ཆ་འདིར་དམིགས་བསལ་དུ་ཡོད་པའི་མཛེས་དཔྱོད་ཀྱི་ལྟ་བ་ཞིག་མངོན་ཡོད། 

བོད་སྒམ་སྟེང་གི་ཚོན་རིས་ཐད་ཀར་དུ་ཤིང་ལེབ་སྟེང་དུ་འབྲི་བའམ་ཡང་ན་ཤིང་ལེབ་སྟེང་དུ་སོ་མའི་གཡོགས་ནས་སོ་རས་སྟེང་དུ་འབྲི་བ། ཡང་ན་སོ་རས་སྟེང་དུ་ཚིལ་འདམ་རིམ་པ་ཞིག་གི་བྱུགས་ནས་སྣུམ་ཚོན་ལྷུང་བར་སྔོན་འགོག་བྱེད་དགོས། 


ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 

བོད་སྒམ་གྱི་ཕྱི་ངོས་སུ་རི་ཆུ་དང་རི་དྭགས། ཁྱུང་འབྲུག། བཀྲ་ཤིས་རྟགས་བརྒྱད། མི་སྣའི་རྣམ་པ། མཆོད་རྟེན་སོགས་བྲིས་ཡོད་ལ། ཕྱོགས་བཞིར་རི་མོ་དང་དར་གོས་འཐག་པ། སྨྱུག་ཚིགས་སོགས་ཀྱི་རི་མོས་བརྒྱན་ནས་ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་གཞི་རྒྱུ་མཉམ་གཅིག་དུ་འདྲེས་ཡོད། རི་མོའི་རྒྱན་ཆ་ནི་གཏེར་རྫས་དང་རྩི་ཤིང་ཞིབ་འཇུག་དང་གསར་བཟོ་བྱས་པ་ལས་གྲུབ་པའི་རང་བྱུང་ཚོན་རྩི་བྱུགས་ནས་བྲིས་པ་ཡིན། ལོ་བརྒྱའི་ཉམས་སད་བརྒྱུད་ནས་ཐལ་རྡུལ་དུ་སོང་རུང་དེའི་ཁ་དོག་སྔར་བཞིན་ཐོག་མ་དང་འདྲ། 

བོད་ཡུལ་གྱི་སྒམ་གྱི་སྟེང་གི་ཚོན་རིས་སྲོག་ཆགས། 


བོད་ཡུལ་གྱི་སྒམ་གྱི་སྟེང་གི་ཚོན་རིས་རྣམ་པ། 



དུས་རབས་༡༩པའི་གཏེར་ཚོན་དང་ཚོན་རིས་བྱུག་པའི་ཤིང་སྒམ། 


སྒམ་ཐོག་གི་རྒྱན་སྤྲས་ལས་དེ་ནི་ཆོས་ལུགས་རང་བཞིན་གྱི་དངོས་པོ་གལ་ཆེན་གསོག་ཉར་བྱེད་སྤྱད་ཡིན་པ་མཚོན་ལ། སྒམ་ཡང་དགོན་པར་འབུལ་བའི་འབུལ་རྟེན་དུ་བརྩིས་པ་དེ་ནི་མི་རྣམས་ཀྱིས་དགོན་པར་འབུལ་རྟེན་ཕུལ་བའི་ཐང་ག་དང་ཡང་ན་འཇིམ་སྐུ་དང་འདྲ། སོག་པོ་དང་ཆིང་རྒྱལ་རབས་ཀྱི་དཔོན་པོ་ཚོས་དུས་མཚུངས་སུ་རྒྱུན་ཆད་མེད་པར་འབུལ་རྟེན་སོགས་བསྐྱལ་ཡོང་ནས་རྒྱ་ཡུལ་གྱི་དར་གོས་དེ་སྒམ་ཇུས་འགོད་ཀྱི་ཚོར་སྣང་འབྱུང་ཁུངས་གཙོ་བོར་གྱུར། 

མཆོད་རྟེན་གྱི་ཚོན་རིས་ཡོད་པའི་དུས་རབས་༡༦པའི་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༡༢༣x༣༩x༦༧

བོད་ཡུལ་གྱི་སྒམ་གྱི་བཟོ་དབྱིབས།

སྒམ་གྱི་སྒྲིག་གཞིའི་ཁྱད་ཆོས་ལ་སྤྱིར་བཏང་དུ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་གྲུ་བཞི་ནར་མོ་ཡིན་ལ། ཤིང་ལེབ་མཐུག་པོ་དང་ཅུང་ཟད་ཀོང་ཀོང་གི་དཀྱིལ་ངོས་ཀྱིས་གྲུབ་པའི་ཞེང་ཆེ་ལ་ཁོད་སྙོམས་པའི་སྒྲོམ་གཞི་ཅན་ཞིག་ཡིན། ཇུས་འགོད་འདིའི་གཞི་རྒྱུ་གལ་ཆེན་ནི་སྒྲོམ་གཞིའི་མ་དཔེ་ཆུ་ངོས་སྙོམས་ཚད་ལས་ཅུང་དམའ་བའི་ཤིང་ལེབ་ལས་གཞན་ནུས་པ་ལྡན་པའི་སྒོ་ནས་སྒམ་གྱི་རྐང་བ་བཞི་གྲུབ་པ་དེ་ཡིན།

རིགས་གཞན་ཞིག་ནི་སྐས་དབྱིབས་ཡིན་ལ། རྩེ་མོ་རིམ་བཞིན་ཕྲ་མོར་འགྱུར་བའི་གྲུ་བཞི་ནར་དབྱིབས་ཀྱི་ཞབས་སྟེགས་ཤིག་ཡོད་པ་དང་དཔྱང་བའི་རླུང་གཡབ་དབྱིབས་ཀྱི་ཁ་ལེབ་ཅིག་ཡོད། མཁས་པ་ལ་ལས་དབྱིབས་འདིིའི་རིགས་ཀྱི་མ་དཔེ་ནི་ཀྲུང་གོའི་སྔ་དུས་ཀྱི་ཀོ་བའི་སྒམ་གྱི་ཁྲོད་ནས་རྙེད་ཐུབ་པ་དང་ཕལ་ཆེར་ཡོན་རྒྱལ་རབས་དུས་ནས་དར་བར་འདོད།

དབྱིབས་མི་འདྲ་བའི་བོད་ཡུལ་གྱི་སྒམ།

དུས་རབས་༡༦པའི་ཤིང་ཆ་དང་ཀོ་བ། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 

ལི་སྨི། ༤༠.༦༤x༣༠.༤༨x༡༣.༠༢


དུས་རབས་༡༦ནས་༡༧བར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ། 
ལི་སྨི། ༡༠༠x༦༢.༨༧x༤༤.༤༥

དུས་རབས་༡༧ནས་༡༨བར་ཤིང་ཆ་དང་ཀོ་བ། ལྕགས་རིགས་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༣༨x༣༥.༥༦

དུས་རབས་༡༧པར་ཤིང་ཆ་དང་རས་ཆ། གཏེར་ཚོན། ལྕགས་རིགས་ཐོན་རྫས། གསེར་ཆུ་སོགས་བྱུག་ནས་བཟོས་པའི་སྒམ།
ལི་སྨི། ༢༢.༢༣x༧.༦x༡༢.༧



བོད་ཡུལ་གྱི་སྒམ་ནི་ཕལ་ཆེར་དུས་རབས་བཅུ་དྲུག་པ་ནས་ཐོན་པ་ཞིག་ཡིན་ལ་བོད་ཡུལ་གྱི་ཁྱིམ་ཆས་ནང་ཅུང་སྔ་ཙམ་ཐོན་པའི་ཁྱིམ་ཆས་ཡིན་པ་དང་ཕྱིས་སུ་བོད་ཡུལ་གྱི་ཆ་སྒམ་གྱིས་སྒམ་གྱི་ཚབ་བྱས། དུས་རབས་བཅུ་བདུན་པའི་དུས་མཇུག་ནས་དུས་རབས་བཅུ་དགུ་པའི་བར་ལ་རྩེ་ཕུད་དུས་སྐབསཞེས་འབོད། དེ་ནི་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་དམ་ཟབ་ཡོད། སོག་པོའི་རྒྱབ་སྐྱོར་འོག་ཏཱ་ལའི་སྐུ་ཕྲེང་ལྔ་པར་སྐབས་དེར་དབང་སྒྱུར་གོ་གནས་ཐོབ་པ་དང་། དགེ་ལུགས་པའི་ཕྱོགས་ཁག་གིས་ས་ཁུལ་སོ་སོའི་གྲུབ་མཐའི་ཕྱོགས་རིས་ཀྱི་འགལ་བ་མེད་པར་བཟོས་ནས་གཏན་འཇགས་མངོན་འགྱུར་བྱུང་། 

སྐབས་དེ་དུས་དར་རྒྱས་ཆེ་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག་བོད་ཡུལ་གྱི་ས་གནས་ཁག་དང་བལ་པོ། རྒྱ་ཡུལ་སོགས་ནས་ཡོང་བའི་ལག་ཤེས་པའི་ཡིད་དབང་བཀུག་ལ། སྣ་མང་ཅན་གྱི་རིག་གནས་སྤེལ་རེས་དེ་བོད་སྒམ་གྱི་བཟོ་རྩལ་ཐོག་ནས་མངོན་ཡོད། མི་རིགས་མི་འདྲ་བའི་རིག་གནས་དེ་ཁྱིམ་ཆས་བཟོ་རྩལ་གྱི་རིག་པ་ཐོལ་སྐྱེས་ཀྱི་འབྱུང་ཁུངས་སུ་གྱུར་པ་དེའང་བོད་སྒམ་གྱི་ཐོག་ནས་རྒྱ་ཡུལ་གྱི་གཞི་རྒྱུ་མང་པོ་མཐོང་ཐུབ་པ་དཔེར་ན་རྒྱ་རིགས་ཀྱི་ལྡིང་ཁང་དང་ལྷ་བྱ་ཁྲུང་ཁྲུང་དཀར་མོ་སོགས་ལྟ་བུ་ཡོད་དོ། 

དུས་རབས་༡༧པར་ཤིང་ཆ་དང་གཏེར་ཚོན། ལྕགས་རིགས་ཀྱི་ཐོན་རྫས་སོགས་ཀྱི་བཟོས་པའི་སྒམ།
ལི་སྨི། ༨༦.༣༦x༥༣.༣༤x༤༡.༩༡



བོད་ཡུལ་གྱི་ཁྱིམ་ཆས་དང་འབྲེལ་བའི་དཔེ་དེབ།


《Tibetan furniture in secular and religious life》
 David Kamansky
DATE DE PARUTION : 2004


དེབ་འདིའི་ནང་དུ་༢༠༠༤ལོའི་ཟླ་༡༡པར་ཁེ་ལེ་ཕོར་ནི་ཡའི་ཕཱ་སཱ་ཏུ་ནཱར་ཡོད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ཨེ་ཤེ་ཡའི་རྟེན་རྫས་བཤམས་མཛོད་ཁང་དུ་བོད་ཡུལ་གྱི་ཁྱིམ་ཆས་སྐོར་གྱི་འགྲེམས་སྟོན་བྱས་པ་བརྗོད་ཡོད། འགྲེམས་དངོས་༡༤༨ནང་དུ་བོད་ཡུལ་གྱི་ཁྱིམ་ཆས་ཇུས་འགོད་དང་རྒྱན་སྤྲས་ཀྱི་རྣམ་པ་སྣ་ཚོགས་ཀྱི་བརྩམས་ཆོས་གྲགས་ཅན་ཚུད་ཡོད་ལ། འགྲེམས་དངོས་འདི་དག་ནི་ཨ་རིའི་ནུབ་རྒྱུད་ཀྱི་ཐུན་མོང་དང་མི་སྒེར་གྱི་ཉར་ཚགས་འབོར་ཆེན་ལས་བྱུང་བ་དང་འགྲེམས་སྟོན་བྱས་པ་བརྒྱུད་མི་རྣམས་ཀྱིས་ཡུན་རིང་སྣང་མེད་དུ་བཞག་པའི་སྒྱུ་རྩལ་གྱི་རྣམ་པ་དེར་དོ་ཁུར་དང་སྲུང་སྐྱོང་། ཞིབ་འཇུག་སོགས་བྱེད་བཞིན་འདུག། འགྲེམས་སྟོན་ནི་ཇུས་འགོད་པ་དང་མཁས་པ། རྩོམ་པ་པོའི་ཐུན་ཚོགས་སོགས་ཐུན་མོང་གི་ལས་ཀ་བྱས་པའི་ཉིང་བཅུད་ཡིན། ཁྱིམ་ཆས་རེ་རེར་ཞིབ་ཕྲའི་རྣམ་པ་དང་ལོ་རབས། རིང་ཐུང་། རྒྱན་སྤྲས་དང་རྒྱུ་ཆའི་གསལ་བཤད་སོགས་ཡོད། བོད་ཡུལ་གྱི་ཁྱིམ་ཆས་ཀྱི་རྣམ་པ་དང་སྒྲིག་གཞི། མཛེས་བཟོའི་བྱེད་ཐབས་སོགས་ཕྱོགས་ཡོངས་ནས་ཆེད་ལས་ལྡན་པའི་སྒོ་མས་གྲོས་བསྡུར་བྱས་ཡོད།

《Tibetan Furniture》
BUCKLEY CHRIS
DATE DE PARUTION : 2005



འདི་ནི་བོད་ཡུལ་གྱི་ཁྱིམ་ཆས་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་དེབ་ཅིག་ཡིན་པ་དང་དེབ་འདིིའི་ནང་དུ་བོད་ཡུལ་གྱི་ཁྱིམ་ཆས་ཀྱི་བཟོ་དབྱིབས་དང་རྣམ་པ། སྤྱོད་སྒོ། གཙོ་བོའི་གྲུབ་ཆ་དང་མཛེས་རྒྱན། དེ་བཞིན་ཇུས་འགོད་མང་པོའི་ལོ་རྒྱུས་འགྲེལ་བཤད་བརྒྱབ་ཡོད། དཔེར་ན། བོད་ཡུལ་གྱི་ཁྱིམ་ཆས་ཀྱི་སྣ་ཁ་དང་རྒྱན་སྤྲས་ཀྱི་ཁྱབ་ཁོངས་གསལ་བཤད་བྱས་ཡོད་པ་དེའི་ནང་ཚོན་རིས་དང་བརྐོས་རིས་ཚུད་ཡོད། དུས་རབས་༡༦པ་ནས་བཟུང་རྒྱ་ཡུལ་གྱི་མཛེས་བཟོའི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཡང་བོད་ཡུལ་གྱི་ཚོན་རིས་མཛེས་བཟོའི་ཁྲོད་ཁྱབ་ཡོད། བོད་བཟོའི་ཁྱིམ་ཆས་ཐོག་གི་ཇུས་འགོད་དེ་ཨེ་ཤེ་ཡའི་ས་གནས་ཁག་གི་ཕུན་སུམ་ཚོགས་པའི་རིག་གནས་དར་སྤེལ་དང་ཉོ་ཚོང་སྤེལ་རེས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་ལ་མི་དམངས་དག་མཐུད་མཚམས་སྦྲེལ་བྱེད་ཀྱི་ཁུངས་གཏུགས་ས་ལྟ་བུར་གྱུར།


西藏贵族服饰卡包

点击图片进入小程序了解



独家原创设计藏式钥匙扣

点击图片可进入小程序了解



独家原创设计藏式印章

点击图片可进入小程序了解




往期文章

可点击图片阅读

ཕྱི་རྒྱལ་གྱི་སྒྱུ་རྩལ་པས་ཧི་མ་ལ་ཡའི་བསླས་འཐག་རྨི་ལམ།

རྨི་ལམ་ལག་བྲིས་མ།| སྒྱུ་རྩལ་པ་འབྲིང་བ་བཀྲ་ཤིས་དོན་གྲུབ།

背着相机的牧人 ▎摄影师贡布才让

པར་ཆས་འཁུར་བའི་འབྲོག་པ། ▎པར་བ་མགོན་པོ་ཚེ་རིང་།

སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
雪怪从不丹走来。

བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།

གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།

从未见过的藏地民间收藏 ▎收废品到博物馆开创者

བོད་སྐད་ཀྱི་ཐད་སྦྲེལ། CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace


您可能也对以下帖子感兴趣

文章有问题?点此查看未经处理的缓存